Search:
TermEnglish DefinitionTibetan Definition
fluorine (F) རྩ་རྫས་ཕུ་ལོ་རིན། chem. The chemical element of atomic number 9, a poisonous pale yellow gas of the halogen series. It is the most reactive of all the elements, causing very severe burns on contact with skin. རྡུལ་གྲངས་ ༩ ཡིན་པའི་རྩ་རྫས་ཏེ། ཧེ་ལོ་ཇན་བསྟར་རིམ་དུ་གཏོགས་པའི་དུག་ཅན་གྱི་རླངས་རྫས་སེར་སྐྱ་ཞིག འདི་ནི་རྫས་འགྱུར་འགྲོ་སྐྱེན་ཤོས་ཀྱི་རྩ་རྫས་དེ་ཡིན་ཞིང་། པགས་པར་ཐུག་ཚེ་འཚིག་སྐྱོན་ཚབས་ཆེན་སྐྲུན་པར་བྱེད།
fluorescing element འཚེར་རྫས། chem.
fluorescent microscopes ཐད་འཚེར་ཆེ་ཤེལ། ཐད་འཚེར་ཕྲ་མཐོང་ཆེ་ཤེལ། phys. A microscope that is equipped to examine material that fluoresces under ultraviolet (UV) light. སྨུག་ཕྱིའི་འོད་ཀྱི་འོག་ནས་ཐད་འཚེར་བྱེད་པའི་གཏེར་རྫས་ལ་བརྟག་དཔྱད་བྱེད་པའི་མཁོ་ཆས་དང་ལྡན་པའི་ཕྲ་མཐོང་ཆེ་ཤེལ།
fluorescent lamp ཐད་འཚེར་གློག་སྒྲོན། phys. A tubular electric discharge lamp in which light is produced by the fluorescence of phosphors coating the inside of the tube. སྦུ་གུའི་དབྱིབས་སུ་ཡོད་པའི་གློག་སྒྲོན་ཞིག་སྟེ། སྦུ་གུའི་ནང་ངོས་སུ་བྱུགས་པའི་འོད་ཀྱི་མ་མ་ཐད་འཚེར་བྱས་པ་ལ་བརྟེན་ནས་འོད་སྣང་སྦྱིན་པའི་གློག་སྒྲོན་ཞིག
fluorescence ཐད་འཚེར། phys. The property of certain substances to absorb radiation of one frequency and to re-emit radiation of lower frequency. It occurs when an atom is boosted up to an excited state and loses its energy in two or more downward jumps to a lower energy state. ཟློས་ཕྱོད་ཅིག་གི་འོད་ནུས་འཇིབ་རྗེས་ཟློས་ཕྱོད་དེ་ལས་དམའ་བའི་འོད་ནུས་འཕྲོ་གཏོང་བྱེད་པའི་དངོས་རྫས་ངེས་ཅན་གྱི་ཁྱད་ཆོས། རྡུལ་ཕྲན་ཞིག་ངར་སད་བྱུང་རྗེས་ནུས་པ་དམའ་བའི་རིམ་པར་མཆོངས་ཐེངས་འགའི་ནང་དུ་སླེབས་སྐབས་ཐད་འཚེར་འབྱུང་གི་ཡོད།
fluoresce འཚེར་བ། phys. Shine or glow brightly due to fluorescence. ཐད་འཚེར་ལ་བརྟེན་ནས་འོད་བཀྲག་མདངས་ཆེན་པོར་འཕྲོ་བའམ་འཚེར་བ།
fluid mosaic model གཤེར་དང་ཁྲ་བོ་འདྲ་པའི་དཔེ་ཚད། biol. A widely accepted account of the structure of the cell membrane, as consisting of a two-molecule layer of phospholipid with proteins embedded in it. The phospholipid layer has the physical properties of a fluid so that the proteins can move about relatively freely. ཡོངས་ཁྱབ་ཏུ་ངོས་ལེན་བྱེད་པའི་ཕྲ་ཕུང་གི་སྐྱི་མོའི་བཀོད་པའི་སྐོར་གྱི་འགྲེལ་བརྗོད་ཅིག་སྟེ། ཕྲ་ཕུང་གི་སྐྱི་མོ་ནི་འོད་མའི་ལི་ཚིལ་རིམ་པ་གཉིས་ལྡན་གྱི་ནང་དུ་སྤྲི་རྫས་འཛུད་དེ་གྲུབ་པ་ཞིག་ཡིན་ཞིང་། འོད་མའི་ལི་ཚིལ་གྱི་རིམ་པ་ལ་རྒྱུག་གཟུགས་ཤིག་གི་དངོས་པོའི་ཁྱད་ཆོས་ཡོད་པས་སྤྲི་རྫས་རྣམས་ལྟོས་བཅས་ཀྱི་རང་དབང་དུ་རྒྱུ་ཐུབ་པ་ཡིན།
fluid balance གཤེར་སྙོམས། biol.
fluid རྒྱུག་གཟུགས། phys. Anything that flows; in particular, any liquid or gas. རྒྱུ་ནས་འགྲོ་བའི་ཆོས་གང་ཡང་རུང་བ་ཞིག་སྟེ། བྱེ་བྲག་ཏུ་གཤེར་གཟུགས་སམ་རླངས་གཟུགས་ཅི་རིགས་པ་ཞིག།
fluent aphasia ཁ་བདེ་སྨྲ་འཆོལ། biol. A disorder of brain function in which articulation of speech and grammatical organization are preserved but comprehension and choice of words are defective. The condition is common after stroke. སྨྲ་བརྗོད་དང་བརྡ་སྤྲོད་ཀྱི་འགྲོ་ལུགས་ལ་གསལ་ཁ་འདོན་པའི་ནུས་པར་སྐྱོན་མེད་ཀྱང་གོ་རྟོགས་དང་ཚིག་འདེམས་ཀ་བྱེད་པའི་ནུས་པ་ལ་སྐྱོན་ཤོར་བའི་ཀླད་པའི་བྱེད་ལས་ཀྱི་འཁྲུག་སྐྱོན་ཞིག གྲིབ་ཕོག་པའི་རྗེས་སུ་གནས་སྟངས་འདི་འབྱུང་བ་མང་།
flow diagram རྒྱུན་རིམ་དཔེ་རིས། math. A schematic representation of a sequence of operations, as in a manufacturing process or computer program. བཟོ་སྐྲུན་གྱི་རྒྱུད་རིམ་མམ་གློག་ཀླད་ཀྱི་མཉེན་ཆས་ལྟ་བུའི་ནང་གི་བྱ་བ་སྒྲུབ་པའི་གོ་རིམ་རྣམས་འཆར་གཞི་ལྡན་པའི་མཚོན་དོན་དུ་བཀོད་པ་ཞིག
flow chart རྒྱུན་རིམ་ཐིག་རིས། A schematic representation of a sequence of operations, as in a manufacturing process or computer program. བཟོ་སྐྲུན་གྱི་རྒྱུད་རིམ་མམ་གློག་ཀླད་ཀྱི་མཉེན་ཆས་ལྟ་བུའི་ནང་གི་བྱ་བ་སྒྲུབ་པའི་གོ་རིམ་རྣམས་འཆར་གཞི་ལྡན་པའི་མཚོན་དོན་དུ་བཀོད་པ་ཞིག
flotation འཕྱོ་ལྡིང་། phys. See principle of flotation. འཕྱོ་ལྡིང་གི་རྩ་འཛིན་ལ་གཟིགས་རོགས།
Flora རྩི་ཤིང་གི་སྡེ། biol.
floor effect མ་མཐའི་ཤུགས་རྐྱེན། Research