Search:
TermEnglish DefinitionTibetan Definition
Tourette's syndrome ཊུ་རེཊ་རྟགས་འདུས། neurosci.
touch receptor རེག་ཚོར་སྣེ་ལེན་པ། neurosci.
touch perception རེག་པའི་འདུ་ཤེས། neurosci.
touch cell རེག་ཚོར་ཕྲ་ཕུང་། neurosci.
touch རེག་ཚོར། neurosci. The faculty of perception through physical contact, especially with the fingers. ལུས་པོའི་རེག་ཐུག་གམ་བྱེ་བྲག་ཏུ་མཛུབ་མོའི་རེག་ཐུག་ལ་བརྟེན་ནས་བྱུང་བའི་འདུ་ཤེས་ཀྱི་ནུས་པ་ལ་གོ
totipotent ཀུན་འགྱུར་ནུས་པ། biol. Describes a cell that is capable of giving rise to all of the cell types of an organism; the zygote is a totipotent cell སྐྱེ་དངོས་ཤིག་གི་ཕྲ་ཕུང་གི་རིགས་ཐམས་ཅད་དུ་འཚར་འཕེལ་ཐུབ་པའི་ནུས་པ་དང་ལྡན་པའི་ཕྲ་ཕུང་ཞིག་འགྲེལ་བར་བྱེད། དཔེར་ན། ས་བོན་འདུས་སྒོང་ནི་ཀུན་འགྱུར་ནུས་པའི་ཕྲ་ཕུང་ཞིག་ཡིན།
totally elastic ཡོངས་ལྡེམ། phys.
total internal reflection ཆ་ཚང་བའི་ནང་ངོས་ལྡོག་འཕྲོ། phys The 100% reflection (with no transmission) of light that strikes the boundary between two media at an angle greater than then critical angle. བརྒྱུད་ལམ་གཉིས་ཀྱི་འབྲེལ་མཚམས་སུ་འོད་ཟེར་ཉེར་མཁོའི་ཟུར་ཁུག་ལས་ཆེ་བར་ཕོག་སྐབས་འོད་ཟེར་དེ་བརྒྱ་ཆའི་བརྒྱ་ལྡོག་འཕྲོ་ (བརྒྱུད་འཕྲོ་མེད་པར་) བྱེད་པ་ལ་གོ
torsion balance གཅུས་འཁོར་རྒྱ་མ། phys. An instrument for measuring very weak forces. It consists of a horizontal rod fixed to the end of a vertical wire or fiber or to the center of a taut horizontal wire. ཧ་ཅང་ཞན་པའི་ཤུགས་འཇལ་བྱེད་ཀྱི་ཡོ་ཆས་ཤིག འདི་ནི་གཞུང་དུ་དཔྱང་པའི་ལྕགས་སྐུད་དམ་ཐག་རན་གྱི་སྣེ་མོའམ་ཡང་ན་གཞུང་དུ་དམ་པོར་བསྡམས་ཡོད་པའི་ལྕགས་སྐུད་ཀྱི་དཀྱིལ་དུ་རྒྱུག་པ་ཞིག་འཕྲེད་དུ་དམ་པོར་བསྡམས་པ་བཅས་ཀྱིས་གྲུབ་ཡོད།
torque གཅུས་ངར། གཅུས་ཤུགས། phys. The product of a force and its perpendicular distance from a point about which it causes rotation or torsion. The unit of torque is the newton metre, a vector product, unlike the joule, also equal to a newton metre, which is a scalar product. ཤུགས་ཤིག་དང་ཤུགས་དེ་ལ་བརྟེན་ནས་གཅུ་སྒྲིམ་མམ་སྐོར་བ་བྱེད་དུ་འཇུག་སའི་གནས་(སྲོག་ཤིང་ལྟ་བུ་)གཉིས་དབར་གྱི་དྲང་འཕྱང་གི་བར་ཐག་གཉིས་ཀྱི་བསྒྱུར་ཐོབ། གཅུས་ཤུགས་ཀྱི་བརྩི་གཞི་ནི་ནེའུ་ཊོན་མེ་ཊར་ཡིན་པ་དང་། འདི་ནི་ཕྱོགས་ལྡན་བསྒྱུར་ཐོབ་ཅིག་ཡིན། འོན་ཀྱང་། འཇུལ་ནི་ནེའུ་ཊོན་མེ་ཊར་དང་མཚུངས་ཀྱང་། ཕྱོགས་མེད་བསྒྱུར་ཐོབ་ཅིག་ཡིན་ནོ།
Tornado འཚུབ་སྐོར། རླུང་འཚུབ་དྲག་པོ། environ.
topology ས་བབ་རིག་པ། phys. Topographic study of a given place, especially the history of a region as indicated by its topography. ཡུལ་ཞིག་གི་ས་བབ་ལ་རྟོག་དཔྱོད་བྱེད་པའི་རིག་པ་སྟེ། ལྷག་པར་དུ་དེའི་ས་བབ་ཀྱིས་བསྟན་པའི་ལོ་རྒྱུས་ལ་རྟོག་དཔྱོད་བྱེད་པའི་རིག་པ།
topographical ས་བབ་ཀྱི། phys. Relating to the arrangement of the physical features of an area. ས་ཁུལ་ཞིག་གི་ཕྱིའི་ཁོར་ཡུག་གི་རྣམ་པ་སྒྲིག་ཚུལ་དང་འབྲེལ་བའི།
Topographic map ས་བབ་ས་ཁྲ། neurosci.
topographic globes ས་བབ་སྟོན་པའི་གོ་ལ། phys.