| excretory system སྙིགས་འདོར་མ་ལག དྲི་འདོར་མ་ལག | biol. The system that collects and excretes nitrogenous wastes and excess water from the body in the form of urine; it includes the kidneys, ureters, urinary bladder, and urethra. | ལུས་པོ་ནས་ན་ཡི་ཊོ་རྗེན་དང་ལྡན་པའི་སྙིགས་རོ་དང་ཆུ་ལྷག་མ་རྣམས་བསྡུས་ཏེ་གཅིན་པའི་ངོ་བོར་འདོར་བར་བྱེད་པའི་མ་ལག་ལ་གོ་ཞིང་། མ་ལག་འདིའི་ནང་དུ་མཁལ་མ་དང་། གཅིན་འདྲེན་སྦུ་གུ གཅིན་ལྒང་། གཅིན་ལམ་བཅས་ཚུད་ཡོད། |
| excretion function སྙིགས་འདོར་བྱེད་ལས། | biol. | |
| excretion སྙིགས་དོར། སྙིགས་མ། | biol. The expulsion of the waste materials of metabolic processes from the body of an organism. Waste materials in animals include nitrogenous compounds such as ammonia, urea and uric acid from protein metabolism, and carbon dioxide from respiration. | སྐྱེ་དངོས་ཤིག་གི་ལུས་པོ་ནས་ནུས་འགྱུར་བྱེད་རིམ་དང་འབྲེལ་བའི་སྙིགས་མ་འདོར་བ་ལ་ཟེར། སྲོག་ཆགས་ཀྱིི་སྙིགས་རོའི་ནང་དུ་སྤྲི་རྫས་ནུས་སྒྱུར་ལས་བྱུང་བའི་ཨེ་མོ་ནི་ཡ་དང་། ཡུ་རེ་ཡ། ཡུ་རིག་སྐྱུར་རྫས་ལྟ་བུའི་ན་ཡི་ཊོ་རྗེན་གྱི་འདུས་རྫས་དང་འབྱིན་རྔུབ་ནས་བྱུང་བའི་ཁར་སྦོན་འཚོ་རླུང་ཟུང་ལྡན་བཅས་ཚུད་ཡོད། |
| Exciting སྤྲོ་སེམས་འཁོལ་པོ། སེམས་ངར་སྐྱེད་པོ། | SEE Learning | |
| excitement སྤྲོ་ཤུགས། | SEE Learning | |
| excited electron ནུས་འབར་གློག་རྡུལ། | phys. | |
| excited ངར་སད་པའི། | phys. | |
| excitatory transmitter སྐུལ་བྱེད་འཕྲིན་པ། | neurosci. | |
| excitatory synapse ངར་སློང་མཐུད་མཚམས། | neurosci. A synapse in which the nerve impulse in a presynaptic cell tend to increase the probability of the postsynaptic cell to fire an action potential. | མཐུད་མཚམས་སྔོན་གྱི་ཕྲ་ཕུང་ཞིག་ཏུ་ཡོད་པའི་དབང་རྩའི་འཕར་བརྡ་ཡིས་མཐུད་མཚམས་རྗེས་ཀྱི་ཕྲ་ཕུང་ལ་ལས་འཇུག་ནུས་པ་གློད་དུ་འཇུག་པའི་སྲིད་ཕྱོད་ཇེ་མཐོར་གཏོང་ཐུབ་པའི་མཐུད་མཚམས་ཤིག་ལ་གོ |
| excitatory response ངར་སད་ཡ་ལན། | neurosci. | |
| excitatory postsynaptic potential (EPSP) མཐུད་མཚམས་རྗེས་ཀྱི་སྐུལ་བྱེད་སྟོབས་ཚད། | neurosci. The electric potential that is generated in a postsynaptic neuron during the transmission of a nerve impulse. It is caused by depolarization of the postsynaptic membrane when a neurotransmitter, released from the presynaptic membrane, binds to the postsynaptic membrane. This will induce an action potential in the receiving neuron if the EPSP is large enough. | དབང་རྩའི་འཕར་བརྡ་ཞིག་བརྒྱུད་གཏོང་བྱེད་པའི་སྐབས་སུ་མཐུད་མཚམས་རྗེས་ཀྱི་དབང་རྩ་ཕྲ་གཟུགས་ཤིག་གི་ནང་དུ་བསྐྲུན་པའི་གློག་གི་སྟོབས་ཚད་ལ་གོ འདི་ནི་མཐུད་མཚམས་སྔོན་གྱི་སྐྱི་མོ་ནས་གློད་པའི་དབང་རྩ་འཕྲིན་པ་ཞིག་མཐུད་མཚམས་རྗེས་ཀྱི་སྐྱི་མོ་ལ་འབྱར་སྐབས་མཐུད་མཚམས་རྗེས་ཀྱི་སྐྱི་མོ་དེ་སྣེ་འདུམ་བྱུང་བ་ལ་བརྟེན་ནས་བྱུང་བ་ཡིན། གལ་ཏེ་མཐུད་མཚམས་རྗེས་ཀྱི་སྐུལ་བྱེད་སྟོབས་ཚད་དེ་གང་འཚམས་ཆེན་པོ་ཡོད་ཚེ་འདི་ཡིས་འཕྲིན་པ་འབྱོར་སའི་དབང་རྩ་ཕྲ་གཟུགས་ཀྱི་ནང་དུ་ལས་འཇུག་ནུས་པ་ཞིག་སྐུལ་སྐྲུན་བྱེད། |
| excitatory ངར་སད་རང་བཞིན། | neurosci. | |
| excitation ངར་སད། | phys. Process of boosting one or more electrons in an atom or molecule from a lower to a higher energy level. An atom in an excited state will usually decay (de-excite) rapidly to a lower state by the emission of radiation. The frequency and energy of emitted radiation are related by E=hf | རྡུལ་ཕྲན་ནམ་འདུས་རྡུལ་ཞིག་ལས་གློག་རྡུལ་གཅིག་གམ་དུ་མ་ནུས་རིམ་དམའ་བ་ཞིག་ནས་མཐོ་བ་ཞིག་ལ་སྤོར་བའི་རྒྱུད་རིམ། ངར་སད་ཀྱི་གནས་བབ་ལ་ཡོད་པའི་རྡུལ་ཕྲན་ཞིག་གིས་སྤྱིར་འོད་འཕྲོ་བར་བྱས་ཏེ་མགྱོགས་མྱུར་ངང་ནུས་རིམ་དམའ་བ་ཞིག་ལ་ཟད་འགྱུར་ (ངར་ཉམ་) བྱེད་པ་ཡིན། འཕྲོ་རུ་བཅུག་པའི་འོད་ཀྱི་ཟློས་ཕྱོད་དང་ནུས་པ་གཉིས་ནི་གཤལ་གསལ་ལྟར་འབྲེལ་ཡོད། E=hf |
| exchange pump བརྗེ་སྒྱུར་ཕུ་མདའ། | biol. | |
| exchange pool བརྗེ་ལེན་ས་ཚུགས། | biol. | |