| eukaryotic cell ཉིང་ལྡན་ཕྲ་ཕུང་། | biol. Eukaryotic cells are cells that contain a nucleus and organelles, and are enclosed by a plasma membrane. | ལྟེ་ཉིང་དང་དབང་དང་ལྡན་ཞིང་དེ་དག་ཕྲ་ཕུང་སྐྱི་མོས་བཏུམ་ཡོད་པའི་ཕྲ་ཕུང་ལ་གོ |
| eukaryote ཉིང་ལྡན་སྐྱེ་དངོས། | biol. Any of numerous organisms whose cells contain a nucleus surrounded by a membrane. All organisms except bacteria and archaea are eukaryotes. The eukaryotes include animals, plants, fungi, and protists. | ལྟེ་ཉིང་གི་མཐའ་རུ་སྐྱི་མོས་བསྐོར་ནས་ཡོད་པའི་ཕྲ་ཕུང་དང་ལྡན་པའི་སྐྱེ་དངོས་ཀྱི་རིགས་གང་རུང་རུང་ཞིག་ལ་གོ སྲིན་བུ་དང་ཨར་ཀི་ཕྲ་སྲིན་གཉིས་ཕུད་པའི་སྐྱེ་དངོས་ཐམས་ཅད་ཉིང་ལྡན་སྐྱེ་དངོས་རེད། ཉིང་ལྡན་སྐྱེ་དངོས་ཀྱི་ཁོངས་སུ་སྲོག་ཆགས་དང། རྩི་ཤིང། ཧམ་ཤ། ཐོག་མའི་སྐྱེ་དངོས་བཅས་ཚུད་ཡོད། |
| eukaryota ཉིང་ལྡན་སྐྱེ་དངོས་ཀྱི་སྡེ། | biol. | |
| euglena མིག་བཟང། ཡུག་ལིན། | biol. Any of various green, one-celled water organisms that move by means of a whiplike structure called a flagellum. Euglenas produce their own food through photosynthesis. They are protozoans. | ལྕག་ཚན་ལྟ་བུའི་བཀོད་པ་འབྲེང་རྔ་རུ་འབོད་པ་ཞིག་ལ་བརྟེན་ནས་འགུལ་སྐྱོད་བྱེད་པའི་ཕྲ་ཕུང་གཅིག་ལྡན་གྱི་ཆུ་གནས་སྐྱེ་དངོས་ཁ་དོག་ལྗང་ཁུ་ཡིན་པ་གང་རུང་རུང་ཞིག་ལ་གོ ཡུག་ལིན་གྱིས་འོད་སྦྱོར་ལ་བརྟེན་ནས་རང་ཉིད་ཀྱི་ཟ་མ་བཟོ་བར་བྱེད་པ་དང་། ཡུག་ལིན་ནི་གདོད་མའི་སྲོག་ཆགས་ཡིན། |
| eugenics movement མི་རིགས་འདེམས་གསེས་ལས་འགུལ། | biol. | |
| eugenics རྒྱུད་འདེམས་རིག་པ། | biol. A science that tries to improve the human race by controlling which people become parents. | འགྲོ་བ་མི་གང་ཞིག་ཕ་མ་རུ་འགྱུར་མིན་ལ་སྟངས་འཛིན་བྱེད་པའི་སྒོ་ནས་འགྲོ་བ་མིའི་རིགས་ཡར་རྒྱས་སུ་གཏོང་བར་འབད་པའི་ཚན་རིག་ཅིག |
| eudicot སོན་དངོས་འདབ་ཟུང་། | biol. | |
| Euclidean geometry ཡུག་ལི་དབྱིབས་རྩིས། | phys. Geometry based upon the postulates of Euclid, especially the postulate that only one line may be drawn through a given point parallel to a given line. | ཡུཁ་ལིཌ་ཡི་འདོད་ཚུལ་གཞིར་བཞག་པའི་དབྱིབས་རྩིས་ཏེ། དམིགས་བསལ་གྱི་ཚེག་གཅིག་བརྒྱུད་ནས་དྲང་ཐིག་ངེས་ཅན་ཞིག་ལ་མཉམ་གཤིབ་ཡིན་པའི་དྲང་ཐིག་གཅིག་ཁོ་ན་འབྲི་ཐུབ་པ་ཡིན་ཞེས་པ་ལྟ་བུའི་འདོད་ཚུལ། |
| Eubacteria སྲིན་བུ་ངོ་མ། | biol. | |
| Euarchontoglires སྔོན་རབས་མཐོ་རིམ་སྲོག་ཆགས། | biol. | |
| Ethylene ཨེ་ཐཻ་ལེན་འཚར་རྫས། | biol. | |
| ethology གཤིས་སྤྱོད་རིག་པ། | biol. The study of the behaviour of animals in their normal environment | རང་ཉིད་ཀྱི་སྤྱིར་བཏང་གི་ཁོར་ཡུག་ཏུ་གནས་པའི་སྲོག་ཆགས་ཀྱི་གཤིས་སྤྱོད་ལ་དཔྱད་པའི་རིག་པ། [འབྲེལ་ཡོད་རང་བྱུང་ཁོར་ཡུག་ལ་གནས་པའི་སེམས་ཅན་གྱི་གཤིས་སྤྱོད་བརྟག་པའི་རིག་པ།] |
| Ethical literacy བཟང་སྤྱོད་ཀྱི་གོ་རྟོགས། བཟང་སྤྱོད་ཀྱི་ཤེས་ཚད། | SEE Learning | |
| Ethical intelligence བཟང་སྤྱོད་རྣམ་དཔྱོད། བཟང་སྤྱོད་རིག་རྩལ། | SEE Learning | |
| ethical discernment བཟང་སྤྱོད་རྣམ་འབྱེད། | SEE Learning | |