| equation མཉམ་རྩིས། | math. A statement that asserts the equality of two mathematical expressions. | ཨང་རྩིས་ཀྱི་མཚོན་ཐབས་གཉིས་ཆ་མཉམ་ཡིན་པ་སྟོན་པའི་བརྗོད་པ་ཞིག་ལ་ཟེར། |
| equally likely events སྲིད་མཉམ་བྱུང་བ། | math. | |
| equal and opposite མཉམ་ལ་ལྡོག་པ། | math. | |
| equable སྙོམས་རུང། | math. Free from many changes or variations; uniform | འགྱུར་བའམ་ཁྱད་པར་མང་པོ་དང་མི་ལྡན་པ་སྟེ། ཆ་སྙོམས། |
| epoxy པོག་ཚི། (ཨི་པོག་འབྱར་ཚི།) | phys. | |
| epoch དུས་སྐབས། | biol. A unit of geologic time that is a division of a period. | དུས་རབས་ཀྱི་ནང་གསེས་སྡེ་ཚན་ཡིན་པའི་ས་ཁམས་དུས་ཚོད་ཀྱི་བརྩི་གཞི་ཞིག |
| Epitope འགོག་གཟུགས་འབྱར་གནས། | biol. | |
| epithelium ཤུན་རྩི། | biol. Epithelium is the tissue that covers the entire external surface of the body and lines the hollow organs of the body (except blood vessels). | ཤུན་རྩི་ནི་ལུས་པོའི་ཕྱི་ངོས་ཡོངས་རྫོགས་གཡོག་བྱེད་དང། (ཁྲག་རྩ་ཕུད་པའི་) ལུས་ནང་གི་དབང་པོ་སྦུབས་སྟོང་རྣམས་ཀྱི་ནང་ཤ་གྲུབ་བྱེད་ཀྱི་ཕུང་གྲུབ་དེ་ཡིན། |
| epithelial tissue ཤུན་རྩི་ཕུང་གྲུབ། | biol. Epithelial tissue is one of four basic human tissue types. (The others are muscle, nerve, and connective tissue). It is found in many places in the body. Epithelial tissue consists of specialized cells that cover the exterior of the body (skin) or line internal structures such as blood vessels and the intestine. During development, endothelial tissue arises from all three primary germ layers: ectoderm, mesoderm, and endoderm. | ཤུན་རྩི་ཕུང་གྲུབ་ནི་འགྲོ་བ་མིའི་གཞི་རྩའི་ཕུང་གྲུབ་རིགས་བཞི་ཡི་ཡ་གྱལ་ཞིག་ (གཞན་གསུམ་ནི་ཤ་སྒྲིམ་དང་། དབང་རྩ། མཐུད་སྦྱོར་ཕུང་གྲུབ་བཅས་) ཡིན་ཞིང་། ལུས་པོའི་ཆ་ཤས་མང་པོར་ཡོད། ཤུན་རྩི་ཕུང་གྲུབ་ཀྱི་ནང་དུ་ལུས་པོའི་ཕྱི་ངོས་ (པགས་པ) འགེབ་བྱེད་དང་། ཁྲག་རྩ་དང་རྒྱུ་ལོང་ལྟ་བུའི་ལུས་ནང་གི་ཆགས་བཀོད་ཀྱི་ནང་ཤ་ལྟ་བུའི་ཆེད་ལས་ཕྲ་ཕུང་ཡོད་པ་ཡིན། ལུས་ཀྱི་འཚར་འཕེལ་གྱི་སྐབས་སུ་ཤུན་རྩི་ཕུང་གྲུབ་ནི་ཕྱི་ཤུན་དང་། བར་ཤུན། ནང་ཤུན་བཅས་ས་བོན་གྱི་ཆགས་རིམ་གཙོ་བོ་གསུམ་པོ་ནས་ཐོན་གྱི་ཡོད། |
| epithelial membrane ཤུན་སྐྱི། | biol. Epithelial membranes are comprised of epithelial tissue and connective tissue. These membranes serve as linings and covering for various body structures, and they also form glands. | ཤུན་སྐྱི་ནི་ཤུན་རྩི་ཕུང་གྲུབ་དང་མཐུད་སྦྱོར་ཕུང་གྲུབ་ཀྱིས་གྲུབ་པ་ཞིག་རེད། སྐྱི་མོ་དེ་དག་གིས་ལུས་པོའི་ཆགས་བཀོད་སྣ་ཚོགས་པའི་ནང་ཤ་དང་ཕྱི་ཤུན་བྱེད་ཅིང་རྨེན་བུའང་བཟོ་བ་ཡིན། |
| epithelial cell ཤུན་པའི་ཕྲ་ཕུང་། | biol. | |
| Epithalamus ཀླད་སྦུག་སྟེང་མ། | Neurosci. | |
| epistatic gene གྲིབ་བྱེད་རིགས་རྫས། | biol. Gene that determines whether or not a trait determined by another gene will be expressed. For example, when the gene responsible for albinism occurs, the genes that determine skin color are present but not expressed; the gene for albinism is therefore called an epistatic gene. | རིགས་རྫས་གཞན་ཞིག་དང་འབྲེལ་བ་ཡོད་པའི་ཁྱད་རྣམ་མངོན་མི་མངོན་ཐག་གཅོད་པར་བྱེད་མཁན་གྱི་རིགས་རྫས་དེ་ལ་གོ དཔེར་ན། རང་མདངས་ཉམས་པའི་ནད་དང་འབྲེལ་བ་ཡོད་པའི་རིགས་རྫས་མངོན་པའི་སྐབས་སུ། པགས་པའི་ཁ་དོག་དང་འབྲེལ་བ་ཡོད་པའི་རིགས་རྫས་ཡོད་ཀྱང་མངོན་མེད། དེར་བརྟེན། རང་མདངས་ཉམས་པའི་ནད་དང་འབྲེལ་བའི་རིགས་རྫས་དེ་ལ་གྲིབ་བྱེད་རིགས་རྫས་ཞེས་བརྗོད། |
| epistasis གཞན་གྲིབ། | biol. An interaction between nonallelic genes in which the genotype at one locus affects the expression of alleles at another locus. | གནས་ཤིག་ལ་ཡོད་པའི་རིགས་རྫས་ཀྱི་གྲུབ་ཆ་ཡིས་གནས་གཞན་ཞིག་ཏུ་ཡོད་པའི་ཨེ་ལིལ་གྱི་མངོན་རྣམ་ལ་ཤུགས་རྐྱེན་སྤྲོད་པའི་ཨེ་ལིལ་མིན་པའི་རིགས་རྫས་དབར་གྱི་སྦྲེལ་སྦྱོར་ཞིག [རིགས་རྫས་ཤིག་གིས་རིགས་རྫས་གཞན་ཞིག་གི་རྣམ་འགྱུར་ཐོན་དུ་མི་འཇུག་པར་སྒྲིབ་པ།] |
| episodic memory བྱུང་བའི་དྲན་པ། | neurosci. Episodic memory refers to the memory of an event or “episode.” Episodic memories allow us to mentally travel back in time to an event from the recent or distant past. Episodic memories include various details about these events, such as what happened, when it happened and where it happened. | བྱུང་བའི་དྲན་པ་ནི་དོན་རྐྱེན་ནམ་ “བྱུང་བ་” ཞིག་གི་དྲན་པ་ལ་གོ་བ་ཡིན། བྱུང་བའི་དྲན་པ་ལ་བརྟེན་ནས་ང་ཚོ་་ཉེ་ལམ་མམ་སྔོན་མའི་བྱུང་བ་ཞིག་གི་དུས་སྐབས་ལ་ཕྱིར་ལོག་བྱེད་ཐུབ་ཀྱི་ཡོད། ཅི་ཞིག་བྱུང་བ་དང། ནམ་ཞིག་ལ་བྱུང་བ། གང་དུ་བྱུང་བ་ལྟ་བུའི་གནས་ཚུལ་དེ་དག་གི་གནས་སྟངས་ཞིབ་ཕྲ་རྣམས་བྱུང་བའི་དྲན་པའི་ཁོངས་སུ་གཏོགས། |