| Episodes བྱུང་ཚན། | neurosci. | [བྱུང་བའི་ཚན་པ།] |
| epiphyte རླུང་ཤིང་། | biol. A plant, such as a tropical orchid or a staghorn fern, that grows on another plant upon which it depends for mechanical support but not for nutrients. | རྩི་ཤིང་གཞན་ཞིག་གི་སྟེང་དུ་སྐྱེས་ཏེ། རང་གི་ལྗིད་ཚད་རྟེན་སའི་གཞི་རྩི་ཤིང་དེ་ཡིན་པ་མ་གཏོགས་ཟས་བཅུད་དེ་ལ་མི་བརྟེན་པའི་ཚ་བའི་ཁུལ་གྱི་སྣ་མའི་མེ་ཏོག་གམ་ཤྭ་རའི་དབྱིབས་ཀྱི་ལྡུམ་པོ་རེ་རལ་ལྟ་བུའི་རྩི་ཤིང་ཞིག་ལ་གོ [ས་འོག་ཏུ་རྩ་བ་མེད་པར་རྩི་ཤིང་གཞན་ལ་བརྟེན་ནས་སྐྱེས་པའི་རྩི་ཤིང་། ཟས་བཅུད་དང་བརླན་གཤེར་ས་ལ་བརྟེན་མི་དགོས་པར་རླུང་ཁམས་ལ་སོགས་པ་ནས་ལེན་པའི་རྩི་ཤིང་།] |
| Epipelagic zone རྒྱ་མཚོའི་སྟེང་རིམ། | Biol. | |
| epinephrine ཨེ་པི་ནེབ་རིན། | chem. A hormone secreted by the adrenal glands, especially in conditions of stress, increasing rates of blood circulation, breathing, and carbohydrate metabolism and preparing muscles for exertion. It is also known as adrenaline. | གཙོ་བོ་སེམས་གནོན་གྱི་གནས་སྐབས་སུ་ཁྲག་གི་འཁོར་རྒྱུན་དང། དབུགས་འབྱིན་རྔུབ། ཁར་སྦོ་མངར་རྫས་ཀྱི་ནུས་འགྱུར་བཅས་ཀྱི་འགྲོས་སྤར་བ་དང། རྩོལ་བ་སྒྲུབ་པའི་ཆེད་དུ་ཤ་སྒྲིམ་གྲ་སྒྲིག་བྱེད་པ་བཅས་ཀྱི་ཆེད་དུ་མཁལ་རྨེན་གྱིས་གློད་པའི་རྨེན་རྫས་ཤིག འདི་ལ་ཨེ་ཌི་ན་ལིན་ཡང་ཟེར། |
| epimysium ཤ་སྒྲིམ་ཕྱི་སྐྱི། | biol. The external sheath of connective tissue surrounding a muscle. | ཤ་སྒྲིམ་ཞིག་གི་མཐའ་སྐོར་བའི་མཐུད་སྦྱོར་ཕུང་གྲུབ་ཀྱི་ཕྱི་སྐོགས་ལ་ཟེར། |
| epileptic seizure བརྒྱལ་གཟེར་འདར་རེངས། | neurosci. Epileptic seizures are caused by a disturbance in the electrical activity of the brain. There are many different types of epileptic seizure. | བརྒྱལ་གཟེར་འདར་རེངས་ནི་ཀླད་པའི་གློག་འགྱུར་གྱི་བྱ་འགུལ་ལ་བར་ཆད་བྱུང་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། བརྒྱལ་གཟེར་འདར་རེངས་ལ་རིགས་མི་འདྲ་བ་མང་པོ་ཡོད། |
| epilepsy བརྒྱལ་གཟེར། | neurosci. A disorder of the nervous system that can cause people to suddenly become unconscious and to have violent, uncontrolled movements of the body. | གློ་བུར་དུ་དྲན་མེད་དུ་འགྱུར་བར་བྱེད་པ་དང་། དྲག་ཅིང་ཚོད་འཛིན་མི་ཐུབ་པའི་ལུས་པོའི་འགུལ་སྐྱོད་སྐྲུན་པའི་རྐྱེན་བྱེད་ཐུབ་པའི་དབང་རྩ་མ་ལག་གི་འཁྲུག་སྐྱོན་ཞིག། |
| epiglottis ཨོལ་ཁེབས། | biol. The thin valve-like structure of cartilage that covers the glottis and prevents food and drink from entering the larynx. | གྲེ་བའི་ནང་དུ་ཟས་དང་བཏུང་བྱའི་རིགས་མི་གཏོང་བར་གྲེ་སྒོ་འགེབས་བྱེད་ཀྱི་སྐྱི་འདབ་དང་འདྲ་བའི་ཕྲུམ་རུས་ཀྱི་ཆགས་བཀོད་སྲབ་མོ་ཞིག |
| Epigenome ལྗིད་ནོམ་འདས་གནས། | biol. | |
| epigenetics རིགས་རྫས་འདས་རིག། | biol. The study of heritable changes in gene function that do not involve changes in DNA sequence. | ཌི་ཨེན་ཨེ་ཡི་འཁོད་རིམ་ནང་གི་འགྱུར་ལྡོག་ལ་ཐེ་བྱུས་མེད་པའི་ཐོག་ནས་རིགས་རྫས་ཀྱི་བྱེད་ལས་ལ་བྱུང་བའི་རྒྱུད་འཛིན་ཐུབ་པའི་འགྱུར་ལྡོག་གི་སྐོར་གྱི་ཞིབ་འཇུག་ལ་ཟེར། |
| epigenetic change རིགས་རྫས་འདའ་འགྱུར། | biol. A change in the expression of a gene, not in the structure of the gene itself. | རིགས་རྫས་ཤིག་གི་ཆགས་བཀོད་ལ་འགྱུར་བ་མ་ཕྱིན་པར། རིགས་རྫས་དེའི་རྣམ་འགྱུར་ལ་བྱུང་བའི་འགྱུར་བ་ཞིག |
| epididymis སྒོང་ཟུར། | biol. A tube that carries sperm from the testes. | རླིག་འབྲས་ནས་ཁམས་དཀར་སྐྱེལ་འདྲེན་བྱེད་མཁན་གྱི་སྦུ་གུ་ཞིག |
| epidermis ཕྱི་པགས། | biol. The outer layer of the skin, derived from ectoderm and itself composed of multiple cell layers. | པགས་པའི་ཕྱི་རིམ་སྟེ་ཕྱི་ཤུན་ནས་བྱུང་ཞིང་ཕྲ་ཕུང་གི་རྩེག་རིམ་དུ་མས་གྲུབ་པ་ཞིག་ཡིན། |
| epidemiology ནད་ཡམས་རིག་པ། | biol. The branch of medicine that deals with the study of the causes, distribution, and control of disease in populations. | ཚོགས་འདུས་ཤིག་ཏུ་བྱུང་བའི་ནད་ཀྱི་བྱུང་རྐྱེན་དང་། ཁྱབ་ཚུལ། སྟངས་འཛིན་བཅས་ལ་བརྟག་དཔྱད་བྱེད་པའི་སྨན་གྱི་སྡེ་ཚན་ཞིག |
| epidemiologist ནད་ཡམས་རིག་པ་བ། | biol. A medical scientist who studies the transmission and control of epidemic diseases. | རིམས་ནད་ཁྱབ་གདལ་འགྲོ་ཚུལ་དང། ཚོད་འཛིན་བྱེད་སྟངས་ལ་ཞིབ་འཇུག་བྱེད་མཁན་གྱི་གསོ་དཔྱད་ཚན་རིག་པ་ཞིག |