| engineering བཟོ་རིག | phys. Technology directed to the design, construction, and maintenance of works, machinery, roads, railways, bridges, engines, all manner of vehicles from micro-carts to space stations, and to the generation, transmission, and use of electric power. Some main divisions are aerospace, chemical, civil, communication, electrical, electronic, materials, mechanical, mining, and structural. | ཐོན་ཟོག་དང་། འཕྲུལ་ཆས། ལམ་ཁ། ལྕགས་ལམ། ཟམ་པ། འཕྲུལ་འཁོར། ཕྲ་བའི་འདྲེན་འཁོར་ནས་མཁའ་དབྱིངས་འབབ་ཚུགས་དབར་གྱི་འགྲུལ་འཁོར། གློག་ནུས་འདོན་པ་དང་རྒྱུད་གཏོང་བྱེད་པ། བེད་སྤྱོད་བྱེད་པ་བཅས་ཇུས་འགོད་དང་འཛུགས་སྐྲུན། རྒྱུན་གནས་བཅས་བྱེད་པར་ཕྱོགས་པའི་འཕྲུལ་རིག ནང་གསེས་གཙོ་བོ་ཁག་ཅིག་ནི་མཁའ་འགྲུལ་དང་། རྫས། སྤྱི་དམངས། བརྡ་འཕྲིན། གློག གློག་ཆས། དངོས་རྫས། ཤུགས་རིག གཏེར་ཁ་སྔོག་འདོན། དབྱིབས་བཀོད་བཅས་ཡིན་ནོ། |
| engineer བཟོ་རིག་འཆར་འགོད་པ། | phys. A person who designs, builds, or maintains engines, machines, or public works. | འཕྲུལ་འཁོར་རམ། འཕྲུལ་ཆས་སམ། དམངས་སྤྱོད་འཛུགས་སྐྲུན་ཇུས་འགོད་དམ། འཛུགས་སྐྲུན། ཡང་ན་རྒྱུན་གནས་བྱེད་དུ་འཇུག་མཁན་གྱི་མི་སྣ། |
| engine འཕྲུལ་འཁོར། | phys. Any device for converting some forms of energy into mechanical work. | ནུས་པའི་ངོ་བོ་འགའ་ཤས་འཕྲུལ་ཆས་ཀྱི་ནུས་པར་བསྒྱུར་བྱེད་ཀྱི་ཡོ་ཆས་གང་རུང་རུང་ཞིག། |
| Engaged learning མཉམ་ཞུགས་ཤེས་སྦྱོང་། | SEE Learning | |
| enervation ཟུངས་ཤོར། | biol. A feeling of being drained of energy or vitality; fatigue. | ནུས་པའམ་ཟུངས་ཤུགས་ཤོར་བའི་ཚོར་བ་ཞིག་སྟེ། ངལ་དུབ། |
| Energy-storer ནུས་པ་གསོག་བྱེད། | biol. | |
| energy state ནུས་བབ། | phys. A definite stable energy that a physical system can have; used especially of the state of electrons in atoms or molecules | ཕྱིའི་དངོས་པོའི་མ་ལག་ཅིག་ལ་ཡོད་ཆོག་པའི་བརྟན་ཞིང་ཚད་ངེས་ཅན་གྱི་ནུས་པ་སྟེ། སྤྱིར་བཏང་རྡུལ་ཕྲན་ནམ་འདུས་རྡུལ་གྱི་ནང་དུ་ཡོད་པའི་གློག་རྡུལ་གྱི་གནས་བབ་ལ་བེད་སྤྱོད་བྱེད། |
| Energy Pyramid ནུས་པའི་གནས་རིམ། | biol. | |
| energy of being ངོ་བོའི་ནུས་པ། | phys. | |
| energy level ནུས་རིམ། | phys. A definite stable energy that a physical system can have; used especially of the state of electrons in atoms or molecules | ཕྱིའི་དངོས་པོའི་མ་ལག་ཅིག་ལ་ཡོད་ཆོག་པའི་བརྟན་ཞིང་ཚད་ངེས་ཅན་གྱི་ནུས་པ་སྟེ། སྤྱིར་བཏང་རྡུལ་ཕྲན་ནམ་འདུས་རྡུལ་གྱི་ནང་དུ་ཡོད་པའི་གློག་རྡུལ་གྱི་གནས་བབ་ལ་བེད་སྤྱོད་བྱེད། |
| energy efficiency ནུས་པའི་ལས་ཕྱོད། | neurosci. | |
| energy ནུས་པ། | phys. That which can change the condition of matter. Commonly defined as the ability to do work; actually only describable by examples. | བེམ་གཟུགས་ཀྱི་གནས་བབ་ལ་འགྱུར་བ་གཏོང་ཐུབ་པའི་ཆོས་དེ་ཉིད། སྤྱིར་བཏང་། ལས་ཀ་བྱེད་ཐུབ་པའི་མཐུ་ནུས་ལ་གོ་ཞིང་དོན་དངོས་སུ་དཔེ་མཚོན་ཁོ་ན་ལ་བརྟེན་ནས་འགྲེལ་བརྗོད་བྱ་ཐུབ། |
| endothermy ནང་དྲོད་རང་བཞིན། | biol. State of production of heat within an animal by means of metabolic processes within cells (mainly muscle cells). Birds and mammals are endotherms. | སྲོག་ཆགས་ཤིག་གི་ཕྲ་ཕུང་གི་ནང་དུ་(གཙོ་བོ་ཤ་སྒྲིམ་ཕྲ་ཕུང་)བྱུང་བའི་ནུས་སྒྱུར་རྒྱུད་རིམ་ལ་བརྟེན་ནས་སྲོག་ཆགས་དེའི་ལུས་པོའི་ནང་དུ་དྲོད་སྐྱེད་སྐྲུན་བྱེད་པའི་གནས་བབ་ལ་གོ་ཞིང་། བྱ་དང་ནུ་གསོས་སྲོག་ཆགས་ནི་ནང་དྲོད་ཅན་ཡིན། [ནང་གི་ལུས་དྲོད་ལ་བརྟེན་ནས་རང་གི་ལུས་ཀྱི་དྲོད་ཚད་སྟངས་འཛིན་བྱེད་པའི་རང་བཞིན།] |
| endothermic reaction ནུས་ལེན་རྫས་སྦྱོར། | chem. A chemical change that is accompanied by an absorption of heat | དྲོད་ནུས་འཇིབ་པ་དང་ལྷན་དུ་འབྱུང་བའི་རྫས་ཀྱི་འགྱུར་བ་ཞིག [ནུས་པ་ལེན་པའི་རྫས་སྦྱོར།] |
| endotherm ནང་དྲོད་ཅན། | biol. An animal that is dependent on or capable of the internal generation of heat; a warm-blooded animal. | ནང་དྲོད་སྐྲུན་པའི་ནུས་པ་ལྡན་པའམ་ནང་དྲོད་ལ་བརྟེན་མཁན་གྱི་སྲོག་ཆགས་ཤིག ཁྲག་དྲོན་པོ་ཅན་གྱི་སྲོག་ཆགས་ཤིག |