| endothelium ནང་རྩི། | biol. Endothelium is the tissue that lines the blood vessels, heart and lymphatic ducts. | ནང་རྩི་ནི་ཆུ་སེར་སྦུ་གུ་དང། སྙིང། ཁྲག་རྩ་བཅས་ལ་ནང་ཤ་འགོད་མཁན་གྱི་ཕུང་གྲུབ་དེ་རེད། |
| endosymbiotic theory ནང་འགྲོགས་རྣམ་གཞག | biol. The proposition that symbiosis between different prokaryotes gave rise to eukaryotic cells. | ཉིང་བྲལ་ཕྲ་ཕུང་མི་འདྲ་བའི་དབར་གྱི་མཉམ་གྲོགས་ལ་བརྟེན་ནས་ཉིང་ལྡན་ཕྲ་ཕུང་གྲུབ་པར་བརྗོད་པའི་རྣམ་གཞག་ཅིག [ཉིང་བྲལ་ཕྲ་ཕུང་ཞིག་གིས་ཉིང་བྲལ་ཕྲ་ཕུང་གཞན་ཞིག་ཟས་པ་ལ་བརྟེན་ནས་ཉིང་ལྡན་ཕྲ་ཕུང་གྲུབ་པར་བཤད་པའི་རྣམ་གཞག] |
| Endosymbiosis ནང་གནས་མཉམ་གྲོགས། | biol. | |
| endosymbiont ནང་གནས་མཉམ་གྲོགས་པ། | biol. | |
| endospore སྦུག་སོན། | biol. The inner layer of the wall of a spore. | སོན་ཐལ་གྱི་ཕྱི་ཤུན་གྱི་རིམ་པ་ནང་མ་དེ་ལ་ཟེར། |
| endosperm ནང་སྤྲི། | biol. The part of a seed which acts as a food store for the developing plant embryo, usually containing starch with protein and other nutrients. | འཚར་འཕེལ་བྱེད་བཞིན་པའི་རྩི་ཤིང་གི་སྦྲུམ་སྲིང་ལ་མཁོ་བའི་ཟ་མ་གསོག་ཉར་བྱེད་སའི་ས་བོན་གྱི་ཆ་ཤས་དེ་ལ་གོ་ཞིང་། དེ་ཡིས་བག་ཚི་དང་སྤྲི་རྫས། ཟས་བཅུད་གཞན་རྣམས་གསོག་ཉར་བྱེད། [ས་བོན་གྱི་ནང་རོལ་དུ་ཡོད་པའི་སྤྲི་རྫས་ཤིག་སྟེ་སྦྲུམ་གནས་ཀྱི་སྐྱེ་འཕེལ་ལ་ཁ་ལག་མཁོ་སྤྲོད་བྱེད།] |
| Endosome ནང་གཟུགས། | biol. | |
| endoskeleton ནང་སྒྲོམ། | biol. An internal skeleton, such as the bony or cartilaginous skeleton of vertebrates. | སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་རུས་པའམ་ཕྲུམ་རུས་གྱིས་གྲུབ་པའི་ཀེང་རུས་ལྟ་བུའི་ནང་གི་རུས་སྒྲོམ་ཞིག |
| Endoscopy ཕོ་སྟོད་བརྟག་ཐབས། | biol. | |
| Endoscope ཕོ་སྟོད་བརྟག་ཆས། | biol. | |
| Endorphin ཨེན་ཌོར་ཧྥིན། | biol. | |
| endoplasmic reticulum གཤེར་ནང་དྲ་ཚོགས། | biol. A system of interconnected networks of membranebound tubules, vesicles and sacs found in the cytoplasm of a cell. There are two main types of endoplasmic reticulum: rough (granular) and smooth (agranular). | ཕྲ་ཕུང་ཞིག་གི་ཕྲ་ཚིའི་ནང་དུ་ཡོད་པའི་སྐྱི་ཁུག་དང། ལྒང་བུ། སྐྱི་མོས་བཅིངས་པའི་སྦུག་ཆུང་རྣམས་ཕན་ཚུན་མཐུད་སྦྱོར་བྱས་པའི་དྲ་ཚོགས་ཀྱི་མ་ལག་ཅིག གཤེར་ནང་དྲ་ཚོགས་ཀྱི་རིགས་གཙོ་བོ་གཉིས་ནི། (ཟེགས་ཆུང་) རྩུབ་པོ་དང། (ཟེགས་མེད་) འཇམ་པོ་གཉིས་ཡིན། |
| endomysium ཤ་སྒྲིམ་ནང་སྐྱི། | biol. The sheath like layer of connective tissue that surrounds an individual muscle fiber. | ཤ་སྒྲིམ་ཐག་རན་ཞིག་གི་མཐའ་ནས་སྐོར་ཞིང་ཤུབས་དང་འདྲ་བའི་མཐུད་སྦྱོར་ཕུང་གྲུབ་ཀྱི་རིམ་པ་ཞིག |
| Endometrium མངལ་གྱི་ནང་ཤུན། | biol. | |
| endolymph ནང་གནས་ཆུ་སེར། | biol. The fluid contained in the membranous labyrinth of the vertebrate ear. | སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་སྐྱི་མོ་ཅན་གྱི་རྣ་བའི་སྦུག་ཀྱོག་ནང་དུ་ཡོད་པའི་གཤེར་ཁུ། |