| endogenous reward system ལྷན་སྐྱེས་བདེ་ཉམས་མ་ལག | neurosci. | |
| endogenous reinforcement system ལྷན་སྐྱེས་ཁ་སྣོན་མ་ལག | neurosci. | |
| Endogenous attention ནང་སྐུལ་ཡིད་བྱེད། | SEE Learning | |
| endogenous ནང་སྐྱེད། | biol. Originating or produced within an organism, tissue, or cell: endogenous hormones. | ཕྲ་ཕུང་ངམ་ཕུང་གྲུབ། ཡང་ན་སྐྱེ་དངོས་ཤིག་གི་ནང་ངོས་ནས་འབྱུང་བའམ། སྐྱེད་སྐྲུན་བྱས་པ་ལ་ཟེར། དཔེར་ན། ནང་སྐྱེད་རྨེན་རྫས་ལྟ་བུ། |
| endoderm ནང་ཤུན། | biol. The innermost of the three primary germ layers of an animal embryo, developing into the gastrointestinal tract, the lungs, and associated structures. | སྲོག་ཆགས་ཀྱི་སྦྲུམ་སྲིང་གི་ཐོག་མའི་ཕྲ་ཕུང་ལ་ཕྱི་ཤུན་རིམ་པ་གསུམ་ཡོད་པའི་ཁྲོད་ཀྱི་ཆེས་ནང་མ་དེ་ལ་གོ་ཞིང་། ལྟོ་རྒྱུ་སྦུག་ལམ་དང་། གློ་བ། དེ་འབྲེལ་ཆགས་བཀོད་ཁག་ཏུ་འཚར་འཕེལ་བྱེད། |
| endocytosis ཕྲ་ཕུང་ནང་འདྲེན། | biol. A process of cellular ingestion by which the plasma membrane folds inward to bring substances into the cell. | ཕྲ་ཕུང་གི་སྐྱི་མོ་ནང་ཕྱོགས་སུ་ལྟེབ་རྩེག་རྒྱབ་སྟེ་ཕྲ་ཕུང་གི་ནང་དུ་བེམ་རྫས་ལེན་པར་བྱེད་པའི་ཕྲ་ཕུང་གི་ནང་འཇིབ་ཀྱི་རྒྱུད་རིམ་ཞིག [ཕྲ་ཕུང་ཞིག་གིས་ལུས་གཟུགས་ཆུང་བ་བཏུམ་པར་བྱེད་ཚུལ།] |
| endocrine system ནང་རྨེན་མ་ལག | biol. Body control system composed of a group of glands that maintain a stable internal environment by producing chemical regulatory substances called hormones. The endocrine system includes the pituitary gland, thyroid gland, parathyroid glands, adrenal gland, pancreas, ovaries, and testes. The thymus gland, pineal gland, and kidney (see urinary system) are also sometimes considered endocrine organs. | རྨེན་རྫས་སུ་འབོད་པའི་རྫས་ཀྱི་སྟངས་འཛིན་དངོས་རྫས་སྐྱེད་སྐྲུན་བྱས་ཏེ་ལུས་ནང་གི་ཁོར་ཡུག་བརྟན་པོ་ཞིག་རྒྱུན་སྲིང་བྱེད་མཁན་རྨེན་བུའི་ཚོགས་ཤིག་གིས་གྲུབ་པའི་ལུས་པོ་ཚོད་འཛིན་མ་ལག་ལ་གོ ནང་རྨེན་མ་ལག་གི་ནང་དུ་པི་ཅུ་རྨེན་བུ་དང། ཨོལ་མདུད་རྨེན་བུ། གཞོགས་ཀྱི་ཨོལ་མདུད་རྨེན་བུ། མཁལ་རྨེན། གཤེར་རྨེན། ཁམས་དམར་གྱི་སྣོད། རླིག་འབྲས་བཅས་ཚུད་ཡོད། མཚམས་རེར་ར་ཆང་རྨེན་བུ་དང། ཐང་འབྲུ་གཟུགས་ཕུང་། མཁལ་མ་ (གཅིན་འདོན་མ་ལག་ལ་གཟིགས་) རྣམས་ཀྱང་ནང་རྨེན་དབང་པོར་རྩིས་ཀྱི་ཡོད། |
| endocrine signaling ནང་རྨེན་བརྡ་གཏོང་། | biol. | |
| endocrine ནང་རྨེན། ནང་ཟགས། | biol. Relating to or denoting glands which secrete hormones or other products directly into the blood. | རྨེན་རྫས་སམ་ཐོན་རྫས་གཞན་ཐད་ཀར་ཁྲག་ལམ་དུ་གློད་འདོན་བྱེད་མཁན་གྱི་རྨེན་བུ་དང་འབྲེལ་བའམ། ཡང་ན་དེ་ལྟ་བུའི་རྨེན་བུ་མཚོན་པ། |
| endemic disease ཡུལ་རིམས། | biol. Disease regularly found among particular people or in a certain area. | མི་རིགས་བྱེ་བྲག་པ་ཞིག་གམ་ཡང་ན་ཡུལ་ལུང་ངེས་ཅན་ཞིག་ལ་འཆར་ཅན་དུ་ཡོད་པའི་ནད་ལ་གོ [རིགས་སམ་ཡུལ་ལུང་བྱེ་བྲག་ལ་ཁྱབ་པའི་ནད་ཡམས།] |
| end product མཐའ་འབྲས། མཇུག་འབྲས། མཐའ་ཐོབ། | The result of a completed series of processes or changes. | རྒྱུད་རིམ་མམ་འགྱུར་བ་བསྟར་མ་ཞིག་ཡོངས་སུ་གྲུབ་པ་ལས་བྱུང་བའི་མཇུག་འབྲས། |
| encode བརྡ་སྒྲིག | phys. To convert (a message or other information) into code. | (འཕྲིན་པའམ་ཆ་འཕྲིན་གཞན་ཞིག་)གསང་བརྡ་རུ་ཕབ་སྒྱུར་བྱེད་པ། |
| Encephalization ལུས་ཀླད་སྡུར་ཚད། | neurosci. | [ལུས་བོངས་དང་ཀླད་པའི་བོངས་ཚད་གཉིས་ཀྱི་སྡུར་ཚད།] |
| Encephalization quotient (EQ) ལུས་ཀླད་སྡུར་གྲངས། | Neurosci. | |
| encephalization factor ལུས་ཀླད་སྡུར་རྐྱེན། | neurosci. | |