Search:
TermEnglish DefinitionTibetan Definition
emission spectrum འཕྲོ་ཤལ། (འཕྲོས་བའི་འོད་ཤལ།) phys. Distribution of wavelengths in the light from a luminous source. འོད་ཀྱི་འབྱུང་ཁུངས་ཤིག་ནས་འཕྲོས་པའི་འོད་ཟེར་གྱི་རླབས་ཐག་གི་ཁྱབ་ཚུལ།
emission nebula ཕྱིར་འཕྲོ་སྐར་སྤྲིན། phys. A nebula that absorbs ultraviolet radiation from stars and reemits it in the visible, infrared, and radio parts of the electromagnetic spectrum. སྐར་མ་ནས་བྱུང་བའི་སྨུག་ཕྱིའི་འོད་འཇིབ་པའི་རྗེས་སུ། གློག་ཁབ་ལེན་གྱི་འོད་ཤལ་གྱི་ཆ་ཤས་སྣང་རུང་གི་འོད་དང་། དམར་ཕྱིའི་འོད། རླུང་འཕྲིན་གྱི་རླབས་བཅས་ཀྱི་ངོ་བོར་ཕྱིར་འཕྲོ་བར་བྱེད་པའི་སྐར་སྤྲིན།
emission lines འཕྲོ་ཐིག phys.
emission གློད་འདོན། ཕྱིར་འཕྲོ། phys. The production and discharge of something, especially gas or radiation. རླངས་གཟུགས་སམ་འགྱེད་འཕྲོ་ལྟ་བུའི་དངོས་པོ་ཞིག་བསྐྲུན་པའམ་གློད་པ་ལ་གོ
Emigration གཞིས་སྤོས། biol. [ཡུལ་གཞན་ཞིག་ཏུ་གཞིས་ཀ་སྤོ་བ།]
emergent properties གསར་ཐོན་ཁྱད་ཆོས།
emergence གསར་ཐོན། biol.
embryonic neural tube སྦྲུམ་སྲིང་དབང་རྩའི་སྦུ་གུ། neurosci. The structure in mammalian embryos that develops into the brain and spinal cord. ཀླད་པ་དང་རྒྱུངས་པ་རུ་འཚར་འཕེལ་འབྱུང་བར་འགྱུར་བའི་ནུ་གསོས་སྲོག་ཆགས་ཀྱི་སྦྲུམ་སྲིང་ནང་གི་ཆགས་བཀོད་ཅིག
embryonic development སྦྲུམ་སྲིང་གི་འཚར་འཕེལ། biol.
embryology སྦྲུམ་སྲིང་རིག་པ། biol. The branch of biology that deals with the formation and early development of living organisms. སྲོག་ལྡན་སྐྱེ་དངོས་ཀྱི་གྲུབ་ཚུལ་དང་ཐོག་མའི་འཚར་འཕེལ་གཙོ་བོར་འཛིན་པའི་སྐྱེ་དངོས་ཚན་རིག་གི་སྡེ་ཚན་ཞིག
embryogenesis སྦྲུམ་སྲིང་འཚར་སྐྱེ། biol. The formation and development of the embryo. སྦྲུམ་སྲིང་གི་གྲུབ་ཚུལ་དང་འཚར་འཕེལ་བྱུང་ཚུལ་ལ་ཟེར།
embryo stages སྦྲུམ་སྲིང་འཚར་རིམ། biol.
Embryo patterning སྦྲུམ་སྲིང་དབྱིབས་འདོན། biol.
embryo development སྦྲུམ་སྲིང་འཚར་འཕེལ། biol.
embryo སྦྲུམ་སྲིང་། biol. The earliest stage of development of a plant or animal. In humans the term is used for the first two months of existence in the uterus; from then on the term foetus is used. རྩི་ཤིང་ངམ་སྲོག་ཆགས་ཤིག་གི་འཚར་འཕེལ་གྱི་ཆེས་ཐོག་མའི་རིམ་པ་དེ་ལ་ཟེར། འགྲོ་བ་མི་ལ་མཚོན་ན། མངལ་ དུ་གནས་བའི་ཐོག་མའི་ཟླ་བ་གཉིས་ཀྱི་རིང་ལ་བརྡ་ཆད་འདི་སྤྱོད་ཅིང་། དེའི་རྗེས་སུ་མངལ་གནས་ཞེས་བརྗོད།