Search:
TermEnglish DefinitionTibetan Definition
embryology སྦྲུམ་སྲིང་རིག་པ། biol. The branch of biology that deals with the formation and early development of living organisms. སྲོག་ལྡན་སྐྱེ་དངོས་ཀྱི་གྲུབ་ཚུལ་དང་ཐོག་མའི་འཚར་འཕེལ་གཙོ་བོར་འཛིན་པའི་སྐྱེ་དངོས་ཚན་རིག་གི་སྡེ་ཚན་ཞིག
embryogenesis སྦྲུམ་སྲིང་འཚར་སྐྱེ། biol. The formation and development of the embryo. སྦྲུམ་སྲིང་གི་གྲུབ་ཚུལ་དང་འཚར་འཕེལ་བྱུང་ཚུལ་ལ་ཟེར།
embryo stages སྦྲུམ་སྲིང་འཚར་རིམ། biol.
Embryo patterning སྦྲུམ་སྲིང་དབྱིབས་འདོན། biol.
embryo development སྦྲུམ་སྲིང་འཚར་འཕེལ། biol.
embryo སྦྲུམ་སྲིང་། biol. The earliest stage of development of a plant or animal. In humans the term is used for the first two months of existence in the uterus; from then on the term foetus is used. རྩི་ཤིང་ངམ་སྲོག་ཆགས་ཤིག་གི་འཚར་འཕེལ་གྱི་ཆེས་ཐོག་མའི་རིམ་པ་དེ་ལ་ཟེར། འགྲོ་བ་མི་ལ་མཚོན་ན། མངལ་ དུ་གནས་བའི་ཐོག་མའི་ཟླ་བ་གཉིས་ཀྱི་རིང་ལ་བརྡ་ཆད་འདི་སྤྱོད་ཅིང་། དེའི་རྗེས་སུ་མངལ་གནས་ཞེས་བརྗོད།
embolism ཁྲག་རྩ་འགག་པ། biol.
Embodied understanding རྒྱུད་ལ་གྲུབ་པའི་གོ་རྟོགས། གོམས་སྟོབས་ཀྱི་མྱོང་བ། SEE Learning
Embodied རྒྱུད་ལ་གྲུབ་པའི། SEE Learning
embedded assessment ཞར་བྱུང་དཔྱད་ཞིབ། pedagogy
elongation ནར་སྐྱེ། biol. The state of being elongated or lengthened; also : the process of growing or increasing in length; chain elongation in DNA synthesis; the elongation of a muscle under tension བསྣར་བའམ་ཇེ་རིང་དུ་བཏང་བའི་གནས་སྟངས་ལ་གོ་བ་དང་། རིང་ཚད་འཕེལ་བའམ་ཆེར་སྐྱེད་པའི་རྒྱུད་རིམ་ལ་ཡང་གོ དཔེར་ན། ཌི་ཨེན་ཨེ་སྦྱོར་གྲུབ་སྐབས་སུ་ཕྲེང་བ་ནར་སྐྱེ་འབྱུང་བ་དང་། རྐྱོང་ཤུགས་ལ་བརྟེན་ནས་ཤ་སྒྲིམ་ནར་སྐྱེ་བྱེད་པ་ལྟ་བུ།
elliptical galaxy དགུ་ཚིགས་འཇོང་པོ། phys. Elliptical galaxies appear like ellipsoidal clouds of stars, with very little internal structure apart from (in some cases) a denser nucleus. དགུ་ཚུགས་འཇོང་པོ་ནི་འཇོང་ཟླུམ་གྱི་སྐར་ཚོགས་ལྟར་མངོན་ཞིང་། (གནས་སྟངས་འགར་)ལྟེ་སྙིང་སྟུག་པོ་ཡོད་པ་མ་གཏོགས་ནང་ངོས་ཀྱི་བཟོ་བཀོད་ཧ་ཅང་ཉུང་ངུ་ལས་མེད།
ellipse འཇོང་དབྱིབས། math. Closed curve of oval shape wherein the sum of the distances from any point on the curve to two internal focal points is a constant. གུག་དབྱིབས་སྟེང་གི་ཚེག་གང་ཡང་རུང་བ་ཞིག་ནས་ནང་རོལ་དུ་ཡོད་པའི་ལྟེ་ཚེག་གཉིས་དབར་གྱི་བར་ཐག་གི་སྡོམ་འབོར་ནི་འགྱུར་མེད་ཡིན་པའི་ཁ་ཟུམ་པའི་སྒོང་དབྱིབས་ལ་གོ
Elimination ཕྱིར་འདོར། biol.
elimination process སེལ་རིམ། biol.