Search:
TermEnglish DefinitionTibetan Definition
elastic collision སོར་ཆུད་གདོང་ཐུག phys. A collision in which the total kinetic energy of the colliding bodies after collision is equal to their total kinetic energy before collision. གདོང་ཐུག་མ་རྒྱབ་སྔོན་གྱི་དངོས་གཟུགས་འགའ་ཡི་འགུལ་སྐྱོད་ནུས་པའི་སྡོམ་འབོར་དང་གདོང་ཐུག་རྒྱབ་པའི་རྗེས་ཀྱི་དངོས་གཟུགས་དེ་དག་གི་འགུལ་སྐྱོད་ནུས་པའི་སྡོམ་འབོར་གཉིས་མཉམ་པའི་གདོང་ཐུག་ཅིག
Elastase མཉེན་སྤྲི་སྨིན་རྫས། biol.
elaboration རྒྱས་བཤད། sci. method The process of developing or presenting a theory, policy, or system in further detail. རྣམ་གཞག་ཅིག་གམ། སྲིད་བྱུས་ཤིག ཡང་ན། གཞུང་ལུགས་ཤིག་ཞིབ་རྒྱས་སུ་འགྲེལ་བཤད་བྱེད་པའམ་གསལ་སྟོན་བྱེད་པ་ལ་གོ
ejaculation ཕྱིར་འབྱིན། biol. The action of ejecting semen from the body. ལུས་པོ་ནས་ཁམས་དཀར་པོ་ཕྱིར་འདོན་པའི་བྱ་བ།
egg maturation ཁམས་དམར་སྨིན་འགྱུར། biol.
egg fertilization ཁམས་དམར་ས་བོན་འདྲེས་སྦྱོར། biol.
egg ཁམས་དམར། སྒོ་ང་། biol. A female gamete involved in the sexual reproduction of animals; an ovum སྲོག་ཆགས་ཀྱི་ཁམས་འདུས་སྐྱེད་འཕེལ་གྱི་ནང་དུ་ཐེ་གཏོགས་ཡོད་པའི་བུད་མེད་ཀྱི་ཁམས་རྡུལ་ཞིག་ལ་ཟེར། དེ་ལ་ཁམས་དམར་ཕྲ་ཕུང་ཡང་ཟེར།
efficiency ལས་ཕྱོད། phys. In a machine, the ratio of useful energy output to total energy input, or the percentage of the work input that is converted to work output. འཕྲུལ་ཆས་ཀྱི་ནང་དུ། ལས་ཕྱོད་ནི་ཐོན་སྐྱེད་ཀྱི་ནུས་པ་དང་ནང་འཇུག་གི་ནུས་པའི་སྡོམ་འབོར་གཉིས་ཀྱི་བསྡུར་ཚད་དམ། ནང་འཇུག་ལས་ཀ་དེ་ཐོན་སྐྱེད་ལས་ཀར་བསྒྱུར་བའི་བརྒྱ་ཆའི་ཚད་ལ་གོ
Efficacy ཕན་ནུས། ཕན་ཚད། biol. [ཕན་ནུས་ཀྱི་ཚད་གཞི།]
efferent neuron ཕྱི་འདྲེན་དབང་རྩ་ཕྲ་གཟུགས། neurosci.
efferent nerve division ཕྱིར་འདྲེན་དབང་རྩའི་སྡེ་ཚན། neurosci.
efferent copy ཕྱིར་རྒྱུ་འདྲ་བཤུ། neurosci.
Efference Copy  ཕྱིར་འདྲེན་འདྲ་བཤུ། neurosci.
effector protein སྐུལ་བྱེད་སྤྲི་རྫས། biol. A protein that alters biochemical processes in a cell, as by decreasing or increasing the activity of an enzyme. སྨིན་རྫས་ཤིག་གི་བྱེད་སྒོ་ཇེ་མང་ངམ་ཇེ་ཉུང་གཏོང་བ་ལྟ་བུའི་སྒོ་ནས་ཕྲ་ཕུང་ཞིག་གི་ནང་རོལ་གྱི་རྫས་ཀྱི་སྡེབ་སྦྱོར་ལ་འགྱུར་བ་གཏོང་བའི་སྤྲི་རྫས་ལ་གོ
effector cell སྐུལ་བྱེད་ཕྲ་ཕུང། biol. A cell that acts in response to a certain stimulus or is capable of mediating a function. སྐུལ་རྐྱེན་ངེས་ཅན་ལ་ཡ་ལན་གྱི་ཚུལ་དུ་བྱེད་ལས་སྤེལ་མཁན་ནམ། བྱེད་ལས་ཤིག་བར་སྡུམ་བྱེད་པའི་ནུས་པ་དང་ལྡན་པའི་ཕྲ་ཕུང་ཞིག