| electrophorus electricus གློག་བསགས་གློག་ཉ། | biol. A long cylindrical freshwater fish of northern South America, having organs that produce a powerful electric discharge, used to stun prey and for defense. | རྔོན་བྱ་དྲན་པ་རྒྱལ་དུ་འཇུག་པ་དང་རང་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་གློག་ཤུགས་ཆེན་པོ་གློད་བྱེད་ཀྱི་དབང་པོ་དང་ལྡན་ཞིང་། ལྷོ་ཨ་རིའི་བྱང་ངོས་སུ་ཆུ་དྭངས་མོར་གནས་པའི་རིང་ཞིང་མདོང་དབྱིབས་ཅན་གྱི་ཉ་ཞིག |
| Electrophile གློག་རྡུལ་མཁོ་སྡེ། | chem. | |
| electronics གློག་རྡུལ་རིག་པ། གློག་ཆས་རིག་པ། གློག་ཆས། | phys. The branch of physics and technology concerned with the design of circuits using transistors and microchips, and with the behaviour and movement of electrons in a semiconductor, conductor, vacuum, or gas. | གློག་འདྲེན་ཤེལ་སྦུབས་དང་བྱང་བུ་ཕྲ་མོ་སྤྱད་དེ་གློག་ལམ་བཟོ་འགོད་དང་། ཕྱེད་ཁྲིད་གཟུགས་སམ། ཁྲིད་གཟུགས། སྟོང་སངས་ཁམས། ཡང་ན་རླངས་གཟུགས་སུ་གློག་རྡུལ་གྱི་རྒྱུ་སྟངས་ལ་ཞིབ་འཇུག་བྱེད་པ་བཅས་དང་འབྲེལ་བའི་དངོས་ཁམས་དང་འཕྲུལ་རིག་གི་སྡེ་ཚན་ཞིག |
| electronic synthesizer བསྲེ་སྦྱོར་གློག་ཆས། | phys. An electronic musical instrument, typically operated by a keyboard, producing a wide variety of sounds by generating and combining signals of different frequencies. | མཛུབ་ཐེབས་སྤྱད་དེ་དཀྲོལ་ཞིང་ཟློས་ཕྱོད་སྣ་ཚོགས་པའི་བརྡ་སྐྱེད་སྐྲུན་དང་ལྷན་སྡེབ་བྱས་ཏེ་སྒྲ་སྣ་ཚོགས་པ་སྐྲུན་པར་བྱེད་པའི་གློག་གི་རོལ་ཆས་ཤིག |
| electronic music གློག་ཆས་རོལ་དབྱངས། | phys. Music performed using synthesizers and other electronic instruments. | བསྲེ་སྦྱོར་གློག་ཆས་དང་གློག་གི་རོལ་ཆ་གཞན་སྤྱད་དེ་སྐྱེད་སྐྲུན་བྱས་པའི་རོལ་དབྱངས་ལ་གོ |
| electronic leptons གློག་རྡུལ་ལེབ་ཊོན། | phys. | |
| electronegativity གློག་གི་མོ་གཤིས། | chem. A measure of the ability of a specified atom to attract electrons in a molecule | འདུས་རྡུལ་ཞིག་ཏུ་རྡུལ་ཕྲན་ངེས་ཅན་ཞིག་གིས་གློག་རྡུལ་འགུག་པའི་ནུས་པའི་ཚད་འཇལ་ཞིག |
| electronegative གློག་གི་མོ་གཤིས་ཅན། | phys. | |
| electron volt (eV) གློག་རྡུལ་ཝོལ་ཚད། | phys. Amount of energy equal to that an electron acquires in accelerating through a potential difference of 1 V. | ནུས་ཁྱད་ཝོལཊ་གཅིག་རྒྱུད་ནས་གློག་རྡུལ་ཞིག་མྱུར་སྣོན་བྱེད་སྐབས་སུ་ཐོབ་པའི་ནུས་པ་མཉམ་པའི་ནུས་པའི་འབོར་ཚད། |
| electron transport chain གློག་རྡུལ་འཕོ་སྐྱེལ་ཕྲེང་བ། | biol. A series of electron carriers that occurs within certain membranes, such as the mitochondrial membrane, and produces energy for the cell. | ནུས་སྐྱེད་ཕྲ་གཟུགས་ཀྱི་སྐྱི་མོ་ལྟ་བུའི་སྐྱི་མོ་ངེས་ཅན་གྱི་ནང་དུ་ཡོད་པའི་གློག་རྡུལ་སྐྱེལ་མཁན་བསྟར་མ་ཞིག་ལ་གོ་ཞིང་། ཕྲ་ཕུང་གི་ཆེད་དུ་ནུས་པ་མཁོ་སྐྲུན་བྱེད། |
| electron shell གློག་རྡུལ་སྐོགས་རིམ། | phys. | |
| electron neutrino གློག་རྡུལ་གྱི་མ་ནིང་ཕྲ་རྡུལ། | phys. The neutrino that is associated with the electron in weak interactions, and has an extremely small mass of less than 4 × 10^(-6) times that of an electron. | ཞན་པའི་སྦྲེལ་སྦྱོར་གྱི་ནང་དུ་གློག་རྡུལ་དང་འབྲེལ་བ་ཡོད་པའི་མ་ནིང་ཕྲ་རྡུལ་ལ་གོ་ཞིང་། གདོས་ཚད་ནི་ཧ་ཅང་ཆུང་ཆུང་ཡིན་ཏེ་གློག་རྡུལ་གྱི་གདོས་ཚད་ཀྱི་ལྡབ་ 4 × 10^(-6) ལས་ཆུང་བ་ཡོད། |
| electron microscope གློག་རྡུལ་ཕྲ་ཤེལ། | phys. A form of microscope that uses a beam of electrons instead of a beam of light (as in the optical microscope) to form a large image of a very small object. | འོད་ཀྱི་འཕྲོ་ཟེར་(འོད་སྤྱོད་ཕྲ་མཐོང་ཆེ་ཤེལ་དུ་ཡོད་པ་ལྟར་) གྱི་ཚབ་ཏུ་གློག་རྡུལ་གྱི་འཕྲོ་ཟེར་སྤྱད་དེ་ཧ་ཅང་ཆུང་བའི་དངོས་པོ་ཞིག་གི་གཟུགས་བརྙན་ཆེན་པོ་འགྲུབ་པར་བྱེད་པའི་ཕྲ་མཐོང་ཆེ་ཤེལ་ཞིག |
| electron micrograph གློག་རྡུལ་ཕྲ་རིས། | phys. A photograph or image of a specimen taken using an electron microscope. | གློག་རྡུལ་ཕྲ་མཐོང་ཆེ་ཤེལ་སྤྱད་དེ་སྒྲོན་པའི་དཔེ་གཞི་ཞིག་གི་པར་རམ་སྣང་བརྙན། |
| electron cloud གློག་རྡུལ་སྤྲིན་པ། | phys. The electrons surrounding the nucleus of an atom, viewed as a cloud-like mass. | རྡུལ་ཕྲན་ཞིག་གི་ལྟེ་རྡུལ་གྱི་མཐའ་རུ་སྐོར་བ་བྱེད་བཞིན་པའི་གློག་རྡུལ་དག་ལ་གོ་ཞིང་། དེ་དག་སྤྲིན་པ་ལྟ་བུའི་གདོས་ཚད་ཅིག་ཏུ་སྣང་གི་ཡོད། |