Search:
TermEnglish DefinitionTibetan Definition
electric power གློག་སྟོབས། phys. Rate of electrical energy transfer or the rate of doing work, which can be measured by the product of current and voltage. Power= current X voltage ནུས་པ་སྤོ་བའི་འགྲོས་ཚད་དམ་ལས་ཀ་བྱེད་པའི་འགྲོས་ཚད་ལ་གོ་ཞིང་། འདི་ནི་གློག་རྒྱུན་དང་ཝོལ་ཚད་བསྒྱུར་བ་ལ་བརྟེན་ནས་ཚད་འཇལ་ཐུབ། གློག་སྟོབས། = གློག་རྒྱུན། x ཝོལ་ཚད།
electric potential energy གློག་གི་གནས་ལྟོས་ནུས་པ། phys. Energy a charge has due to its location in an electric field. གློག་ཁུར་ཞིག་གློག་ར་ཞིག་གི་ནང་དུ་བཞག་པ་ལ་བརྟེན་ནས་གློག་ཁུར་དེ་ལ་ཡོད་པའི་ནུས་པ།
electric potential གློག་རའི་ལས་ཚད། phys. Electric potential energy (in joules) per unit of charge (in coulombs) at a location in an electric field; measured in volts and often called voltage. Voltage= electrical energy/charge=joules/coulomb གློག་རའི་ནང་གི་གནས་ཤིག་ཏུ་ཡོད་པའི་ཁུར་ (ཁུ་ལོམ་) རེ་རེ་ལ་ཡོད་པའི་གློག་གི་གནས་ལྟོས་ནུས་པ་ (འཇུལ་) ལ་གོ་ཞིང་ཝོལཊ་ཡི་ནང་དུ་ཚད་འཇལ་བྱེད་ལ་རྟག་པར་ཝོལ་ཚད་ཅེས་བརྗོད། ཝོལ་ཚད། = གློག་ནུས། / ཁུར། = འཇུལ། / ཁུ་ལོམ།
electric plug གློག་ཕུར། phys. A device for making an electrical connection between an appliance and the mains, consisting of an insulated casing with metal pins that fit into holes in a socket. གློག་ཆས་དང་གློག་གི་འབྱུང་ཁུངས་གཉིས་ཀྱི་དབར་དུ་འབྲེད་མཐུད་བྱེད་པའི་ཡོ་ཆས་ཤིག་སྟེ། འགོག་གཟུགས་ཀྱི་བཏུམས་ཤིང་ལྕགས་ཀྱི་ཕུར་བ་དང་ལྡན་པ་དེ་བསྒར་ཁུང་གི་ཨི་ཁུང་དུ་ཏག་ཏག་འཕྲོད་པ་ཞིག
electric motor གློག་གི་སྒུལ་ཆས། phys. A machine for converting electrical energy into mechanical energy. གློག་ནུས་དེ་འགུལ་ཤུགས་ནུས་པར་བསྒྱུར་བྱེད་ཀྱི་འཕྲུལ་ཆས་ཤིག
electric meter གློག་འཇལ་ཆས། phys. A meter for measuring the amount of electric power used གློག་སྟོབས་ཅི་ཙམ་བེད་སྤྱོད་བཏང་མིན་ཚད་འཇལ་བྱེད་ཀྱི་འཇལ་ཆས་ཤིག
electric generator གློག་ནུས་སྐྲུན་ཆས། phys. A machine or device which generates electricity; especially one that converts mechanical energy into electric energy. གློག་བསྐྲུན་མཁན་གྱི་ཡོ་ཆས་སམ་འཕྲུལ་ཆས་ཤིག་སྟེ། གཙོ་བོ་འགུལ་ཤུགས་ནུས་པ་དེ་གློག་གི་ནུས་པར་བསྒྱུར་མཁན་དེ་ལ་གོ
electric force གློག་ཤུགས། phys. An electric force is an attractive or repulsive force between two charged objects. Electric forces are attractive when two objects have opposite charges and repulsive when two objects have like charges. གློག་ཤུགས་ནི་ཁུར་ལྡན་དངོས་པོ་གཉིས་དབར་གྱི་འཐེན་ཤུགས་སམ་འབུད་ཤུགས་ལ་གོ དངོས་པོ་གཉིས་ལ་ལྡོག་ཟླའི་ཁུར་རྟགས་ཡོད་ཚེ་འཐེན་ཤུགས་ཡིན་པ་དང་། ཁུར་རྟགས་གཅིག་པ་ཡོད་ཚེ་འབུད་ཤུགས་ཡིན།
electric field lines གློག་གི་ར་ཐིག phys.
electric field གློག་ར། phys. Force field that fills the space around every electric charge or group of charges. Measured by force per charge (newtons/coulomb). གློག་ཁུར་གཅིག་གམ་དུ་མའི་མཐའ་འཁོར་དུ་འཁོད་པའི་ཤུགས་ར། ཁུར་རེ་ལ་ཤུགས་ཅི་ཙམ་ཡོད་མིན་གྱི་བརྩི་གཞི་རུ་ཚད་འཇལ་ (ནེའུ་ཊོན། / ཁུ་ལོམ།) བར་བྱེད།
electric eye གློག་མིག phys. A transducer used to detect and measure light and other radiations འོད་ཟེར་དང་འགྱེད་འཕྲོའི་རིགས་གཞན་རྣམས་རྩད་གཅོད་དང་ཚད་འཇལ་བྱེད་པར་སྤྱོད་པའི་བརྒྱུད་འགྱེད་ཡོ་ཆས་ཤིག
electric discharge གློག་ཁུར་ཤོར་བ། གློག་ཁུར་གློད་པ། phys. An electric discharge is the release and transmission of electricity in an applied electric field through a medium such as a gas. ཕྱི་ནས་བསྣན་པའི་གློག་ར་ཞིག་གི་ནང་ནས་རླངས་གཟུགས་ལྟ་བུའི་རྒྱུད་ལམ་ཞིག་རྒྱུད་དེ་གློག་གློད་ཅིང་རྒྱུད་གཏོང་བྱས་པ་ལ་གློག་གཏོང་ཞེས་བརྗོད།
electric dipole གློག་སྣེ་གཉིས་ལྡན། phys. Molecule in which the distribution of charge is uneven, resulting in slightly opposite charges on opposite sides of the molecule. འདུས་རྡུལ་གྱི་ནང་དུ་ཁུར་གྱི་བཀྲམ་ཚུལ་ཆ་མི་མཉམ་པ་ལ་བརྟེན་ནས་ཁ་གཏད་ཀྱི་ཕྱོགས་གཉིས་སུ་ལྡོག་ཕྱོགས་ཀྱི་ཁུར་ཉུང་ངུ་རེ་གྲུབ་པ།
electric current གློག་རྒྱུན། phys. Flow of electric charge that transports energy from one place to another. Measured in amperes, where 1 ampere is the flow of 6.25 X 1018 electrons (or protons) per second. ནུས་པ་གནས་གཅིག་ནས་གཞན་ཞིག་ལ་དབོར་འདྲེན་བྱེད་པའི་གློག་ཁུར་གྱི་རྒྱུ་བ། ཨེམ་པིར་གྱི་ནང་དུ་ཚད་འཇལ་ཞིང་ཨེམ་པིར་གཅིག་ནི་སྐར་ཆ་རེའི་ནང་དུ་གློག་རྡུལ་ (ཕོ་རྡུལ་) 6.25 X 1018 རྒྱུ་བ་ལ་གོ
electric circuit གློག་ལམ། phys. An electrical device that provides a path for electrical current to flow གློག་རྒྱུན་རྒྱུ་བར་རྒྱུ་ལམ་མཁོ་སྤྲོད་བྱེད་པའི་གློག་ཆས་ཤིག