| electric charge གློག་ཁུར། | phys. One of the basic properties of the elementary particles of matter giving rise to all electric and magnetic forces and interactions. The two kinds of charge are given negative and positive algebraic signs: measured in coulombs. | གློག་དང་ཁབ་ལེན་གྱི་ཤུགས་དང་འབྲེལ་སྦྱོར་ཐོན་པར་བྱེད་པའི་དངོས་རྫས་ཀྱི་རྩ་རྡུལ་གྱི་གཞི་རྩའི་ཁྱད་ཆོས་ཤིག གློག་ཁུར་རིགས་གཉིས་ནི་མོ་རྟགས་དང་ཕོ་རྟགས་གཉིས་ཀྱིས་མཚོན་པར་བྱེད་ཅིང་། བརྩི་གཞི་ཁུ་ལོམ་དུ་ཚད་འཇལ། |
| Elastin མཉེན་སྤྲི། | biol. | |
| elasticity ལྡེམ་གཤིས། | phys. Property of a solid wherein a change in shape is experienced when a deforming force acts on it, with a return to its original shape when the deforming force is removed. | དངོས་པོ་ཞིག་གི་སྟེང་དུ་ཤུགས་ཤིག་ཕོག་ཚེ་དབྱིབས་ལ་འགྱུར་བ་འགྲོ་ཞིང་། ཤུགས་དེ་ཕྱིར་འཐེན་བྱས་སྐབས་དངོས་པོ་དེ་ཐོག་མའི་རང་གཟུགས་སུ་ཕྱིར་ལོག་བྱེད་པའི་སྲ་གཟུགས་ཀྱི་ཁྱད་ཆོས། |
| elastic substance ལྡེམ་རྫས། | phys. | |
| elastic limit ལྡེམ་གཤིས་ནུས་མཚམས། | phys. Distance of stretching or compressing beyond which an elastic material will not return to its original state. | ལྡེམ་གཤིས་ཅན་གྱི་དངོས་པོ་ཞིག་གི་རྐྱང་སྐུམ་གྱི་མུ་མཚམས། འདི་བརྒལ་ཚེ་དངོས་པོ་དེ་ཐོག་མའི་རང་གཟུགས་སུ་བསྐྱར་ལོག་མི་བྱེད། |
| elastic force སོར་གནས་ཤུགས། | phys. The resisting internal force resulting from the elastic deformation of an object, which restores the original shape when the external force is removed. | དངོས་པོ་ཞིག་ལ་ལྡེམ་གཤིས་ཅན་གྱི་བཟོ་ཉེས་བྱུང་བ་ལ་བརྟེན་ནས་སྐྱེད་པའི་འགོག་ཤུགས་ཅན་གྱི་ནང་ཤུགས་ལ་གོ་ཞིང་། ཕྱི་ཤུགས་དེ་སེལ་བའི་སྐབས་སུ་ཤུགས་འདི་ཡིས་དངོས་པོ་དེ་ཐོག་མའི་དབྱིབས་སུ་ཕྱིར་ལོག་པར་བྱེད། |
| elastic collision སོར་ཆུད་གདོང་ཐུག | phys. A collision in which the total kinetic energy of the colliding bodies after collision is equal to their total kinetic energy before collision. | གདོང་ཐུག་མ་རྒྱབ་སྔོན་གྱི་དངོས་གཟུགས་འགའ་ཡི་འགུལ་སྐྱོད་ནུས་པའི་སྡོམ་འབོར་དང་གདོང་ཐུག་རྒྱབ་པའི་རྗེས་ཀྱི་དངོས་གཟུགས་དེ་དག་གི་འགུལ་སྐྱོད་ནུས་པའི་སྡོམ་འབོར་གཉིས་མཉམ་པའི་གདོང་ཐུག་ཅིག |
| Elastase མཉེན་སྤྲི་སྨིན་རྫས། | biol. | |
| elaboration རྒྱས་བཤད། | sci. method The process of developing or presenting a theory, policy, or system in further detail. | རྣམ་གཞག་ཅིག་གམ། སྲིད་བྱུས་ཤིག ཡང་ན། གཞུང་ལུགས་ཤིག་ཞིབ་རྒྱས་སུ་འགྲེལ་བཤད་བྱེད་པའམ་གསལ་སྟོན་བྱེད་པ་ལ་གོ |
| ejaculation ཕྱིར་འབྱིན། | biol. The action of ejecting semen from the body. | ལུས་པོ་ནས་ཁམས་དཀར་པོ་ཕྱིར་འདོན་པའི་བྱ་བ། |
| egg maturation ཁམས་དམར་སྨིན་འགྱུར། | biol. | |
| egg fertilization ཁམས་དམར་ས་བོན་འདྲེས་སྦྱོར། | biol. | |
| egg ཁམས་དམར། སྒོ་ང་། | biol. A female gamete involved in the sexual reproduction of animals; an ovum | སྲོག་ཆགས་ཀྱི་ཁམས་འདུས་སྐྱེད་འཕེལ་གྱི་ནང་དུ་ཐེ་གཏོགས་ཡོད་པའི་བུད་མེད་ཀྱི་ཁམས་རྡུལ་ཞིག་ལ་ཟེར། དེ་ལ་ཁམས་དམར་ཕྲ་ཕུང་ཡང་ཟེར། |
| efficiency ལས་ཕྱོད། | phys. In a machine, the ratio of useful energy output to total energy input, or the percentage of the work input that is converted to work output. | འཕྲུལ་ཆས་ཀྱི་ནང་དུ། ལས་ཕྱོད་ནི་ཐོན་སྐྱེད་ཀྱི་ནུས་པ་དང་ནང་འཇུག་གི་ནུས་པའི་སྡོམ་འབོར་གཉིས་ཀྱི་བསྡུར་ཚད་དམ། ནང་འཇུག་ལས་ཀ་དེ་ཐོན་སྐྱེད་ལས་ཀར་བསྒྱུར་བའི་བརྒྱ་ཆའི་ཚད་ལ་གོ |
| Efficacy ཕན་ནུས། ཕན་ཚད། | biol. | [ཕན་ནུས་ཀྱི་ཚད་གཞི།] |