Search:
TermEnglish DefinitionTibetan Definition
electricity གློག phys. General term for electrical phenomena, much like gravity has to do with gravitational phenomena, or sociology with social phenomena. འཐེན་ཤུགས་ནི་འཐེན་ཤུགས་ཀྱི་སྣང་ཚུལ་ལ་སྤྱོད་པ་དང་སྤྱི་ཚོགས་ཚན་རིག་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་སྤྱོད་པ་དང་མཚུངས་པར་གློག་གི་སྣང་ཚུལ་ལ་སྤྱོད་པའི་སྤྱིར་བཏང་གི་བརྡ་ཆད།
electrically polarized གློག་འབྲེལ་སྣེ་གྱེས། phys. Term applied to an atom or molecule in which the charges are aligned so that one side is slightly more positive or negative than the opposite side. ཁུར་རྣམས་བསྟར་ལ་སྒྲིག་སྟེ་སྣེ་གཅིག་ནི་སྣེ་གཞན་དེ་ལས་ཕོ་ཁུར་མང་བའམ་མོ་ཁུར་མང་བ་ཡོད་པའི་རྣམ་པ་ཅན་གྱི་རྡུལ་ཕྲན་ནམ་འདུས་རྡུལ་ལ་སྤྱོད་པའི་ཚིག་ཅིག
Electrically gated གློག་སྒོ་ཅན། neurosci.
electrical vibration གློག་ཤུགས་འདར་འགུལ། phys.
electrical transmission གློག་འགྱུར་འཕྲིན་གཏོང་བྱ་བ། གློག་གི་བརྒྱུད་གཏོང་། phys.
Electrical synapses གློག་བརྡའི་མཐུད་མཚམས། neurosci.
electrical signal གློག་བརྡ། neurosci.
electrical resistance གློག་གི་འགོག་ཤུགས། phys. Resistance of a material to the flow of electric charge through it; measured in ohms (Ω). དངོས་པོ་ཞིག་རྒྱུད་ནས་གློག་ཁུར་རྒྱུ་སྐབས་དངོས་པོ་དེ་ཡིས་གློག་ཁུར་གྱི་རྒྱུ་བ་ལ་སྤྲད་པའི་འགོག་ཤུགས། ཨོམ་ (Ω) གྱི་ནང་ཚད་འཇལ་བྱེད།
electrical impulse གློག་གི་འཁྱུག་བརྡ། phys.
electrical gradients གློག་གི་གཟར་ཚད། neurosci.
electrical force གློག་ཤུགས། phys. Force that one charge exerts on another. When the charges are the same sign, they repel; when the charges are opposite, they attract. ཁུར་གཅིག་གིས་ཁུར་གཞན་ཞིག་གི་སྟེང་ཐེབས་པའི་ཤུགས། ཁུར་གཉིས་ཀྱི་རྟགས་གཅིག་པ་ཡིན་ཚེ་ཕན་ཚུན་འབུད་རེས་བྱེད་ལ། རྟགས་མི་གཅིག་པ་ཡིན་ཚེ་ཕན་ཚུན་འཐེན་རེས་བྱེད།
Electrical excitability གློག་བརྡ་སློང་ནུས། neurosci. [གློག་བརྡ་སད་སློང་ཐུབ་པའི་ནུས་པ།]
electrical energy གློག་ནུས། phys. A form of energy related to the position of an electric charge in an electric field. གློག་གི་ར་བ་ཞིག་ཏུ་འཁོད་པའི་གློག་འཁུར་ཞིག་གི་གནས་ས་ལ་བརྟེན་ནས་ཡོད་པའི་ནུས་པའི་རྣམ་པ་ཞིག
electrical discharge གློག་གློད་པ། གློག་ཤོར་བ། phys. The liberation of energy from a distribution of electric charge when the charge flows. The source of the discharge can range from a cumulonimbus cloud, from which the discharge manifests itself as lightning, to a simple battery, in which the discharge is a current doing useful work. གློག་ཁུར་ཁྱབ་ས་ཞིག་ནས་གློག་ཁུར་རྒྱུ་བའི་སྐབས་སུ་གློད་པའི་ནུས་པ་ལ་གོ་ཞིང་། གློག་གློད་སའི་འབྱུང་ཁུངས་ནི་དྲག་ཆར་གྱི་སྤྲིན་པ་ལྟ་བུ་་ནས་སྟབས་བདེ་བའི་གློག་སྨན་གྱི་བར་དུ་ཡོད། དྲག་ཆར་གྱི་སྤྲིན་པ་ནས་གློག་འཁྱུག་གི་ངོ་བོར་གློག་གློད་པ་དང་། གློག་སྨན་ནས་བེད་སྤྱོད་ཅན་གྱི་བྱ་བ་སྒྲུབ་མཁན་གློག་རྒྱུན་གྱི་ངོ་བོར་གློག་གློད་ཀྱི་ཡོད།
electrical ballast གློག་རྒྱུན་སྙོམ་ཆས། phys. A device that provides starting voltage and also limits current during normal operation in electrical discharge lamps such as fluorescent lamps. ཐད་འཚེར་གློག་བཞུ་ལྟ་བུའི་གློག་སྒྲོན་ལ་ཐོག་མའི་འགོ་འཛུགས་ཀྱི་ཝོལ་ཚད་མཁོ་སྤྲོད་བྱེད་པ་དང་། དེའི་རྒྱུན་ལྡན་གྱི་བྱེད་སྒོའི་སྐབས་སུ་གློག་རྒྱུན་ལ་ཚོད་འཛིན་བྱེད་མཁན་གྱི་ཡོ་ཆས་ཤིག