Search:
TermEnglish DefinitionTibetan Definition
Dry beriberi རྩ་ནད་བྷེ་རི་བྷེ་རི། neurosci.
drum brake རྔ་དབྱིབས་སྒག་ཆས། phys. A brake that operates by the friction of pads pressing against a rotating drum. སྐོར་བ་བྱེད་ཀྱིན་པའི་རྔ་ཡི་ངོས་སུ་སྒག་གདན་མནན་པ་ལས་བྱུང་བའི་འགོག་ཤུགས་ལ་བརྟེན་ནས་བྱེད་ལས་སྒྲུབ་པའི་སྒག་ཆས་ཤིག
drum རྔ་གཞོང་།
drug tolerance མྱོས་རྫས་ཐེག་ཚད། སྨན་རྫས་ཐེག་ཚད། biol. A condition of diminished responsiveness to a particular drug resulting from repeated exposure to it. Once tolerance has developed, increased doses are required to produce the effects achieved earlier with smaller doses. མྱོས་རྫས་ངེས་ཅན་ཞིག་ཐེངས་མང་དུ་བསྟེན་པ་ལ་བརྟེན་ནས་དེར་ཡ་ལན་སྤྲོད་ཚུལ་ཇེ་ཞན་དུ་གྱུར་བའི་གནས་སྟངས་ཤིག གནས་སྟངས་འདི་བྱུང་ཚེ་སྔོན་ཆད་སྨན་ཐུན་ཉུང་ཉུང་གིས་སྤྲོད་ཐུབ་པའི་ཤུགས་རྐྱེན་དེ་ལྟ་བུ་འབྱུང་བར་སྨན་ཐུན་ཇེ་མང་དུ་གཏོང་དགོས་པ་ཡིན།
Drug resistance སྨན་འདྲེད། biol.
drug dependence མྱོས་རྫས་ལྟོས་ཤོར། biol. Condition in which one craves or depends on a particular drug that one is accustomed to taking. བསྟེན་རྒྱུར་གོམས་པའི་མྱོས་རྫས་ངེས་ཅན་ཞིག་ལ་བརྟེན་དགོས་པར་གྱུར་བའམ་མྱོས་རྫས་དེ་ཐོབ་པར་སྲེད་ཞེན་བྱེད་པའི་གནས་སྟངས།
drug addiction མྱོས་རྫས་ལང་ཤོར། biol. The fact of being mentally and physically dependent on taking a particular drug regularly. ལུས་སེམས་གཉིས་ཀ་མྱོས་རྫས་ངེས་ཅན་ཞིག་ལ་དུས་རྒྱུན་དུ་བརྟེན་དགོས་པར་གྱུར་བའི་གནས་སྟངས།
drug abuse སྨན་རྫས་ལོག་སྤྱོད། biol. Inappropriate, illegal, or excessive use of a drug. ཚུལ་དང་མི་མཐུན་པའམ། ཁྲིམས་དང་མི་མཐུན་པ། ཡང་ན་མང་དྲགས་པའི་སྒོ་ནས་སྨན་རྫས་བེད་སྤྱོད་བྱེད་པ།
drug མྱོས་རྫས། སྨན་རྫས། chem. 1. A chemical substance, such as a narcotic or hallucinogen, that affects the central nervous system, causing changes in behavior and often addiction. 2. A substance used in the diagnosis, treatment, or prevention of a disease or as a component of a medication. ༡ དབང་རྩ་ལྟེ་བའི་མ་ལག་ལ་ཤུགས་རྐྱེན་སྤྲད་དེ་གཤིས་སྤྱོད་ལ་འགྱུར་བ་གཏོང་བ་དང་། མཚམས་རེར་ངན་ལོབ་ཏུ་འགྲོ་བར་བྱེད་པའི་བཟི་སྨན་ནམ་འཁྲུལ་སྣང་སྐྱེད་རྫས་ལྟ་བུའི་རྫས་སྦྱོར་བེམ་རྫས་ཤིག ༢ ན་ཚ་ཞིག་བརྟག་པའམ། བཅོས་བ། ཡང་ན་སྔོན་འགོག་གི་ཆེད་དུ་སྤྱོད་པའི་བེམ་རྫས་ཤིག་གམ། ཡང་ན་སྨན་བཅོས་ཀྱི་རྒྱུ་ཆ་རུ་སྤྱོད་པའི་བེམ་རྫས་ཤིག
drowsy གཉིད་བཟི། neurosci. Being in a state between sleeping and being awake གཉིད་པ་དང་སད་པ་གཉིས་ཀྱི་དབར་དུ་ཡོད་པའི་གནས་བབ་ཅིག
Drop-down menu འོག་དཔྱང་འདེམས་ཐོ། Compt.
drop གློད། ལྷུང་དུ་འཇུག་པ། ཟགས་པར་བྱེད་པ། To fall intentionally or unintentionally, or to let something fall ཀུན་སློང་ཡོད་མེད་གང་རུང་གི་སྒོ་ནས་མར་ཟགས་པའམ། དངོས་པོ་གང་རུང་ཞིག་ལྷུང་དུ་འཇུག་པ།
Driving question སྐུལ་འདེད་དྲི་བ། Pedagog.
driving force སྐུལ་ཤུགས། neurosci.
driver mutation འབྲས་འདྲེན་ཉེས་འགྱུར། biol. [འབྲས་ནད་འདྲེན་པར་བྱེད་པའམ་འབྲས་ནད་ལ་རྐྱེན་བྱེད་པའི་ཉེས་འགྱུར།]