| drift velocity འཁྱོག་འགྲོས་མྱུར་ཚད། | phys. Average velocity of electrons moving in a wire. | གློག་སྐུད་ཅིག་ཏུ་རྒྱུ་བཞིན་པའི་གློག་རྡུལ་རྣམས་ཀྱི་ཆ་སྙོམས་མྱུར་ཚད། |
| Drawing-to-learn རི་མོ་འབྲི་བཞིན་སྦྱོང་བ། | Pedagog. | |
| drag force དྲུད་ཤུགས། | phys. A force that opposes an object moving through a fluid. | རྒྱུག་གཟུགས་ཤིག་བརྒྱུད་ནས་བགྲོད་བཞིན་པའི་དངོས་པོ་ལ་གེགས་བྱེད་མཁན་གྱི་ཤུགས་ཤིག |
| drag ཟློག་དྲུད། | phys. To move something heavy by pulling it along the ground | ས་ངོས་ནས་དངོས་པོ་ལྗིད་མོ་ཞིག་འདྲུད་འཐེན་བྱས་པ་ལ་བརྟེན་ནས་འགུལ་སྐྱོད་བྱེད་དུ་འཇུག་པ། |
| downregulation འགྲིབ་པའི་ཚོད་འཛིན། འགྲིབ་ཚོད། | neurosci. | |
| Downregulated འགྲིབ་ཚོད་འཛིན་པའི། | neurosci. | |
| downrange བབས་ཐག | phys. Being in the designated path from a launch pad to the point on a course generally taken as the target. | འཕེན་ས་ནས་དམིགས་འབེན་དབར་གྱི་ལམ་ཐག |
| Down's syndrome ཌ་འུན་རྟགས་འདུས། | biol. A clinical condition of humans caused by an extra copy of chromosome 21 (trisomy 21) named after the physician (John) Langdon Haydon Down (1828-96), who made the first detailed study. | ཚོས་གཟུགས་ ༢༡ པ་ (ཏྲི་སོ་མི་ ༢༡) འདྲ་བཤུས་འཕར་མ་ཞིག་ཡོད་པ་ལ་བརྟེན་ནས་བྱུང་བའི་ནད་ཀྱི་གནས་སྟངས་ཤིག འདི་ནི་ནད་དེའི་སྐོར་ལ་ཞིབ་ཕྲའི་ཞིབ་འཇུག་ཐོག་མ་བྱེད་མཁན་གྱི་སྨན་པ་(ཇཱོན་) ལེང་ཌོན་ ཧེ་ཌོན་ ཌ་འུན་(1828-1896) གྱི་མིང་ལ་བརྟེན་ནས་བཏགས་པ་ཞིག་རེད། |
| down མར། (ཁོག་རྡུལ་རིགས་ཤིག) | phys. The flavor of quark that has a charge of − 1/3 and a mass about 10 times that of an electron, belongs to the first generation of elementary fermions, and is a component of nucleons and other hadrons. | གཞི་རྩའི་ཧྥེར་མིའི་རྡུལ་རབས་དང་པོར་གཏོགས་ཤིང་། ཁུར་ -1/3 དང་། གདོས་ཚད་ནི་གློག་རྡུལ་གྱི་ལྡབ་ 10 ཡིན་པའི་ཁོག་རྡུལ་གྱི་གྲས་དེ་ལ་གོ འདི་ཉིད་ལྟེ་ཆ་དང་སྲ་རྡུལ་གཞན་གྱི་གྲུབ་ཆ་ཡིན། |
| double-helix structure གཅུས་གཟུགས་ཉིས་ལྡན་ཀྱི་བཀོད་པ། | biol. | |
| double stranded ཉག་ཟུང། | biol. | |
| double slits experiment གཤགས་ཁ་གཉིས་ལྡན་གྱི་བརྟག་དཔྱད། | phys. The double-slit experiment is a nineteenth-century investigation into the properties of light that has since been found to demonstrate both the duality of photons and the concepts of superposition and quantum interference. | གཤགས་ཁ་གཉིས་ལྡན་གྱི་བརྟག་དཔྱད་ནི་འོད་རྡུལ་ནི་རྡུལ་གྱི་ངོ་བོ་དང་། རྩེག་སྣོལ་གྱི་ལྟ་ཚུལ་དང་ཚད་རྡུལ་གྱི་ཐེ་ཞུགས་གཉིས་ནི་རླབས་ཀྱི་ངོ་བོར་ཡོད་པའི་ཁྱད་ཆོས་གཉིས་ཀ་བརྟག་དཔྱད་ཀྱི་ལམ་ནས་མཚོན་པར་བྱས་པའི་དུས་རབས་བཅུ་དགུ་བའི་བརྟག་དཔྱད་ཅིག་ཡིན་ནོ། |
| double slits གཤགས་ཁ་གཉིས་ལྡན། | phys. | |
| double helix གཅུས་གཟུགས་ཉིས་ལྡན། | biol. The two-stranded coiled structure of DNA. | ཉག་མ་གཉིས་གཅུ་སྒྲིམ་བྱས་ནས་ཡོད་པའི་ཌི་ཨེན་ཨེ་ཡི་བཀོད་པ་ལ་ཟེར། |
| double bond འཆིང་བ་ཉིས་ལྡན། | chem. A covalent bond in which two electron pairs are shared between two atoms. | རྡུལ་ཕྲན་གཉིས་ཀྱིས་གློག་རྡུལ་ཆ་གཉིས་མཉམ་སྤྱོད་བྱེད་པའི་མཉམ་སྤྱོད་འཆིང་བ་ཞིག |