| Disjunction rule འབྱེད་འཕྲལ་སྒྲིག་གཞི། མཚམས་འཕྲལ་སྒྲིག་གཞི། | Phil. | (འབྱེད་ཚིག་ “གམ་ངམ་དམ་”སོགས་སྤྱོད་ཚུལ།) |
| disintegration འཐོར་ཞིག | phys. A process in which a nucleus or other subatomic particle emits a smaller particle or divides into smaller particles. | ལྟེ་རྡུལ་ལམ་ཕྲ་རྡུལ་གྱིས་ཧ་ཅང་ཕྲ་བའི་རྡུལ་གློད་པའམ། ཡང་ན། ལྟེ་རྡུལ་ལམ་ཕྲ་རྡུལ་ལས་ཆུང་བའི་རྡུལ་དུ་ཐོར་བའི་རྒྱུད་རིམ་ལ་གོ |
| dish antenna གནམ་སྡེར། | phys. A receiver or transmitter of electromagnetic energy, especially microwaves or radio waves, that consists of a reflector shaped like a shallow dish. | གློག་ཁབ་ལེན་གྱི་རླབས་སྤྱི་དང་། བྱེ་བྲག་ཏུ་ཕྲ་རླབས་དང་རླུང་འཕྲིན་གྱི་རླབས་སྣེ་ལེན་བྱེད་མཁན་ནམ་རྒྱུད་གཏོང་བྱེད་མཁན་ཏེ། སྡེར་མ་ཀོང་ཀོང་གི་དབྱིབས་སུ་ཡོད་པའི་ལྡོག་འཕྲོ་བྱེད་ཆས་ཀྱིས་གྲུབ་པ་ཞིག |
| disease ན་ཚ། | biol. An abnormal condition of a part, organ, or system of an organism resulting from various causes, such as infection, inflammation, environmental factors, or genetic defect, and characterized by an identifiable group of signs, symptoms, or both. | གཉན་ཁའམ། ཚ་སྐྲང་། ཁོར་ཡུག་གི་བྱེད་རྐྱེན། ཡང་ན། རིགས་རྫས་ཀྱི་སྐྱོན་ཆ་ལ་སོགས་པའི་རྒྱུ་རྐྱེན་སྣ་ཚོགས་པས་སྐྱེ་ལྡན་ཞིག་གི་ལུས་ཀྱི་ཆ་ཤས་སམ། དབང་པོ། ཡང་ན་མ་ལག་ཅིག་ལ་སྐྱེད་པའི་རྒྱུན་ལྡན་མིན་པའི་གནས་སྟངས་ཤིག་ལ་གོ་ཞིང་། ཁྱད་རྟགས་སུ་ངོས་འཛིན་ཐུབ་པའི་རྟགས་མཚན་དང་ནད་རྟགས་དུ་མ་སོ་སོར་འབྱུང་བའམ་མཉམ་དུ་འབྱུང་བ་ཡང་ཡོད། |
| discussion གྲོས་བསྡུར། | SEE Learning | |
| discs སྡེར་མ། | phys. | |
| discrete variable ཁེར་ཚུགས་འགྱུར་གྲངས། ཁེར་ཚུགས་འགྱུར་ཆོས། | Res. | |
| discrete spectrum ཆད་ཤལ། (རྒྱུན་ཆད་པའི་འོད་ཤལ།) | phys. A spectrum whose component wavelengths make up a separate and distinct sequence of values, as opposed to a continuum of values. | གྲུབ་ཆའི་རླབས་ཐག་རྣམས་ནི་རྒྱུན་མཐུད་པའི་གྲངས་ཐང་གིས་གྲུབ་པ་མིན་པར་ཐ་དད་ཅིང་ཁྱད་པར་བའི་གྲངས་ཐང་བསྟར་མ་ཞིག་གིས་གྲུབ་པའི་འོད་ཤལ་ལ་གོ |
| discrete ཁེར་ཚུགས། | phys. Individually separate and distinct. | སྒེར་རེ་རེ་ནས་ཐ་དད་དང་སོ་སོ་བ་ཡིན་པ། |
| discredit མཚན་ཤས། | Loss of respect or damage to one's reputation | བརྩི་མཐོང་བརླག་པའམ་སྒེར་ཞིག་གི་མཚན་སྙན་ལ་དོ་ཕོག |
| Discipline རིག་ཚན། | SEE Learning | |
| discharge ཁུར་ཤོར། ཁུར་གློད། | phys. The release of electricity from a charged object. | ཁུར་ལྡན་དངོས་པོ་ཞིག་ནས་གློག་གློད་པ་ལ་གོ |
| disc brakes སྡེར་དབྱིབས་སྒག་ཆས། | phys. A brake in which the friction is caused by a set of pads that press against a rotating disk. | སྐོར་བ་བྱེད་ཀྱིན་པའི་སྡེར་མའི་ངོས་སུ་སྒག་གདན་མནན་པ་ལ་བརྟེན་ནས་འགོག་ཤུགས་སྐྲུན་པར་བྱེད་པའི་སྒག་ཆས་ཤིག |
| disaccharide ཀ་ར་ཉིས་ལྡན། ཉིས་མངར། | chem. Any of a class of sugars, including lactose and sucrose, that are composed of two monosaccharides. | འོ་མའི་མངར་རྫས་དང་སུ་ཁུ་མངར་རྫས་ལྟ་བུའི་ཆིག་མངར་གཉིས་ལས་གྲུབ་པའི་མངར་རྫས་ཀྱི་རིགས་གང་རུང་ཞིག |
| directly proportional ཐད་འབྲེལ་ཆ་མཚུངས། ཐད་འབྲེལ། | phys. Proportional in the order of the terms; increasing or decreasing together, and with a constant ratio. | བསྟར་ལ་སྒྲིག་པའི་གྲངས་ཀའི་གོ་རིམ་ལྟར་དུ་ཆ་མཚུངས་ཡིན་པ་སྟེ། བསྡུར་ཚད་འགྱུར་མེད་ཅིག་ལ་བརྟེན་ནས་ཇེ་ཆེའམ་ཇེ་ཆུང་དུ་མཉམ་དུ་འགྲོ་བ། |