Search:
TermEnglish DefinitionTibetan Definition
Dihydrotestosterone ཡང་རླུང་གཉིས་ལྡན་ཕོ་གཤིས་རྨེན་གཤེར། biol.
digits གྲངས་གནས། phys.
digital watch གྲངས་སྟོན་ཆུ་ཚོད། phys. A watch in which the hours, minutes, and sometimes seconds are indicated by digits, rather than by hands on a dial. ཆུ་ཚོད་དང་སྐར་མ། མཚམས་རེར་སྐར་ཆ་དང་བཅས་པ་ཆུ་ཚོད་ངོས་ཀྱི་མདའ་རྟགས་ཀྱིས་སྟོན་པ་མ་ཡིན་པར་གྲངས་ཀ་ཡིས་སྟོན་པར་བྱེད་པའི་ཆུ་ཚོད་ཅིག [གྲངས་ཀྱིས་དུས་སྟོན་པར་བྱེད་པའི་ཆུ་ཚོད།]
digital versatile disc (DVD) གྲངས་སྡེར། phys. Formerly called digital video disc, a compact disc that contains video material. བརྙན་འཕྲིན་གྱི་རྒྱུ་ཆ་གསོག་ཉར་བྱེད་སའི་འོད་སྡེར་ཞིག་སྟེ་སྔོན་ཆད་གྲངས་འབྲེལ་བརྙན་སྡེར་ཞེས་འབོད་པ་ཞིག
digital signal གྲངས་བརྡ། phys. Signal made up of discrete quantities or signals, as opposed to an analog signal, which is based on a continuous signal. རྒྱུན་མཐུད་པའི་བརྡ་འཕྲིན་གཞི་ལ་བཞག་པའི་མཐུན་བརྡ་ལས་ལྡོག་སྟེ་རྒྱུན་ཆད་པའི་གྲངས་འབོར་རམ་བརྡ་འཕྲིན་གྱིས་གྲུབ་པའི་བརྡ་འཕྲིན།
Digital learning platform དྲ་ཐོག་ཤེས་སྦྱོང་སྡིངས་ཆ། SEE Learning
digital camera གྲངས་འཛིན་པར་ཆས། phys. A camera that produces digital images that can be stored in a computer, displayed on a screen and printed གློག་ཀླད་ཀྱི་ནང་དུ་གསོག་ཉར་བྱེད་ཐུབ་ལ། བརྙན་ཡོལ་གྱི་ངོས་སུ་སྟོན་ཐུབ་པ་དང་། པར་སྐྲུན་ཡང་བྱེད་ཐུབ་པའི་གྲངས་འབྲེལ་བརྙན་པར་སྐྲུན་བྱེད་ཀྱི་པར་ཆས་ཤིག
digital audio གྲངས་འཛིན་མཉན་བྱ། phys.
digital age གྲངས་འཕྲིན་དུས་རབས། phys. The present time, when most information is in a digital form, especially when compared to the time when computers were not used ཆ་འཕྲིན་ཕལ་ཆེ་བ་གྲངས་འབྲེལ་གྱི་རྣམ་པར་ཡོད་པའི་ད་ལྟའི་དུས་སྐབས་ལ་གོ་བ་དང་། བྱེ་བྲག་ཏུ་གློག་ཀླད་བེད་སྤྱོད་བྱས་མེད་པའི་དུས་སྐབས་ལ་བསྡུར་བ་ཞིག་ཡིན།
digital གྲངས་ཀྱི། phys. Relating to, using, or storing data or information in the form of digital signals. གྲངས་ཐོའམ་ཆ་འཕྲིན་རྣམས་གྲངས་བརྡའི་ངོ་བོར་ཉར་ཚགས་བྱེད་པའམ། བེད་སྤྱོད་བྱེད་པ་དང་འབྲེལ་བ་ཡོད་པར་སྟོན་པ།
digestive tract འཇུ་བྱེད་རྒྱུ་ལམ། biol. The organs through which food and liquids pass when they are swallowed, digested, and eliminated. These organs are the mouth, esophagus, stomach, small and large intestines, and rectum and anus. མིད་པ་དང། འཇུ་བ། ཕྱིར་འདོར་བཅས་བྱེད་པའི་སྐབས་སུ་ཟས་རྡོག་དང། གཤེར་ཁུ་རྣམས་བརྒྱུད་གཏོང་བྱེད་སའི་དབང་པོ་རྣམས་ལ་ཟེར། དབང་པོ་དེ་རྣམས་ནི་ཁ་དང། མིད་པ། ཕོ་བ། རྒྱུ་ལོང་ཆེ་བ་དང་ཆུང་བ། གཞང་དཀར་ནག་དང་བཤང་ལམ་བཅས་ཡིན།
digestive tissue འཇུ་བྱེད་ཕུང་གྲུབ། biol.
digestive system འཇུ་བྱེད་མ་ལག biol. The digestive tract and digestive glands regarded as an integrated system responsible for the ingestion, digestion, and absorption of food. ཟས་འཇུ་བྱེད་ཀྱི་རྒྱུ་ལམ་དང་འཇུ་བྱེད་རྨེན་བུ་རྣམས་ནི་ཟས་ཁོག་པར་གཏོང་བ་དང་། འཇུ་བ། ཟས་ཀྱི་བཅུད་རྫས་འཇིབ་པ་བཅས་དང་འབྲེལ་བ་ཡོད་པའི་ལྷན་སྒྲིག་མ་ལག་ཅིག་ཏུ་ངོས་འཛིན་བྱེད།
digestive substances འཇུ་བྱེད་ཟས། biol.
digestive enzymes འཇུ་བྱེད་སྨིན་རྫས། biol. Any enzyme involved in digestive processes in the alimentary canal. ཟས་ཀྱི་རྒྱུ་ལམ་གྱི་ནང་དུ་ཟས་འཇུ་བའི་རྒྱུད་རིམ་ལ་ཐེ་གཏོགས་བྱེད་པའི་སྨིན་རྫས་གང་རུང།