Search:
TermEnglish DefinitionTibetan Definition
digestion འཇུ་ལེན། biol. The process of breaking down food by mechanical and enzymatic action in the alimentary canal into substances that can be used by the body. ཟས་ཀྱི་རྒྱུ་ལམ་དུ་ཡོད་པའི་འགུལ་སྐྱོད་དང་སྨིན་རྫས་ཀྱི་བྱེད་ལས་ལ་བརྟེན་ནས་ཟ་མ་ཞིབ་ཞིབ་བཟོས་ཏེ་ལུས་པོས་བེད་སྤྱོད་བྱེད་ཐུབ་པའི་དངོས་རྫས་སུ་བསྒྱུར་བའི་རྒྱུད་རིམ་ལ་གོ
diffusion tensor imaging (DTI) འགྱེས་འགྲམས་དཔར་ལེན། phys. A refinement of magnetic resonance imaging that allows the doctor to measure the flow of water and track the pathways of white matter in the brain. DTI is able to detect abnormalities in the brain that do not show up on standard MRI scans. སྨན་པར་་ཀླད་པའི་ནང་གི་དཀར་རྫས་ཀྱི་རྒྱུ་ལམ་འཚོལ་བ་དང་ཆུ་ཡི་རྒྱུ་ཚད་འཇལ་དུ་འཇུག་པའི་ཁབ་ལེན་མཉམ་འདར་དཔར་ལེན་ཇེ་ལེགས་སུ་བཏང་བ་ཞིག ཚད་ལྡན་སྡུད་པར་གྱིས་སྟོན་མི་ཐུབ་པའི་ཀླད་པའི་འཁྲུག་སྐྱོན་འགྱེས་འགྲམས་དཔར་ལེན་ལ་བརྟེན་ནས་རྟོགས་ཐུབ་ཀྱི་ཡོད།
diffusion ཁྱབ་འགྱེད། phys. The movement of ions or molecules from an area of higher concentration to an area of lower concentration. Ions and small molecules can move across a cell membrane by diffusion. གྱེས་རྡུལ་ལམ་འདུས་རྡུལ་རྣམས་གར་ཚད་མཐོ་བའི་ཁུལ་ནས་གར་ཚད་དམའ་བའི་ཁུལ་དུ་འགུལ་སྐྱོད་བྱེད་པ་ལ་ཟེར། ཁྱབ་འགྱེད་ལ་བརྟེན་ནས་གྱེས་རྡུལ་དང་འདུས་རྡུལ་ཕྲ་མོ་རྣམས་ཕྲ་ཕུང་སྐྱི་མོ་བརྒྱུད་དེ་འགུལ་བསྐྱོད་བྱེད་ཐུབ།
diffuse reflection འགྲམས་འཕྲོ། phys. Reflection of waves in many directions from a rough surface. མི་སྙོམས་པའི་ངོས་ལས་རླབས་ཕྱོགས་གང་སར་ལྡོག་འཕྲོ་བྱས་པ།
diffuse optical tomography (DOT) འོད་འགྱེད་དུམ་སྒྲིག་གློག་པར། phys.
diffraction grating སྐོར་འཕྲོའི་ལིང་ཚེ། phys. Series of closely spaced parallel slits or grooves that are used to separate colors of light by interference. ཐེ་ཞུགས་ལ་བརྟེན་ནས་འོད་ཀྱི་ཚོན་མདོག་དབྱེ་བ་འབྱེད་པར་སྤྱོད་པའི་བར་ཐག་ཆུང་བའི་མཉམ་གཤིབ་ཀྱི་གཤགས་ཁའམ་ཤུར་ཁ་བསྟར་ཕྲེང་སྒྲིག་པ་ཞིག
diffraction fringe སྐོར་འཕྲོའི་ཁ་ཚར། phys. A pattern of alternate dark and light bands produced by diffracted light passing the edge of an opening. སྟོང་ཆ་ཞིག་གི་ཟུར་གདོང་རྒྱུད་ནས་འཕྲོས་པའི་འོད་དེ་སྐོར་འཕྲོ་བྱས་པ་ལས་གྲུབ་པའི་དཀར་ནག་གི་ཐིག་རིས་སྤེལ་མར་ཡོད་པའི་བཀོད་རིས་ཤིག
diffraction སྐོར་འཕྲོ། phys. Bending of light that passes around an obstacle or through a narrow slit, causing the light to spread and to produce light and dark fringes. འགོག་དངོས་སྐོར་བའམ་གཤགས་ཁ་ཕྲ་མོ་བརྒྱུད་ནས་བགྲོད་སྐབས་འོད་ཟེར་བཀུག་འགྲོ་བ་དེ་ལ་གོ་ཞིང་། དེ་ལ་བརྟེན་ནས་འོད་བཀྲམས་ཏེ་དཀར་ནག་གི་ཁ་ཚར་བསྐྲུན་གྱི་ཡོད།
Differentiation ཁྱད་འབྱེད། pedagog.
differentiation ཁྱད་འགྱུར། biol. The process by which cells or tissues change from relatively generalized to specialized kinds, during development. འཚར་འཕེལ་གྱི་སྐབས་སུ་ཕྲ་ཕུང་དང་ཕུང་གྲུབ་རྣམས་ལྟོས་བཅས་ཀྱི་སྤྱི་ཁྱབ་ཡིན་པའི་རིགས་ནས་ཁྱད་ལས་ཡིན་པའི་ངོ་བོར་འགྱུར་བ་འགྲོ་བའི་རྒྱུད་རིམ་ལ་གོ
differentiated process ཕྱེས་པའི་བྱ་རིམ། biol.
Differentiated instruction སྒོས་ཚན་ཁྲིད་ཐབས། ཁྱད་འབྱེད་ཁྲིད་ཐབས། pedagog.
Differential signaling ཁྱད་ལྟོས་བརྡ་གཏོང་། phys.
Differential Signal ཁྱད་ལྟོས་གློག་བརྡ། phys. [ཐོག་མའི་བརྡ་གཉིས་ཀྱི་ཝོལ་ཚད་ཀྱི་ཁྱད་པར་ལ་ལྟོས་པའི་མཐའ་མའི་གློག་བརྡ།]
differential refraction ཁྱད་སྣང་འཁྱོག་འཕྲོ། phys. The change of the apparent place of one object relative to a second object near it, due to refraction འཁྱོག་འཕྲོ་ལ་བརྟེན་ནས་ཉེ་འགྲམ་གྱི་དངོས་པོ་གཉིས་པ་ཞིག་ལ་ལྟོས་ཏེ་དངོས་པོ་དང་པོ་དེའི་སྣང་ཚུལ་གྱི་གནས་ས་ལ་ཐེབས་པའི་འགྱུར་བ། [ཁྱད་པར་ཅན་དུ་སྣང་བའི་འཁྱོག་འཕྲོ།]