| dichotomous key སྡེ་གཉིས་དབྱེ་ཐབས། | biol. | [ཁྱད་ཆོས་ཤིག་ཡོད་མེད་གཞིར་བྱས་ཏེ་སྡེ་ཚན་གཉིས་སུ་དབྱེ་བའི་ལག་ཐབས།] |
| diatomic molecule ཟུང་ལྡན་འདུས་རྡུལ། | chem. Molecules composed of only two atoms. | རྡུལ་ཕྲན་གཉིས་ཁོ་ནས་གྲུབ་པའི་འདུས་རྡུལ། |
| diatom ཆ་གས་ཆུ་བལ། | biol. | |
| Diathesis ནད་འབྱུང་གཤིས་ལུགས། | neurosci. | |
| diaphragm མཆིན་དྲི། | biol. A muscle that separates the chest cavity from the abdominal cavity. As the diaphragm contracts and expands, it causes air to move into and out of the lungs. | ཁོག་སྟོད་དང་ཁོག་སྨད་གཉིས་སོ་སོར་འབྱེད་མཁན་གྱི་ཤ་གནད་ཅིག་ལ་ཟེར་ཞིང་། མཆིན་དྲི་བསྡུ་འཁུམ་དང་ནར་སྐྱེད་ བྱེད་པ་དེ་ཡིས་གློ་བའི་ནང་དུ་རླུང་ཡར་འཇུག་པའམ་གློ་བ་ནས་རླུང་མར་འདོན་པར་བྱེད། |
| diameter ཚངས་ཐིག | math. A line segment joining two points on a circle or sphere and passing through its centre, or the length of such a line. | སྒོར་དབྱིབས་སམ་ཟླུམ་གཟུགས་ཤིག་གི་ལྟེ་བ་བརྒྱུད་ཅིང་མཐའ་གཉིས་ལ་ཐུག་པའི་ཐིག་དུམ་མམ། ཡང་ན་ཐིག་དུམ་དེའི་རིང་ཚད་ལ་གོ |
| diamagnetic ཁབ་འབུད། | phys. Of or relating to a substance that generates a magnetic field in the direction opposite to an externally applied magnetic field and is therefore repelled by it. | ཕྱི་ནས་བསྣན་པའི་ཁབ་ལེན་གྱི་ར་བ་ལས་ཁ་ཕྱོགས་ལྡོག་སྟེ་ཁབ་ལེན་ར་བ་སྐྲུན་ཅིང་། དེ་ལ་བརྟེན་ནས་ཕྱིའི་ར་ལེན་ར་བ་དེས་འབུད་པར་བྱེད་པའི་དངོས་རྫས་ཤིག་གི་ཁྱད་ཆོས། |
| dialysis ཚགས་འབྱེད། | biol. 1. The separation of particles in a liquid on the basis of differences in their ability to pass through a membrane. 2. The clinical purification of blood by dialysis, as a substitute for the normal function of the kidney. | ༡ སྐྱི་པགས་ཤིག་བརྒྱུད་ནས་བགྲོད་ཐུབ་མིན་གྱི་ནུས་པའི་ཁྱད་པར་གཞི་ལ་བཞག་སྟེ་གཤེར་ཁུ་ནང་གི་རྡུལ་དབྱེ་སེལ་བྱེད་པ། [སྐྱི་པགས་སྲབ་མོ་ཞིག་སྤྱད་དེ་འདུས་རྡུལ་ཆུང་བ་ཁག་འདུས་རྡུལ་ཆེ་བ་ལས་ཚགས་འབྱེད་བྱེད་པའི་རྒྱུད་རིམ།] ༢ མཁལ་མའི་རྒྱུན་ལྡན་གྱི་བྱེད་ལས་ཀྱི་ཚབ་ཏུ་སྨན་ཁང་ནང་ནས་ཚགས་འབྱེད་ལ་བརྟེན་ཏེ་ཁྲག་གཙང་བཟོ་བྱེད་པ་ལ་གོ |
| diagonal artery འཕྲེད་རྒྱུག་འཕར་རྩ། | biol. | |
| diagonal གཏད་ཐིག (ཁ་སྤྲོད་དུ་གནས་པའི་སྡུར་གཞི།) མཐུད་ཐིག ཟུར་སྦྲེལ། | math. Connecting two nonadjacent angles or vertices of a polygon or polyhedron, as a straight line. | མཐའ་མང་དབྱིབས་སམ་ངོས་མང་མཁྲེགས་གཟུགས་ཀྱི་ཉེ་མཁྲིས་སུ་མེད་པའི་སྣེ་གཉིས་དབར་དུ་བྲིས་པའི་དྲང་ཐིག |
| diagnostic test ཚུལ་འབྱེད་བརྟག་དཔྱད། | biol. A generic term for any test used to determine the nature or severity of a particular condition—e.g., imaging, laboratory tests, etc. | པར་འདེབས་དང་། ཚོད་ལྟ་ཁང་དུ་སྒྲུབ་པའི་བརྟག་དཔྱད་ལ་སོགས་པ་ལ་བརྟེན་ནས་ནད་ཅིག་གི་ངོ་བོ་དང་ཛ་དྲག་རང་བཞིན་ཐག་གཅོད་པར་བེད་སྤྱོད་བྱེད་པའི་བརྟག་དཔྱད་གང་ཡང་རུང་བ་ཞིག་གི་སྤྱི་མཚན་གྱི་བརྡ་ཆད་ཅིག |
| diagnosis ནད་གཞི་བརྟག་ཐབས། ནད་ངོས་བཟུང་བ། ཚུལ་ཕྱེད་པ། | biol. The identification of the nature of an illness or other problem by examination of the symptoms. | ནད་རྟགས་ལ་བརྟག་དཔྱད་བྱས་ཏེ་ནད་དམ་དཀའ་ངལ་གཞན་གྱི་རང་བཞིན་ངོས་འཛིན་པ་ལ་ཟེར། |
| diabetic neuropathy གཅིན་སྙི་རྩ་ནད། | neurosci. Nerve damage caused by diabetes that leads to numbness and sometimes pain and weakness in the hands, arms, feet, and legs. Diabetic neuropathy can affect the digestive tract, heart, and genitalia. The longer a person has diabetes, the greater the risk of neuropathy. There are four types of diabetic neuropathy. | གཅིན་སྙི་ན་ཚ་ལ་བརྟེན་ནས་དབང་རྩར་ཉམས་སྐྱོན་བྱུང་ནས་ཚོར་མེད་ཆགས་པ་དང། སྐབས་རེར་རྐང་ལག་ལ་ན་ཟུག་འབྱུང་ལ་ནུས་སྟོབས་མེད་པར་འགྱུར་། གཅིན་སྙི་རྩ་ནད་ཀྱིས་འཇུ་བྱེད་མ་ལག་དང། སྙིང། ཕོ་མོའི་སྐྱེད་འཕེལ་མ་ལག་བཅས་ལ་གནོད་སྐྱོན་གཏོང་ཐུབ། མི་ཞིག་ལ་གཅིན་སྙི་ན་ཚ་ཇི་ཙམ་གྱིས་རྒྱུན་རིང་བ་ཡོད་ན། གཅིན་སྙི་རྩ་ནད་འབྱུང་བའི་ཉེན་ཁ་དེ་ཙམ་གྱིས་ཆེ་བ་ཡོད། གཅིན་སྙི་རྩ་ནད་ལ་རིགས་བཞི་ཡོད། |
| diabetes གཅིན་སྙི་ཟ་ཁུ། | biol. Diabetes is a disease in which blood glucose levels are above normal. Most of the food we eat is turned into glucose, or sugar, for our bodies to use for energy. The pancreas, an organ that lies near the stomach, makes a hormone called insulin to help glucose get into the cells of our bodies. When you have diabetes, your body either doesn't make enough insulin or can't use its own insulin as well as it should. This causes sugar to build up in your blood. | གཅིན་སྙི་ཟ་ཁུ་ནི་ལུས་པོའི་ཁྲག་ནང་དུ་སྒུ་ལུ་མངར་རྫས་ཀྱི་ཚད་རིམ་དེ་རྒྱུན་ལྡན་ལས་མཐོ་བ་ཡོད་པའི་ནད་ཅིག་རེད། ང་ཚོས་ཟས་སུ་སྤྱོད་པའི་ཟ་མ་ཕལ་ཆེ་བ་ནི་ལུས་པོས་སྤྱོད་པའི་ནུས་པའི་ཆེད་དུ་སྒུ་ལུ་མངར་རྫས་སམ། ཀ་རའི་ངོ་བོར་བརྗེ་སྒྱུར་བྱེད་ཀྱི་ཡོད། ཕོ་བའི་འཁྲིས་སུ་ཆགས་པའི་གཤེར་རྨེན་གྱིས་ཨིན་སུ་ལིན་ཟེར་བའི་རྨེན་རྫས་ཤིག་སྐྲུན་པ་དང་། རྨེན་རྫས་དེ་ཡིས་སྒུ་ལུ་མངར་རྫས་རྣམས་ང་ཚོའི་ལུས་པོའི་ནང་གི་ཕྲ་ཕུང་དག་ཏུ་བརྒྱུད་གཏོང་བྱེད་པ་ལ་རམ་འདེགས་བྱེད་ཀྱི་ཡོད། གལ་ཏེ་མི་ཞིག་ལ་གཅིན་སྙི་ཟ་ཁུའི་ནད་ཡོད་ཚེ། ཁོང་གི་ལུས་པོས་ཨིན་སུ་ལིན་འདང་ངེས་ཤིག་སྐྱེད་སྐྲུན་མི་ཐུབ་པའམ། ལུས་པོས་ཨིན་སུ་ལིན་རྨེན་རྫས་དེ་ཚད་ལྡན་གྱིས་བཀོལ་སྤྱོད་ཐུབ་ཀྱི་མེད་པ་རེད། འདི་ལ་བརྟེན་ནས་ལུས་པོའི་ནང་དུ་མངར་རྫས་ཇེ་མང་དུ་འགྲོ་ཡི་ཡོད། |
| di ཉིས་ལྡན། | math. Twice : twofold : double | ལྡབ་གཉིས། ཉིས་ལྡབ། ཆ། |