Search:
TermEnglish DefinitionTibetan Definition
Desmosome མཐུད་ཕུང། biol. [ཕྲ་ཕུང་ཕན་ཚུན་མཐུད་སྦྱོར་བྱེད་པའི་ཕུང་པོའམ་ཆ་ཤས།]
Desirable features སྨོན་པའི་ཁྱད་ཆོས། phil.
descriptive འགྲེལ་བརྗོད་གྱི། phil.
descriptive studies འགྲེལ་ཞིབ་ཞིབ་དཔྱད། འགྲེལ་དཔྱད། biol.
Descriptive Statistics འགྲེལ་བརྗོད་མཐའ་རྩིས། འགྲེལ་བརྗོད་བཤེར་རྩིས། Res.
descriptive epidemiologist ནད་ཡམས་འགྲེལ་བརྗོད་རིག་པ་བ། biol.
description དངོས་བཤད། འགྲེལ་བཤད། A spoken or written account of a person, object, or event. མི་ཞིག་གམ། དངོས་པོ་ཞིག ཡང་ན་བྱུང་བ་ཞིག་གི་སྐོར་ལ་བྲིས་པའམ་བཤད་པའི་འགྲེལ་བརྗོད་ཅིག
Descent with modification འགྱུར་བཅས་རིགས་རྒྱུན། biol. [འགྱུར་བ་དང་བཅས་པའི་རིགས་རྒྱུད་ཀྱི་རྒྱུན།]
descending reticular activating system སད་བྱེད་ཐུར་རྒྱུ་རྩ་དྲ་མ་ལག biol.
Dermoptera པགས་གཤོག་ཅན། biol.
dermis བར་པགས། biol. The innermost layer of the skin in vertebrate animals, lying under the epidermis and containing nerve endings and blood and lymph vessels. In mammals, the dermis also contains hair follicles and sweat glands. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་པགས་པའི་ཆེས་ནང་མའི་རིམ་པ་དེ་ལ་གོ་ཞིང་། ཕྱི་པགས་ཀྱི་འོག་ཏུ་གནས་ཡོད་ལ། དེའི་ནང་དུ་དབང་རྩའི་སྣེ་མོ་དང། ཁྲག་དང་ཆུ་སེར་གྱི་རྩ་སྦུབས་བཅས་ཡོད། ནུ་གསོས་སྲོག་ཆགས་ཀྱི་ལུས་པོའི་བར་པགས་ཀྱི་ནང་དུ་སྐྲ་སྤུའི་སྐྱི་ཁུག་དང་རྔུལ་རྨེན་ཡང་ཡོད་པ་ཡིན།
dermatomes དབང་རྩས་ཁྱབ་པའི་རྒྱ་ཁྱོན། neurosci. An area of skin innervated by sensory fibers from a single spinal nerve. རྒྱུངས་པའི་དབང་རྩ་ཕྲ་གཟུགས་རྐང་གཅིག་ནས་ཐོན་པའི་དབང་ཚོར་རྩིད་སྐུད་ཀྱིས་ཁྱབ་པའི་པགས་པའི་ས་ཁུལ་ཞིག
dermal tissue བར་པགས་ཕུང་གྲུབ། biol.
Dereification སྒྲོ་འདོགས་སྤོང་བ། SEE Learning
depth perception རྒྱང་ཉེ་སྣང་བ། neurosci. The ability to perceive the relative distance of objects in one's visual field. རང་ཉིད་ཀྱི་མཐོང་ལམ་དུ་ཡོད་པའི་དངོས་པོའི་ལྟོས་བཅས་ཀྱི་རྒྱང་ཐག་མཐོང་ཐུབ་པའི་ནུས་པ།