Search:
TermEnglish DefinitionTibetan Definition
depression ཡིད་མུག SEE Learning
depression ཡིད་དམུས། ཡིད་མུག སེམས་ཞུམ། neurosci. Depression, in psychology, a mood or emotional state that is marked by feelings of low self-worth or guilt and a reduced ability to enjoy life. A person who is depressed usually experiences several of the following symptoms: feelings of sadness, hopelessness, or pessimism; lowered self-esteem and heightened self-depreciation; a decrease or loss of ability to take pleasure in ordinary activities; reduced energy and vitality; slowness of thought or action; loss of appetite; and disturbed sleep or insomnia. སེམས་ཁམས་རིག་པ་ལྟར་ན། ཡིད་མུག་ནི་རང་ཉིད་ཀྱི་རིན་ཐང་ཆུང་བར་བརྩི་བའམ་གནོང་འགྱོད་ཀྱི་སེམས་ཡོད་པ་དང་། བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་བའི་ནུས་པ་ཆུང་དུ་ཕྱིན་པའི་སེམས་ཁམས་སམ་སེམས་མྱོང་གི་གནས་བབས་ཤིག ཡིད་མུག་ཅན་གྱི་མི་ལ་སྤྱིར་བཏང་གི་ཆ་ནས་གཤམ་གསལ་གྱི་རྟགས་མཚན་ལས་འགའ་ཤས་འབྱུང་གི་ཡོད། སྐྱོ་སྣང་དང། རེ་བ་བྲལ་བ། ཡང་ན་ཡིད་ཆད་རིང་ལུགས་བཅས་ཀྱི་ཚོར་བ། རང་མཐོང་ཇེ་ཆུང་དང། རང་སྨད་ཇེ་ཆེར་ཕྱིན་པ། ནམ་རྒྱུན་གྱི་བྱེད་སྒོ་ཁག་ལས་སྤྲོ་སྣང་ལེན་པའི་ནུས་པ་དེ་བརླག་པའམ་ཆུང་དུ་སོང་བ། ནུས་པ་དང་ཟུངས་ཤུགས་རྒུད་པ། བསམ་གཞིག་དང་བྱ་སྤྱོད་དལ་དུ་ཕྱིན་པ། ཟས་ཀྱི་དང་ག་བརླག་པ། གཉིད་དཀའ་བའམ་གཉིད་ཡེར་བ་བཅས་སོ།
deposit feeder སྙིགས་གཟན། biol. Any animal that eats detritus and other organic materials which collect at the bottom of an aquatic habitat. ཆུ་ཁམས་ཀྱི་སྐྱེ་དངོས་གནས་ཡུལ་ཞིག་གི་མཐིལ་དུ་བསགས་པའི་སྙིགས་རོ་དང་སྐྱེ་ལྡན་གྱི་དངོས་རྫས་གཞན་ཟས་སུ་སྤྱོད་མཁན་གྱི་སྲོག་ཆགས་གང་རུང་། [སྐྱེ་ལྡན་རུལ་བའི་སྙིགས་མ་ཟ་བའི་སེམས་ཅན།]
Depolarizing response སྣེ་འདུམ་ཡ་ལན། neurosci.
depolarization སྣེ་འདུམ། phys. The prevention of polarization in a primary cell. For example, manganese (IV) oxide (the depolarizer) is placed around the positive electrode of a Leclanche cell to oxidize the hydrogen released at this electrode. ཐོག་མའི་གློག་རྫས་ནང་གི་སྣེ་གྱེས་པའི་རིམ་པ་འགོག་པའི་བྱ་བ། དཔེར་ན། ལེཀ་ལན་ཆེ་ཡི་གློག་རྫས་ཀྱི་གློག་སྣེ་ཕོ་ཡི་མཐའ་རུ་ལྕགས་ནག་འཚོ་རླུང་འདུས་རྡུལ་(སྣེ་འདུམ་པ།)བཞག་སྟེ། གློག་སྣེ་དེ་རུ་གློད་ཀྱིན་པའི་ཡང་རླུང་འཚོ་རླུང་དང་ལྷན་དུ་འདྲེས་སྦྱོར་བྱེད་དུ་འཇུག་གི་ཡོད།
dependent variable ལྟོས་བཅས་འགྱུར་ཆོས།
dependent variable ལྟོས་བཅས་འགྱུར་གྲངས། ལྟོས་གྲངས། math. A mathematical variable whose value is determined by the value assumed by an independent variable. རང་དབང་གི་འགྱུར་གྲངས་ཤིག་གིས་ཚོད་དཔག་བྱས་པའི་གྲངས་ཐང་ལ་བརྟེན་ནས་རང་ཉིད་ཀྱི་གྲངས་ཐང་ཐག་གཅོད་བྱེད་པའི་ཨང་རྩིས་ཀྱི་འགྱུར་གྲངས་ཤིག [གཞན་ལ་བརྟེན་ནས་འགྱུར་བ་འགྲོ་བའི་གྲངས་ཀ]
Dependent T-Test ལྟོས་བཅས་ཊི་ཚོད་ལྟ། research
dependency relationship ལྟོས་བཅས་ཀྱི་འབྲེལ་བ། phil.
dependence ལྟོས་བཅས། phil.
department of public works སྤྱི་དོན་ལྷན་ཁང་།
deoxyribose འཚོ་རླུང་བྲལ་བའི་ཉིང་མངར། biol. A pentose monosaccharide that forms an integral part of the structure of DNA. ཌི་ཨེན་ཨེ་ཡི་ཆགས་བཀོད་ཀྱི་ཆ་ཤས་མེད་མི་རུང་བའི་ལྔ་ཚན་ཀ་ར་ཞིག་ལ་ཟེར།
deoxyribonucleic acid འཚོ་རླུང་བྲལ་བའི་མངར་ལྡན་ཉིང་སྐྱུར། biol. A polynucleotide molecule which comprises the genetic material of organisms, consisting of the sugar deoxyribose, phosphate groups and nitrogenous bases. སྐྱེ་ལྡན་གྱི་རིགས་རྫས་ཀྱི་གྲུབ་ཆ་གནས་སའི་མང་སྦྱོར་ཉིང་རྡུལ་གྲུབ་ཆའི་འདུས་རྡུལ་ཞིག་ལ་ཟེར། དེའི་ནང་དུ་འཚོ་རླུང་བྲལ་བའི་ཉིང་མངར་དང་། འོད་ཀྱི་མ་མའི་སྡེ་ཚན། ཟེ་རླུང་གི་གཞི་རྫས་བཅས་ཡོད་པ་ཡིན།
Deoxygenated Hemoglobinའཚོ་རླུང་མེད་པའི་ཁྲག་དམར་སྤྲི་རྫས། biol.
deoxygenated blood འཚོ་རླུང་མེད་པའི་ཁྲག biol. Blood from which most of the oxygen has been removed by the tissues. It is darker than arterial oxygenated blood. འཚོ་རླུང་ཕལ་ཆེ་བ་ཕུང་གྲུབ་ཀྱིས་བླངས་ཚར་བའི་ཁྲག་ལ་གོ་ཞིང་། འཚོ་རླུང་དང་ལྡན་པའི་འཕར་རྩའི་ནང་གི་ཁྲག་ལས་སྨུག་ནག་པ་ཡོད།