Search:
TermEnglish DefinitionTibetan Definition
daughter cell ན་ཆུང་ཕྲ་ཕུང་། biol.
dataset  གྲངས་སྡེ། research [གྲངས་ཐོའི་སྡེ་ཚན།]
database གྲངས་མཛོད། research
data གྲངས་ཐོ། math. Facts and statistics collected together for reference or analysis. དཔྱད་གཞིའམ་ཞིབ་དཔྱད་ཀྱི་ཆེད་དུ་ཕྱོགས་བསྒྲིགས་བྱས་པའི་ཆ་འཕྲིན་དང་མཐའ་རྩིས་ལ་གོ
dashboard མདུན་པང། The panel facing the driver of a vehicle or the pilot of an aircraft, containing instruments and controls. འགྲུལ་འཁོར་གྱི་ཁ་ལོ་བའམ་གནམ་གྲུའི་ཁ་ལོ་བའི་མདུན་ཐད་དུ་ལག་ཆ་དང་སྟངས་འཛིན་གྱི་ཡོ་ཆས་ཡོད་སའི་པང་ལེབ་དེ་ལ་གོ
Darwinist ཌར་ཝིན་སྨྲ་བ། biol. Someone who accepts or advocates Darwin’s theories; specifically, a person who supports the idea that natural selection is the valid explanation for the presence of diverse species on earth. ཌར་ཝིན་གྱི་རྣམ་གཞག་ཁས་ལེན་ཞིང་དེ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གང་ཟག་ལ་གོ་ཞིང་། བྱེ་བྲག་ཏུ་སའི་གོ་ལའི་སྟེང་དུ་ཉེ་རིགས་སྣ་ཚོགས་ཡོད་པའི་རྒྱུ་མཚན་ནི་རང་བྱུང་འདེམས་སྒྲུག་ལ་བརྟེན་ནས་བྱུང་བར་འདོད་པའི་ལྟ་ཚུལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གང་ཟག
Darwinism ཌར་ཝིན་རིང་ལུགས། biol. The theory of the evolution of species by natural selection advanced by Charles Darwin. རང་བྱུང་འདེམས་སྒྲུག་ལ་བརྟེན་པའི་ཉེ་རིགས་འཕེལ་འགྱུར་གྱི་རྣམ་གཞག་སྟེ་ཌར་ཝིན་གྱིས་གཏན་ལ་ཕབ།
Darwin's theory ཌར་ཝིན་རྣམ་གཞག biol.
dart ཁབ་མདའ། A slender, pointed missile, often having tail fins, thrown by hand, shot from a blowgun, or expelled by an exploding bomb. ཕྲ་ཞིང་རྩེ་རྣོ་ལ་མཇུག་སྣེར་གཤོག་པ་ཡོད་པའི་འཕུར་མདའ་ཞིག་གོ་ཞིང་། ལག་པས་གཡུག་པའམ། རླུང་མདའ་ཡིས་རྒྱག་པ། ཡང་ན། ཐོར་གྱིན་པའི་འབར་མདེལ་གྱིས་གཏོར་ཆོག་པ་ཡིན།
Dark reaction འོད་བྲལ་རྫས་སྦྱོར། biol.
dark matter མི་མངོན་བེམ་གཟུགས། phys. Unseen and unidentified matter that is evident by its gravitational pull on stars in the galaxies. དགུ་ཚིགས་ནང་གི་སྐར་མ་ལ་འཐེན་ཤུགས་ཀྱི་ཤུགས་རྐྱེན་སྤྲོད་པ་དེ་ཡིས་ཡོད་པ་དཔང་རྟགས་བྱེད་ཅིང་། མཐོང་མི་ཐུབ་ལ་ངོས་བཟུང་བྱས་མེད་པའི་བེམ་གཟུགས།
dark energy མི་མངོན་ནུས་པ། phys. A theoretical repulsive force that counteracts gravity and causes the universe to expand at an accelerating rate. འཐེན་ཤུགས་ལ་ལྡོག་ཕྱོགས་ཀྱི་ཡ་ལན་སྤྲད་དེ་མྱུར་སྣོན་ཡོད་པའི་སྒོ་ནས་འཇིག་རྟེན་རྒྱ་སྐྱེད་དུ་འཇུག་མཁན་རྣམ་གཞག་ཁྲོད་ཀྱི་འབུད་ཤུགས་ཤིག
dark age མུན་བསྐལ། phil. The period in Europe from the fall of Rome in the fifth century ad to the restoration of relative political stability around the year 1000; the early part of the Middle Ages. དུས་རབས་ལྔ་པའི་ནང་དུ་རོམ་ཉམས་རྒུད་དུ་ཕྱིན་པ་ནས་ཕྱི་ལོ་ ༡༠༠༠ ལོའི་གཡས་གཡོན་ཞིག་ལ་ལྟོས་བཅས་ཀྱི་ཆབ་སྲིད་ཀྱི་བརྟན་ལྷིང་སླར་འཛུགས་བྱས་པའི་དབར་གྱི་ཡུ་རོབ་ཁུལ་གྱི་དུས་སྐབས་དེར་གོ འདི་ནི་དུས་རབས་བར་མའི་མགོ་སྟོད་ཡིན།
cytotoxin ཕུང་དུག biol. A substance having a specific toxic effect on certain cells. ཕྲ་ཕུང་བྱེ་བྲག་པ་ཞིག་ལ་དུག་གི་ཤུགས་རྐྱེན་ངེས་ཅན་ཞིག་སྤྲོད་པའི་དངོས་རྫས། [ཕྲ་ཕུང་ལ་གནོད་པའི་དུག་ཅིག]
cytotoxicity ཕྲ་ཕུང་དུག་ཤེད། biol. The state of being cytotoxic or the quality of being toxic to cell. ཕུང་དུག་ཅན་ཡིན་པའི་ངོ་བོའམ་ཕྲ་ཕུང་ལ་དུག་གནོད་ཅན་ཡིན་པའི་ཁྱད་ཆོས། [ཕྲ་ཕུང་ལ་གནོད་པའི་དུག་གི་ནུས་པ།]