| constituents གྲུབ་རྫས། གྲུབ་ཆོས། | chem. A component part of something. | དངོས་པོ་ཞིག་འགྲུབ་པར་མཁོ་བའི་གྲུབ་ཆ། |
| constellation སྐར་ཚོམ། | phys. Any of the 88 officially recognized star patterns into which the celestial sphere is divided; identified and named as definite groups and usually thought of as forming certain figures or shapes in the sky. | བར་སྣང་ཟླུམ་པོ་དེ་ཡོངས་གྲགས་སུ་ངོས་བཟུང་བྱས་པའི་སྐར་མའི་འཁོད་ལུགས་ ༨༨ དུ་ངོས་འཛིན་བྱས་པའི་ནང་གི་གང་རུང་ཞིག སྡེ་ཚན་ངེས་ཅན་དུ་ངོས་བཟུང་ཞིང་མིང་བཏགས་ཡོད་པ་དང། ནམ་མཁའི་མཐོངས་སུ་དབྱིབས་སམ་རི་མོ་ངེས་ཅན་དུ་གྲུབ་པར་འདོད། |
| constant region བརྟན་ཁུལ། | biol. A portion of an immunoglobulin molecule that is characterized by the same amino acid sequence regardless of the molecule, occurring in the C terminals of the heavy and light chains. | ནད་འགོག་ཟླུམ་སྤྲིའི་འདུས་རྡུལ་གང་ཡིན་ལྟོས་མེད་ཀྱི་སྒོ་ནས་ཨེ་མི་ནོ་སྐྱུར་རྫས་ཀྱི་བསྟར་རིམ་གཅིག་མཚུངས་ཡོད་པའི་འདུས་རྡུལ་དེའི་ཆ་ཤས་ཤིག་ལ་ཟེར་ཞིང་། ལྕི་ཕྲེང་དང་ཡང་ཕྲེང་གི་མཐའ་སྣེ་ C རུ་འབྱུང་གི་ཡོད། |
| constant of proportionality ཆ་མཚུངས་ཀྱི་བརྟན་གྲངས། ཆ་མཚུངས་བརྟན་གྲངས། | math. The constant value of the ratio of two proportional quantities x and y; usually written y = kx, where k is the factor of proportionality. | ཆ་མཚུངས་གྲངས་ཀ་ x དང་ y གཉིས་ཀྱི་བསྡུར་ཚད་ཀྱི་འགྱུར་མེད་གྲངས་ཀ སྤྱིར་བཏང་ y = kx ཞེས་འབྲི་ཞིང་། k ནི་ཆ་མཚུངས་བརྟན་གྲངས་ཡིན། |
| constant (numbers) བརྟན་གྲངས། | math. A quantity or parameter that does not change its value whatever the value of the variables, under a given set of conditions. | གནས་སྟངས་ངེས་ཅན་གྱི་འོག་ཏུ་འགྱུར་གྲངས་ཀྱི་རིན་ཐང་ཅི་འདྲ་ཞིག་ཡིན་རུང་། རང་ཉིད་ཀྱི་རིན་ཐང་ལ་འགྱུར་བ་མེད་པའི་འབོར་ཚད་དམ་ཞུགས་གྲངས་ཤིག |
| consolidation (དྲན་པ)བརྟན་པར་བྱེད་པ། | neurosci. The process in the brain that makes the memory for an event enduring; the process is thought to continue for some time after the event | བྱུང་བ་ཞིག་དང་འབྲེལ་བའི་དྲན་པ་དེ་བརྟན་པོར་བཟོ་བའི་ཀླད་པའི་ནང་གི་བྱ་བའི་རྒྱུད་རིམ་ཞིག་ལ་གོ་ཞིང་། རྒྱུད་རིམ་འདི་ནི་བྱུང་བའི་དེ་གྲུབ་པའི་རྗེས་སུ་ཡང་ཅུང་ཙམ་གྱི་རིང་ལ་རྒྱུན་མཐུད་ནས་གནས་བར་འདོད། |
| consistency རྒྱུན་ཆགས། | Reliability or uniformity of successive results or events | ལུ་གུ་རྒྱུད་ཀྱི་མཇུག་འབྲས་སམ་བྱུང་བའི་ཡིད་རྟོན་འཕེལ་བའི་རང་བཞིན་ནམ་ཆ་སྙོམས་པའི་རང་བཞིན། |
| conserved ཉར་ཚགས་བྱས་པའི། | phys. | |
| conserve ཉར་ཚགས་བྱེད་པ། | phys. Maintain (a quantity such as energy) at a constant overall total. | (ནུས་པ་ལྟ་བུའི་འབོར་ཚད་ཅིག་གི་)ཁྱོན་འབོར་བརྟན་པོར་གནས་བར་བྱེད་པ། |
| conservation of momentum འགུལ་ཚད་ཀྱི་ཉར་ཚགས། | phys. In the absence of a net external force, the momentum of an object or system of objects is unchanged. mv (before event) = mv (after event) | ཕྱི་ཡི་གཙང་ཤུགས་ཤིག་མེད་པའི་སྐབས་སུ་དངོས་པོ་ཤིག་གམ་དངོས་པོའི་མ་ལག་ཅིག་གི་འགུལ་ཚད་ལ་འགྱུར་བ་མེད། mv(སྔོན)=mv(རྗེས) |
| conservation of energy for machines འཕྲུལ་ཆས་ཀྱི་ནུས་པ་ཉར་ཚགས། | phys. | |
| conservation of energy ནུས་པ་ཉར་ཚགས། | phys. Principle that energy cannot be created or destroyed. It may be transformed from one form into another, but the total amount of energy never changes. | ནུས་པ་གསར་བཟོ་བྱེད་མི་ཐུབ་ལ་མེད་པར་ཡང་གཏོང་ཐུབ་པར་བརྗོད་པའི་རྩ་འཛིན། ནུས་པའི་ངོ་བོ་གཅིག་ནས་གཞན་ཞིག་ལ་བསྒྱུར་སྲིད་མོད། ཁྱོན་སྡོམ་གྱི་ནུས་པ་ལ་ནམ་ཡང་འགྱུར་བ་མེད། |
| conservation of charge གློག་ཁུར་ཉར་ཚགས། | phys. Principle that net electric charge is neither created nor destroyed but is transferable from one material to another. | གཙང་ཁུར་ནི་གསར་བཟོ་བྱེད་མི་ཐུབ་ལ་མེད་པར་ཡང་བཟོ་མི་ཐུབ་པར་དངོས་རྫས་གཅིག་ནས་གཞན་ལ་གནས་སྤོ་གཏོང་ཐུབ་པར་བརྗོད་པའི་རྩ་འཛིན། |
| conservation of angular momentum ཟུར་ཁུག་འགུལ་ཚད་ཀྱི་ཉར་ཚགས། | phys. When no external torque acts on an object or a system of objects, no change of angular momentum takes place. Hence, the angular momentum before an event involving only internal torques is equal to the angular momentum after the event. | དངོས་པོ་ཞིག་གམ་དངོས་པོའི་མ་ལག་ཅིག་གི་སྟེང་དུ་ཕྱི་རོལ་གྱི་གཅུས་ཤུགས་ཤིག་མ་ཐེབས་ཚེ། དེའི་ཟུར་ཁུག་འགུལ་ཚད་ལ་འགྱུར་བ་མེད། དེར་བརྟེན། ནང་རོལ་གྱི་གཅུས་ཤུགས་ཁོ་ནར་བརྟེན་པའི་བྱུང་བ་ཞིག་གི་སྔ་རོལ་གྱི་ཟུར་ཁུག་འགུལ་ཚད་ནི་བྱུང་བ་དེའི་རྗེས་ཀྱི་ཟུར་ཁུག་འགུལ་ཚད་དང་མཚུངས། |
| conservation law ཉར་ཚགས་ཀྱི་གཏན་ཁྲིམས། | phys. A law stating that the total magnitude of a certain physical property of a system, such as its mass, energy, or charge, remains unchanged even though there may be exchanges of that property between components of the system. | མ་ལག་ཅིག་གི་གདོས་ཚད་དང་། ནུས་པ། གློག་ཁུར་ལྟ་བུའི་དངོས་གཟུགས་ཀྱི་ཁྱད་ཆོས་རྣམས་གྲུབ་ཆའི་དབར་དུ་ཕར་ཚུར་བརྗེ་རེས་བྱེད་བཞིན་ཡོད་སྲིད་ན་ཡང་། སྤྱིའི་འབོར་ཚད་ལ་འགྱུར་བ་མེད་པར་སྨྲ་བའི་གཏན་ཁྲིམས་ཤིག |