| conductor ཁྲིད་གཟུགས། | phys. (a) Material through which heat can be transferred. (b) Material, usually a metal, through which electric charge can flow. Good conductors of heat are generally good electric charge conductors. | ཀ) དྲོད་ནུས་རྒྱུད་སྤྲོད་བྱེད་ཐུབ་པའི་དངོས་རྫས། ཁ) གློག་ཁུར་རྒྱུ་ཐུབ་ཅིང་སྤྱིར་བཏང་ནས་ལྕགས་རིགས་ཡིན་པའི་དངོས་རྫས། དྲོད་ནུས་ཀྱི་ཁྲིད་གཟུགས་ཡག་པོ་ཕལ་ཆེ་བ་གློག་ཁུར་གྱི་ཁྲིད་གཟུགས་ཡག་པོ་ཡིན། |
| conductivity ཁྲིད་ནུས། | phys. A measure of the ability of a substance to conduct heat. | དངོས་རྫས་ཤིག་གི་ཚ་དྲོད་རྒྱུད་ཁྲིད་བྱེད་ཐུབ་མིན་གྱི་ནུས་པའི་ཚད་འཇལ། |
| Conductive hearing loss སྒྲ་བརྒྱུད་ཐོས་ཉམས། | neurosci. | [སྒྲ་བརྒྱུད་གཏོང་དང་འབྲེལ་བའི་ཐོས་པ་ཉམས་པ།] |
| Conductive hearing loss བརྒྱུད་ཁྲིད་ཐོས་ཉམས། | neurosci. | [ནང་རྣ་རུ་སྒྲ་རླབས་བརྒྱུད་ཁྲིད་བྱེད་མ་ཐུབ་པའི་རྐྱེན་གྱིས་ཐོས་ཚོར་ཉམས་པ།] |
| conduction electrons རྒྱུད་ཁྲིད་གློག་རྡུལ། | phys. Electrons in a metal that move freely and carry electric charge. | ལྕགས་རིགས་ཀྱི་ནང་དུ་རང་དབང་དུ་རྒྱུ་ཞིང་གློག་ཁུར་དབོར་འདྲེན་བྱེད་པའི་གློག་རྡུལ། |
| Conduction deafness བརྒྱུད་འོན། | neurosci. | [ནང་རྣ་རུ་སྒྲ་རླབས་བརྒྱུད་ཁྲིད་བྱེད་མ་ཐུབ་པའི་འོན་པ།] |
| conduction བརྒྱུད་ཁྲིད། | phys. (a) In heat, energy transfer from particle to particle within certain materials, or from one material to another when the two are in direct contact. (b) In electricity, the flow of electric charge through a conductor. | ཀ) ཚ་དྲོད་རིག་པའི་སྐབས་སུ། ཕན་ཚུན་ཐད་ཀར་ཐུག་ཡོད་པའི་སྐབས་སུ་དངོས་རྫས་ཤིག་གི་རྡུལ་གཅིག་ནས་རྡུལ་གཞན་ལ་ནུས་པ་བརྒྱུད་སྤྲོད་བྱེད་པའམ། དངོས་རྫས་ཤིག་ནས་དངོས་རྫས་གཞན་ཞིག་ལ་ནུས་པ་བརྒྱུད་སྤྲོད་བྱེད་པ་ལ་གོ ཁ) གློག་རིག་གི་སྐབས་སུ། ཁྲིད་གཟུགས་ཀྱི་ནང་དུ་གློག་ཁུར་རྒྱུ་བ་ལ་གོ |
| conducting wire ཁྲིད་སྐུད། | phys. A metal conductor that carries electricity over a distance | གནས་གཅིག་ནས་གནས་ཞིག་ལ་གློག་ནུས་དབོར་འདྲེན་བྱེད་པའི་ལྕགས་རིགས་ཀྱི་ཁྲིད་གཟུགས་ཤིག |
| Conductance བརྒྱུད་ཁྲིད་ནུས་ཚད། | Phys. | |
| conduct འཁྲིད་པ། | phys. Transmit (a form of energy such as heat or electricity) by conduction. | བརྒྱུད་ཁྲིད་ལ་བརྟེན་ནས་(དྲོད་དམ་གློག་ལྟ་བུའི་ནུས་པ་)བརྒྱུད་གཏོང་བྱེད་པ། |
| conditioning རྐྱེན་འདྲིས། | neurosci. The learning process by which the behaviour of an organism becomes dependent on an event occurring in its environment. | སྐྱེ་དངོས་ཤིག་གི་གཤིས་སྤྱོད་རང་ཉིད་ཀྱི་ཁོར་ཡུག་ཏུ་འབྱུང་བཞིན་པའི་གནས་ཚུལ་ཞིག་ལ་བརྟེན་དགོས་པར་འགྱུར་བའི་ཤེས་སྦྱོང་གི་རྒྱུད་རིམ་ཞིག |
| conditioned stimulus གོམས་པའི་སྐུལ་རྐྱེན། | neurosci. A stimulus to which an organism has learned to make a response by classical conditioning. | རྒྱུན་འགྲོས་རྐྱེན་འདྲིས་ལ་བརྟེན་ནས་སྐྱེ་དངོས་ཤིག་གིས་ཡ་ལན་སྤྲོད་རྒྱུ་སྦྱངས་ཟིན་པའི་སྐུལ་རྐྱེན་ཞིག |
| Conditioned Response གོམས་པའི་ཡ་ལན། | research | |
| conditioned reflexes གོམས་པའི་ལྡོག་འགུལ། | neurosci. | |
| conditional probability ཆ་རྐྱེན་སྲིད་གྲངས། སྐབས་བསྟུན་སྲིད་ཕྱོད། | math. The probability that an event will occur, given that one or more other events have occurred. | གནས་ཚུལ་གཞན་པ་གཅིག་གམ་དུ་མ་བྱུང་ཟིན་པ་གཞིར་བྱས་ཏེ། གནས་ཚུལ་ཞིག་འབྱུང་བར་འགྱུར་བའི་སྲིད་ཕྱོད་ལ་གོ |