Search:
TermEnglish DefinitionTibetan Definition
carbon dating ཁར་སྦོན་ལོ་རྩིས། phys. Process of determining the time that has elapsed since death by measuring the radioactivity of the remaining carbon-14 isotopes. ཁར་སྦོན་ ༡༤ གནས་མཉམ་རྩ་རྫས་ཀྱི་འགྱེད་འཕྲོའི་རང་བཞིན་ཚད་འཇལ་བ་ལ་བརྟེན་ནས་སྐྱེ་ལྡན་ཞིག་ཤི་ནས་ལོ་ག་ཚོད་འགོར་མིན་ཐག་གཅོད་པའི་རྒྱུད་རིམ།
carbon cycle ནག་རྫས་འཁོར་རྒྱུན། biol. The series of processes by which carbon compounds are interconverted in the environment, involving the incorporation of carbon dioxide into living tissue by photosynthesis and its return to the atmosphere through respiration, the decay of dead organisms, and the burning of fossil fuels. རང་བྱུང་ཁམས་སུ་ཁར་སྦོན་འདུས་རྫས་ཕར་ཚུར་བརྗེ་བསྒྱུར་བྱེད་པའི་རྒྱུད་རིམ་སྟར་ཆགས་ཅན་ཞིག་ལ་གོ་ཞིང་། འདིའི་སྐབས་སུ་ཁར་སྦོན་འཚོ་རླུང་གཉིས་ལྡན་འོད་སྦྱོར་ལ་བརྟེན་ནས་སྐྱེ་དངོས་ཀྱི་ཕྲ་ཕུང་དུ་མཉམ་སྡེབ་བྱེད་ཀྱི་ཡོད་པ་དང་། དབུགས་འབྱིན་རྔུབ་དང་། ཤི་བའི་སྐྱེ་དངོས་ཀྱི་ཟད་འགྱུར། འགྱུར་རྡོའི་བུད་རྫས་མེར་སྲེག་གཏོང་བ་བཅས་ལ་བརྟེན་ནས་རླུང་ཁམས་སུ་ཕྱིར་ལོག་གི་ཡོད།
Carbon budget ཁར་སྦོན་སྔོན་རྩིས། environ.
carbon arc lamp ཁར་སྦོན་གཞུ་སྒྲོན། phys. An arc lamp having carbon electrodes ཁར་སྦོན་གྱི་གློག་སྣེ་དང་ལྡན་པའི་གཞུ་སྒྲོན་ཞིག
carbon ཁར་སྦོན། ནག་རྫས། chem. The chemical element of atomic number 6, a nonmetal which has two main forms (diamond and graphite) and which also occurs in impure form in charcoal, soot, and coal. རྡུལ་གྲངས་ ༦ ཅན་གྱི་ལྕགས་རིགས་མིན་པའི་རྩ་རྫས་ཤིག་ཡིན་པ་དང་། ངོ་བོ་གཙང་མ་གལ་ཆེ་བ་གཉིས་ (རྡོ་ཕ་ལམ་དང་ཞ་ཉེ་) ཀྱི་རྣམ་པར་གནས་ལ་མི་གཙང་བའི་ཚུལ་དུ་སོལ་བ་དང་། དུ་དྲེག རྡོ་སོལ་བཅས་ཀྱི་ནང་དུ་ཡང་ཡོད་དོ།
carbohydrate ཁར་སྦོ་མངར་བཅུད། biol. Any of a group of organic compounds, including sugars, starches, celluloses, and gums, that contain only carbon, hydrogen, and oxygen and that originate chiefly as products of photosynthesis. Carbohydrates serve as a major energy source for living things. ཁར་སྦོན་དང་། ཡང་རླུང་། འཚོ་རླུང་བཅས་ཁོ་ནས་གྲུབ་པའི་ཀ་ར་དང་། བག་ཚི། ཕྲ་ཤུན་མངར་རྫས། ཤིང་རྩི་ལྟ་བུ་གཙོ་ཆེར་འོད་སྦྱོར་གྱི་སྐབས་སུ་གྲུབ་པའི་སྐྱེ་ལྡན་འདུས་རྫས་ཀྱི་སྡེ་ཚན་གང་ཡང་རུང་བ་ཞིག ཁར་སྦོ་མངར་རྫས་ནི་སྲོག་ལྡན་སྐྱེ་དངོས་ཀྱི་ནུས་པའི་འབྱུང་ཁུངས་གཙོ་བོ་དེ་ཡིན།
Capstone project གཙུག་རྡོའི་ལས་འཆར། ཀུན་འདུས་ལས་འཆར། SEE Learning
capsid སྤྲི་སྐོགས། biol. The protein coat that constitutes the shell of a virus particle. གཉན་སྲིན་གྲུབ་རྫས་ཀྱི་ཕྱི་སྐོགས་གྲུབ་པར་བྱེད་པའི་སྤྲི་རྫས་ཀྱི་ཤུན་སྐོགས་ལ་གོ
capillary tubes ཕྲ་སྦུག་སྦུ་གུ phys. A glass tube with a fine bore and thick walls, used in thermometers, etc. དྲོད་ཚད་འཇལ་ཆས་སོགས་སུ་སྤྱོད་པའི་བུ་ག་ཕྲ་ལ་གྱང་ངོས་མཐུག་པའི་ཤེལ་སྦུག
capillary action ཕྲ་སྦུག་བྱ་བ། phys. The interaction between contacting surfaces of a liquid and a solid that distorts the liquid surface from a planar shape and causes the liquid to rise or fall in a narrow tube. གཤེར་གཟུགས་ཤིག་དང་སྲ་གཟུགས་ཤིག་ཕན་ཚུན་ཐུག་པའི་སྐབས་སུ་ངོས་གཉིས་ཀྱི་དབར་དུ་ཕན་ཚུན་ལྟོས་རེས་ཀྱི་ནུས་པ་འདོན་པར་བྱེད། དེ་ལ་བརྟེན་ནས་ཆུའི་སྙོམས་ངོས་ལ་འགྱུར་བ་ཐེབས་སུ་བཅུག་སྟེ་སྦུ་གུ་ཕྲ་མོ་ཞིག་ཏུ་ཡར་འཕར་བའམ་མར་འགྲིབ་པར་བྱེད།
capillary (capillaries) ཁྲག་རྩ་ཕྲ་མོ། biol.
capillary ཁྲག་རྩ་ཕྲ་མོ། biol. A tube of small diameter, such as the narrowest type of blood vessel in the vertebrate circulatory system. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཁྲག་གི་འཁོར་སྐྱོད་མ་ལག་ནང་གི་ཁྲག་རྒྱུ་སའི་ཁྲག་རྩ་ཕྲ་ཤོས་ལྟ་བུའི་ཚངས་ཐིག་ཆུང་བའི་སྦུ་གུ་ཞིག
capillarity ཕྲ་སྦུག་རང་གཤིས། phys. Rise of a liquid in a fine, hollow tube or in a narrow space. སྦུ་གུ་ཕྲ་མོའམ་བར་སྟོང་ཆུང་ཆུང་གི་ནང་དུ་གཤེར་གཟུགས་གྱེན་དུ་འཕགས་པ།
capillaries ཁྲག་རྩ་ཕྲ་མོ། biol. Any of the tiny blood vessels through which exchange of materials between the blood and surrounding tissues takes place; serve to join the arteries with the veins. ཁྲག་དང་མཐའ་འཁོར་གྱི་ཕུང་གྲུབ་དབར་ལ་དངོས་རྫས་བརྗེ་ལེན་བྱེད་སའི་ཁྲག་གི་རྩ་སྦུབས་ཕྲ་མོ་གང་རུང་རུང་ཞིག་ལ་གོ་ཞིང་། དེ་ནི་འཕར་རྩ་དང་སྡོད་རྩའི་མཐུད་མཚམས་ཀྱང་ཡིན་ནོ།
Capella སྐར་མ་ཁ་པེ་ལ། phys.