Search:
TermEnglish DefinitionTibetan Definition
commitment ཆོད་སེམས། SEE Learning
commensurable ཐུན་ཆོས་བརྩི་རུང་། phil.
commensurability ཐུན་ཆོས་བརྩི་རུང་ཡིན་པ། phil.
commensalism གཉིས་མེད་ཁེ་འཐོབ། biol. An association between two organisms in which one benefits and the other derives neither benefit nor harm. སྐྱེ་དངོས་གཅིག་ལ་ཁེ་ཕན་ཐོབ་ཅིང་སྐྱེ་དངོས་གཞན་དེ་ལ་ཁེ་ཕན་དང་གནོད་གཉིས་ཀ་མི་ཐོབ་པའི་སྐྱེ་དངོས་གཉིས་དབར་གྱི་འབྲེལ་བ་ཞིག (ཕར་ཕྱོགས་ལ་ཁེ་ཕན་དང་གནོད་པ་གཉིས་ཀ་མ་བྱས་པའི་སྒོ་ནས་ཁེ་ཕན་ལེན་པ།)
comet དུ་བ་མཇུག་རིང། phys. A celestial object consisting of a nucleus of ice and dust and, when near the sun, a ‘tail’ of gas and dust particles pointing away from the sun. ལྟེ་བ་འཁྱག་རོམ་དང་རྡུལ་གྱིས་གྲུབ་ཅིང་ཉི་མ་དང་ཐག་ཉེ་རུ་འགྲོ་སྐབས་རྡུལ་དང་རླངས་རྫས་ཀྱི་མཇུག་མ་ཞིག་ཉི་མའི་ལྡོག་ཕྱོགས་སུ་འཐེན་པར་བྱེད་པའི་བར་སྣང་གི་དངོས་པོ་ཞིག
combustion འབར་སྲེག chem. Rapid chemical combination of a substance with oxygen, involving the production of heat and light. བེམ་རྫས་ཤིག་འཚོ་རླུང་དང་ལྷན་དུ་མགྱོགས་མྱུར་ངང་སྡེབ་སྦྱོར་བྱས་ཏེ་དྲོད་དང་འོད་སྐྲུན་པ།
coma ཀོ་མ། ཡུན་རིང་བརྒྱལ་ནད། neurosci. A state of deep, often prolonged unconsciousness, usually the result of injury, disease, or poison, in which an individual is incapable of sensing or responding to external stimuli and internal needs. མཐུག་ཅིང་རྒྱུན་རིང་བའི་དྲན་མེད་ཀྱི་གནས་སྐབས་ཤིག་ལ་གོ་ཞིང་། སྤྱིར་བཏང་རྨས་སྐྱོན་ནམ། ན་ཚ། དུག་སོགས་ཀྱིས་སྐྱེད། ཀོ་མའི་གནས་སྐབས་སུ་གང་ཟག་དེས་ཕྱིའི་སྐུལ་རྐྱེན་དང་ནང་གི་དགོས་མཁོ་ཚོར་མི་ཐུབ་པའམ་དེ་དག་ལ་ཡ་ལན་སྤྲོད་མི་ཐུབ་པ་ཡིན།
column ཀ་ཐིག math.
Colugo ལྡིང་སྤྲེལ། biol. [ཡར་ལྡིང་ཐུབ་ཅིང་སྤྲེལ་དང་འདྲ་བའི་པགས་གཤོག་ཅན།]
colour sensitivity ཁ་མདོག་ཚོར་སྐྱེན། biol.
colorblind/colorblindness མདོག་ལོང། biol. Partially or totally unable to distinguish certain colors. ཁ་དོག་ངེས་ཅན་ཁག་ཅིག་གི་ཁྱད་པར་གཏན་ནས་འབྱེད་མི་ཐུབ་པའམ་ཆ་ཙམ་འབྱེད་མི་ཐུབ་པ།
color vision ཚོན་མདངས་མཐོང་ཚོར། biol. The ability to perceive or differentiate between colours. ཁ་དོག་མཐོང་ཐུབ་པའམ་ཁ་དོག་ཕན་ཚུན་ཁྱད་པར་འབྱེད་ཐུབ་པའི་ནུས་པ།
color filter ཚོས་གཞི་ཚགས་ཆས། phys. A photographic filter made of colored glass that modifies the light striking the film by selectively absorbing colors. It is used when taking photographs through haze. བདམ་གསེས་ཀྱི་སྒོ་ནས་ཁ་དོག་འཇིབ་པ་ལ་བརྟེན་ནས་སྤྱིན་ཤོག་གི་ངོས་སུ་ཕོག་པའི་འོད་ལ་འགྱུར་བ་གཏོང་ཐུབ་པའི་ཚོན་མདོག་ཅན་གྱི་ཤེལ་བཟོས་ཚགས་ཆས་ཤིག་ལ་གོ་ཞིང་། སྨུག་འཐིབ་པའི་རླུང་ཁམས་རྒྱུད་ནས་དཔར་ལེན་པར་བེད་སྤྱོད་བྱེད།
color charge མདོག་ཁུར། phys. An intrinsic property of quarks and gluons that determines their strong force interactions with each other. ཁོག་རྡུལ་དང་གུལ་ཨོན་རྡུལ་ལ་ཡོད་པའི་ལྷན་སྐྱེས་ཀྱི་ཁྱད་ཆོས་ཤིག་སྟེ་ཕན་ཚུན་དབར་གྱི་སྦྲེལ་སྦྱོར་གྱི་དྲག་ཤུགས་དེ་མཚོན་པར་བྱེད།
color མདོག phys. The property possessed by an object of producing different sensations on the eye as a result of the way it reflects or emits light. དངོས་པོ་ཞིག་གིས་འཕྲོ་རུ་བཅུག་པའམ་ལྡོག་འཕྲོ་བྱས་པའི་འོད་ལ་བརྟེན་ནས་ང་ཚོའི་མིག་ལ་མཐོང་ཚོར་སྣ་ཚོགས་སྐྱེད་པར་བྱེད་པའི་དངོས་པོ་དེའི་ཁྱད་ཆོས་ལ་གོ