| brass instrument རག་གི་རོལ་ཆས། | phys. A wind instrument, such as a trumpet or trombone, typically made of brass. | ཏྲམ་གླིང་ངམ་ཏྲོམ་བོན་རག་དུང་ལྟ་བུའི་རག་ལས་གྲུབ་པའི་སྦུད་བྱིངས་རོལ་ཆས་ཤིག |
| braking energy སྒག་ཐོན་ནུས་པ། སྒག་ནུས། | phys. | |
| brake སྒག་ཆས། | phys. A device for slowing or stopping a moving vehicle, typically by applying pressure to the wheels. | འགུལ་སྐྱོད་བྱེད་ཀྱིན་པའི་སྣུམ་འཁོར་ཞིག་དལ་དུ་གཏོང་བའམ་ཁ་སྒག་པར་སྤྱོད་པའི་ཡོ་ཆས་ཤིག་སྟེ། སྤྱིར་བཏང་དུ་འཁོར་ལོའི་སྟེང་དུ་གནོན་ཤུགས་སྤྲད་པ་ལ་བརྟེན་ནས་ཁ་འགོག་པར་བྱེད། |
| brainwave ཀླད་རླབས། | neurosci. An electrical impulse in the brain. | ཀླད་པའི་ནང་གི་གློག་གི་འཕར་བརྡ་ཞིག |
| brainstem ཀླད་རྐང་། | neurosci. The part of the vertebrate brain located at the base of the brain and important in the control of many voluntary and involuntary body functions. In humans and other mammals, the brainstem is composed of the pons, medulla oblongata, and midbrain | སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཀླད་པའི་མཐིལ་དུ་ཆགས་པའི་ཀླད་པའི་ཆ་ཤས་ཤིག་ལ་གོ་ཞིང་། རང་འགུལ་དང་རང་འགུལ་མིན་པ་ལུས་པོའི་བྱེད་ལས་མང་པོ་ཞིག་སྟངས་འཛིན་བྱེད་པར་བྱེད་ལས་གལ་ཆེན་འདོན། འགྲོ་བ་མི་དང་ནུ་གསོས་སྲོག་ཆགས་གཞན་རྣམས་ལ་མཚོན་ན། ཀླད་རྐང་ནི་ཀླད་ཟམ་དང། འཇོང་ཆུན། བར་ཀླད་བཅས་ཀྱིས་གྲུབ་པ་ཡིན། |
| braindruse ཀླད་སྙིགས། | neurosci. | |
| brain-scan ཀླད་པའི་བཤེར་དཔར། | neurosci. An examination of the brain using any of various radiological scanning techniques, used especially as a diagnostic aid or in physiological investigations. | ཁྱབ་འགྱེད་དཔྱད་རིག་གི་བཤེར་ཐབས་གང་རུང་རུང་ཞིག་སྤྱད་དེ་ཀླད་པར་བརྟག་དཔྱད་བྱེད་པ་ལ་གོ་བ་དང་། བྱེ་བྲག་ཏུ་ནད་གཞི་བརྟག་དཔྱད་ཀྱི་ཡོ་ཆས་སུ་སྤྱོད་པའམ་ཀླད་ཁམས་ཆགས་ཚུལ་ལ་བརྟག་དཔྱད་བྱེད་པར་སྤྱོད་པ་ཞིག་ལ་གོ |
| brain-derived neurotrophic factor [BDNF] ཀླད་བྱུང་དབང་རྩ་མཆེད་རྐྱེན། | Neurosci. | |
| brain wiring ཀླད་རྩ་དྲ་བཀོད། | neurosci. | |
| brain tumor ཀླད་སྐྲན། | neurosci. The growth of abnormal cells in the tissues of the brain. Brain tumors can be benign (not cancer) or malignant (cancer). | ཀླད་པའི་ཕུང་གྲུབ་ཀྱི་ནང་དུ་རྒྱུན་ལྡན་མིན་པའི་ཕྲ་ཕུང་འཚར་འཕེལ་བྱུང་བ་ལ་ཟེར། ཀླད་སྐྲན་ནི་འཇམ་ནད་ (འབྲས་ནད་མིན་པ་) དམ་གཅོང་ནད་ (འབྲས་ནད་) གང་རུང་ཡིན་སྲིད། |
| brain rhythm ཀླད་འགྲོས། | neurosci. Characteristic pattern of electrical activity (voltage) in the brain, recordable as a wave-form tracing (electroencephalogram). There are four basic brain rhythms: alpha rhythm, beta rhythm, delta rhythm, and theta rhythm. | ཀླད་པའི་ནང་གི་གློག་གི་བྱེད་སྒོའི་ (ཝོལ་ཚད་) ཐུན་མིན་བཀོད་རིས་ལ་གོ་ཞིང་། རླབས་ཀྱི་རྣམ་པར་ (ཀླད་རྩའི་གློག་རིས་) ཐོ་འགོད་བྱེད་ཆོག རྩ་བའི་ཀླད་འགྲོས་བཞི་ཡོད་པ་ནི། ཨལ་ཕ་རླབས་འགྲོས་དང་། བྷི་ཊ་རླབས་འགྲོས། ཌེལ་ཊ་རླབས་འགྲོས། ཐཻ་ཊ་རླབས་འགྲོས་བཅས་སོ། |
| brain reward system ཀླད་པའི་བདེ་ཉམས་མ་ལག | neurosci. | |
| brain resilience ཀླད་པའི་བསྲན་ནུས། | neurosci. | |
| brain plasticity ཀླད་པའི་མཉེན་གཤིས། | neurosci. Capacity of neurons and neural networks in the brain to change their connections and behaviour in response to new information, sensory stimulation, development, damage, or dysfunction. | གནས་ཚུལ་གསར་པའམ། དབང་ཚོར་སྐུལ་རྐྱེན། འཚར་འཕེལ། ཉམས་སྐྱོན། ཡང་ན་བྱེད་ལས་ཉམས་སྐྱོན་ལ་ཡ་ལན་གྱི་ཚུལ་དུ་ཀླད་པའི་ནང་གི་དབང་རྩ་ཕྲ་གཟུགས་དང། དབང་རྩའི་དྲ་ཚོགས་ཀྱིས་རང་ཉིད་ཀྱི་འབྲེལ་མཐུད་དང་གཤིས་སྤྱོད་ལ་འགྱུར་བ་གཏོང་ཐུབ་པའི་ནུས་པ། |
| brain pathways ཀླད་པའི་རྒྱུ་ལམ། | neurosci. | |