Search:
TermEnglish DefinitionTibetan Definition
clarification གསལ་བཤད། sci. method The action of making a statement or situation less confused and more comprehensible. གཏམ་བཤད་ཅིག་གམ་གནས་སྟངས་ཤིག་མགོ་རྙོག་ཇེ་ཆུང་དང་གོ་རྟོགས་བྱ་ཇེ་བདེ་རུ་གཏོང་བའི་བྱ་བ་ལ་གོ
cladogram ཚོ་རིས། biol. A branching diagrammatic tree used in cladistic classification to illustrate phylogenetic relationships. ཚོ་བ་རྣམས་སྡེ་ཚན་དུ་དབྱེ་འབྱེད་བྱེད་པའི་སྐབས་སུ་རིགས་ཁུངས་ཀྱི་འབྲེལ་བ་སྟོན་པའི་ཆེད་དུ་སྤྱོད་པའི་ཡལ་ག་མང་བའི་དཔེ་རིས་ཤིག་ལ་ཟེར།
cladist ཚོ་བྱེད་སྨྲ་བ། biol. One who classifies organisms according to the principles of cladistics. ཚོ་འབྱེད་ཐབས་ལམ་གྱི་རྩ་དོན་གཞིར་བཟུང་སྟེ་སྐྱེ་དངོས་རྣམས་སྡེ་ཚན་དུ་དབྱེ་འབྱེད་བྱེད་མཁན་གྱི་གང་ཟག་ལ་ཟེར།
cladism ཚོ་འབྱེད་རིག་པ། (ཚོ་བྱེད་རིག་པ།) biol. A method of classification of animals and plants according to the proportion of measurable characteristics that they have in common. It is assumed that the higher the proportion of characteristics that two organisms share, the more recently they diverged from a common ancestor. སྲོག་ཆགས་དང་རྩི་ཤིང་གི་ཚད་འཇལ་རུང་བའི་ཐུན་མོང་གི་ཁྱད་གཤིས་ཀྱི་སྡུར་ཚད་ལ་གཞིགས་ནས་སྡེ་ཚན་དབྱེ་འབྱེད་བྱེད་པའི་ཐབས་ལམ་ཞིག་ལ་གོ སྐྱེ་དངོས་གཉིས་ཀྱི་ཐུན་མོང་གི་ཁྱད་གཤིས་ཀྱི་མཚུངས་ཚད་ཇི་ཙམ་ཆེ་བ་ཡོད་ན་སྐྱེ་དངོས་དེ་གཉིས་དེ་ཙམ་གྱིས་ཉེ་བའི་ཐུན་མོང་གི་མེས་པོ་ཞིག་ནས་མཆེད་པར་ཚོད་དཔག་བྱེད།
clade ཚོ། biol. A group of organisms believed to have evolved from a common ancestor, according to the principles of cladistics ཚོ་འབྱེད་ཐབས་ལམ་གྱི་རྩ་དོན་གཞིར་བཟུང་བྱས་ན། ཐུན་མོང་གི་མེས་པོ་གཅིག་ནས་མཆེད་པར་འདོད་པའི་སྐྱེ་དངོས་ཀྱི་ཚོགས་ཤིག
civil engineer དམངས་སྤྱོད་འཛུགས་སྐྲུན་འཆར་འགོད་པ། phys. An engineer who designs and maintains roads, bridges, dams, and similar structures. གཞུང་ལམ་དང་། ཟམ་པ། ཆུ་མཛོད་ལ་སོགས་པ་འཆར་འགོད་དང་རྒྱུན་གནས་བྱེད་དུ་འཇུག་མཁན་གྱི་འཆར་འགོད་པ།
Citrus སྐྱུར་ཏོག Phil. (རོ་སྐྱུར་ཤས་ཆེ་བའི་ཤིང་ཏོག་གི་རིགས།)
Citrus juice སྐྱུར་ཏོག་ཁུ་བ། Phil.
citric acid cycle སི་སྐྱུར་འཁོར་རྒྱུན། chem. The sequence of reactions by which most living cells generate energy during the process of aerobic respiration. It takes place in the mitochondria, consuming oxygen, producing carbon dioxide and water as waste products, and converting ADP to energy-rich ATP. Also called Kreb cycle. སྐྱེ་ལྡན་ཕྲ་ཕུང་ཕལ་ཆེ་བས་རླུང་ལྡན་ནུས་སྐྲུན་གྱི་རྒྱུད་རིམ་ཁྲོད་ནས་ནུས་པ་གློད་འདོན་བྱེད་སྐབས་འབྱུང་བའི་རྫས་སྦྱོར་ཕྲེང་བ་དེ་ལ་ཟེར། འདི་ནི་ནུས་སྐྱེད་དབང་ཕྲའི་ནང་དུ་འབྱུང་ཞིང་། འཚོ་རླུང་བེད་སྤྱད་དེ་ཁར་སྦོན་འཚོ་རླུང་གཉིས་ལྡན་དང་ཆུ་གཉིས་སྙིགས་མ་ལྟ་བུར་འདོན་པ་དང་། ཨེ་ཌི་པི་དེ་ནུས་པས་ཕྱུག་པའི་ཨེ་ཊི་པི་ལ་བསྒྱུར་གྱི་ཡོད། འདི་ལ་ཀི་རེབ་འཁོར་རྒྱུན་ཞེས་ཀྱང་ཟེར།
citric acid སི་ཊིག་སྐྱུར་རྫས། སི་སྐྱུར། chem. An acid that occurs naturally in the juices of oranges, lemons, limes, etc., and that can also be made from sugar. ཚ་ལུ་མ་དང་ལིམ་བུ་། སྐྱུར་འབྲས་ལ་སོགས་པའི་ཁུ་བའི་ནང་དུ་རང་བྱུང་དུ་འབྱུང་བའི་སྐྱུར་རྫས་ཤིག སི་སྐྱར་ནི་ཀ་ར་ནས་ཀྱང་བཟོ་ཐུབ་པ་ཡིན།
citrate synthase སི་ཚྭ་སྦྱོར་སྨིན། chem. An enzyme that catalyzes the condensation of acetyl coenzyme A with oxaloacetic acid to produce citric acid and coenzyme A. ཨོག་ས་ལོ་ཨེ་སི་ཊིག་སྐྱུར་རྫས་དང་ལྷན་དུ་ཨེ་སི་ཊིལ་སྨིན་གྲོགས་ཨེ་གཤེར་བསྒྱུར་བྱེད་པ་ལ་སྐུལ་རྐྱེན་སྤྲད་དེ་སི་སྐྱུར་དང་སྨིན་གྲོགས་ཨེ་སྐྱེད་སྐྲུན་བྱེད་མཁན་གྱི་སྨིན་རྫས་ཤིག
citrate སི་ཊིག་སྐྱུར་ཚྭ། སི་ཚྭ། chem. A salt or ester of citric acid. སི་ཊིག་སྐྱུར་རྫས་ཀྱི་སྐྱུར་ཚིལ་ལམ་ཚྭ་ཞིག་ལ་ཟེར།
cirrus cloud ཟེ་སྤྲིན། སྒྲོ་སྤྲིན། phys. A wispy white cloud at a high altitude མཐོ་ཚད་མཐོན་པོའི་སར་གྲུབ་པའི་རྩྭ་ཆག་འདྲ་བའི་སྤྲིན་པ་དཀར་པོ་ཞིག
cirrhosis མཆིན་ཟགས། མཆིན་མཁྲེགས། biol. A liver disease in which normal liver cells are gradually replaced by scar tissue, causing the organ to shrink, harden, and lose its function. Cirrhosis is commonly caused by chronic alcohol abuse or severe infection. མཆིན་པའི་རྒྱུན་ལྡན་གྱི་ཕྲ་ཕུང་རིམ་གྱིས་རྨ་ཤུལ་ཕུང་གྲུབ་ཀྱིས་བརྗེ་སྟེ། མཆིན་པའི་དབང་པོ་འཁུམ་ཞིང། མཁྲེགས་པོར་འགྱུར་ལ། བྱེད་ལས་ཀྱང་ཉམས་པར་འགྱུར་བའི་མཆིན་ནད་ཅིག ཡོངས་གྲགས་སུ་མཆིན་ཟགས་ནི་ཡུན་རིང་ཆང་རག་ལོག་སྤྱོད་བྱས་པའམ། གཉན་ཁ་ཚབས་ཆེན་ལ་བརྟེན་ནས་འབྱུང་གི་ཡོད།
circus གོར་རྩལ། phys. A public entertainment consisting typically of a variety of performances by acrobats, clowns, and often trained animals. ཡང་རྩལ་པ་དང་། བཞད་གད་པ། སྦྱོང་བརྡར་ཐོབ་པའི་སྲོག་ཆགས་བཅས་ཀྱིས་ལྟད་མོ་སྣ་ཚོགས་སྟོན་པའི་དམངས་སྤྱོད་ཀྱི་སྤྲོ་སེང་ཞིག