Search:
TermEnglish DefinitionTibetan Definition
bipolar cells སྣེ་ཟུང་ཕྲ་ཕུང་། biol. A class of retinal interneurons, named after their morphology, that receive input from the photoreceptors and send it to the ganglion cells. འོད་རྡུལ་སྣེ་ལེན་པ་ནས་ཆ་འཕྲིན་བླངས་ཏེ་རྩ་འདུས་ཕྲ་ཕུང་ལ་རྒྱུད་གཏོང་བྱེད་མཁན་གྱི་དྲ་སྐྱིའི་བར་གནས་དབང་རྩ་ཕྲ་གཟུགས་ཀྱི་སྡེ་ཚན་ཞིག་ལ་གོ་ཞིང་། གཟུགས་འགྱུར་རིག་པ་གཞིར་བཞག་ནས་མིང་དེ་ལྟར་བཏགས།
bipolar སྣེ་གཉིས་ཅན། phys. Relating to or having two poles or charges. སྣེ་གཉིས་སམ་གློག་ཁུར་མི་འདྲ་བ་གཉིས་ཡོད་པའམ་འདི་འདྲ་ཡོད་པ་དང་འབྲེལ་བའི།
Bipedalism རྐང་གཉིས་ཅན། biol.
Biotite ལྷང་འཚེར་གཏེར་རྡོ། geology
Biotin བྷ་ཡོ་ཊིན། biol.
biotic factor སྐྱེ་ལྡན་གྱི་རྐྱེན། biol. The influences which occur within an environment as a result of the activities of living organisms. སྲོག་ལྡན་སྐྱེ་དངོས་ཀྱི་བྱེད་སྒོ་ལ་བརྟེན་ནས་ཁོར་ཡུག་ཅིག་ཏུ་བྱུང་བའི་ཤུགས་རྐྱེན་ལ་གོ
bioterrorism སྐྱེ་དངོས་འཇིགས་སྐུལ་རིང་ལུགས། biol. The use of infectious agents or other harmful biological or biochemical substances as weapons of terrorism. གཉན་ཁ་རང་བཞིན་ཅན་གྱི་བྱེད་རྐྱེན་ནམ་ཡང་ན་གནོད་པ་ཅན་གྱི་སྐྱེ་དངོས་ཀྱི་རྫས་སམ་སྐྱེ་དངོས་རྫས་སྦྱོར་གྱི་དངོས་རྫས་འཇིགས་སྐུལ་གྱི་མཚོན་ཆར་བེད་སྤྱོད་བྱེད་པར་གོ
biotechnology སྐྱེ་དངོས་འཕྲུལ་རིག biol. The use of living organisms or biological processes for the purpose of developing useful agricultural, industrial, or medical products, especially by means of techniques, such as genetic engineering, that involve the modification of genes. ཁེ་ཕན་ལྡན་པའི་ཞིང་ལས་སམ། བཟོ་ལས། ཡང་ན་སྨན་བཅོས་ཀྱི་ཐོན་རྫས་ཡར་རྒྱས་སུ་གཏོང་བའི་ཕྱིར་དུ་སྲོག་ལྡན་སྐྱེ་དངོས་སམ་སྐྱེ་དངོས་དང་འབྲེལ་བའི་རྒྱུད་རིམ་བེད་སྤྱོད་གཏོང་བ་ལ་གོ་བ་དང་། བྱེ་བྲག་ཏུ་རིགས་རྫས་ལ་འགྱུར་བ་གཏོང་བའི་རིགས་རྫས་སྒྱུར་སྒྲིག་ལྟ་བུའི་ཐབས་ལམ་བེད་སྤྱོད་གཏོང་བ་ལ་གོ
Biosynthesis སྐྱེ་ལྡན་སྦྱོར་སྡེབ། biol.
Biostratigraphy སྐྱེ་ལྡན་སའི་ཆགས་རིམ་རིག་པ། biol. [སའི་རིམ་པ་མི་འདྲ་བར་ཡོད་པའི་སྐྱེ་ལྡན་གཞིར་བཞག་པའི་སའི་ཆགས་རིམ་རིག་པ།]
biosphere སྐྱེ་འཁོར། biol. The parts of the Earth and its atmosphere in which living organisms exist, along with all those organisms. སྲོག་ལྡན་སྐྱེ་དངོས་ཐམས་ཅད་དང། སྐྱེ་དངོས་དེ་དག་གནས་སའི་སའི་གོ་ལ་དང་དེའི་རླུང་ཁམས་ཀྱི་ཆ་ཤས་བཅས་ཀྱི་ཐུན་མོང་གི་མིང་།
Biosensor སྐྱེ་ལྡན་ཚོར་ཆས། biol.
Biorhythms སྐྱེ་དངོས་འཁོར་འགྲོས། neurosci.
bioremediation སྐྱེ་དངོས་བཅོས་ཐབས། སྐྱེ་དངོས་གཙང་སེལ། biol. The use of either naturally occurring or deliberately introduced microorganisms to consume and break down environmental pollutants, in order to clean a polluted site. འབག་བཙོག་ཡིན་པའི་ཁོར་ཡུག་ཅིག་གཙང་མ་བཟོ་བའི་ཕྱིར་དུ་རང་བྱུང་གི་སྒོ་ནས་འབྱུང་བའམ་ཡང་ན་ཆེད་དམིགས་ཀྱིས་མཁོ་སྤྲོད་བྱས་པའི་སྐྱེ་དངོས་ཕྲ་མོ་སྤྱད་དེ་ཁོར་ཡུག་གི་འབག་རྫས་ལོངས་སུ་སྤྱད་དེ་མེད་པར་བཟོ་བ་ལ་གོ
Bioreactor སྐྱེ་ལྡན་གསོ་སྣོད། biol. [སྐྱེ་ལྡན་ཕྲ་མོ་མང་དུ་གསོ་སྐྱོང་བྱ་སའི་སྣོད།]