Search:
TermEnglish DefinitionTibetan Definition
cataplexy གློ་བུར་བཤལ་སྦྲིད། biol. A sudden loss of muscle tone and strength, usually caused by an extreme emotional stimulus. གློ་བུར་དུ་ཤ་སྒྲིམ་གྱི་རྐྱོང་ཤུགས་དང་ནུས་པ་བརླག་པ་ཞིག་ལ་གོ་ཞིང་། སྤྱིར་བཏང་སེམས་ཚོར་དྲག་པོའི་སྐུལ་རྐྱེན་ལ་བརྟེན་ནས་འབྱུང་།
Catalyze སྐུལ་སྦྱོར་བྱེད་པ། chem. [སྐུལ་རྫས་ཀྱིས་རྫས་སྦྱོར་ལ་སྐུལ་བ།]
catalyst སྐུལ་རྫས། biol. A substance that speeds up a chemical reaction while undergoing no permanent change itself. All enzymes are catalysts. The enzymes in saliva, for example, are catalysts of digestion. གཏན་འཇགས་ཀྱི་འགྱུར་བ་མེད་པའི་སྒོ་ནས་རྫས་སྦྱོར་ཇེ་མགྱོགས་སུ་གཏོང་མཁན་གྱི་རྫས་ཤིག སྨིན་རྫས་ཐམས་ཅད་སྐུལ་རྫས་ཡིན། དཔེར་ན། མཆིལ་མའི་ནང་གི་རྨིན་རྫས་ནི་ཟས་འཇུ་བའི་སྐུལ་རྫས་རེད།
Catalysis སྐུལ་སྦྱོར། chem. [སྐུལ་རྫས་ཀྱིས་སྐུལ་བའི་རྫས་སྦྱོར།]
cataglyphis བྱེ་གྲོག (བྱེ་ཐང་གྲོག་མ།) biol.
catabolize ཞིག་འགྱུར་གཏོང་བ། biol. To undergo or cause to undergo catabolism. ཞིག་འགྱུར་འབྱུང་བའམ་ཞིག་འགྱུར་འབྱུང་དུ་འཇུག་པ།
catabolism ཞིག་འགྱུར། biol. The metabolic breakdown of complex molecules into simpler ones, often resulting in a release of energy. རྙོག་འཛིང་ཅན་གྱི་འདུས་རྡུལ་སྟབས་བདེ་བའི་འདུས་རྡུལ་དུ་ནུས་འགྱུར་ཆ་གསེས་གཏོང་བ་ལ་ཟེར་ཞིང། དུས་སྐབས་ཕལ་ཆེ་བར་ནུས་པ་གློད་འདོན་བྱེད།
catabolic ཞིག་པའི། biol.
catabolic reaction ཞིག་པའི་རྫས་སྦྱོར། chem.
case studies ནད་དཔེ་ཞིབ་དཔྱད། དཔེ་མཚོན་ཞིབ་དཔྱད། sci. method
case ནད་དཔེ། biol. An instance of a disease or problem. ནད་དམ་དཀའ་ངལ་ཞིག་གི་དཔེ་མཚོན་ཞིག
cascade འབབ་རྒྱུན། biol.
cartilaginous fish ཉ་ཕྲུམ་རུས་ཅན། biol. A fish whose skeleton is made mainly of cartilage rather than bone. Sharks, rays, and skates are cartilaginous fish. རུས་པ་མིན་པར་གཙོ་བོ་ཕྲུམ་རུས་ཀྱིས་གྲུབ་པའི་རུས་ཀྲང་དང་ལྡན་པའིི་ཉ་ཞིག དཔེར་ན། ཉ་ཆེན་ཤཱརྐ་དང། ཉ་ལེབ་ཟེར་མདའ་མ། ཉ་ལེབ་བཅས་ནི་ཕྲུམ་རུས་ཅན་གྱི་ཉ་རེད།
cartilage ཕྲུམ་རུས། biol. A strong, flexible connective tissue that is found in various parts of the body, including the joints, the outer ear, and the larynx. During the embryonic development of most vertebrates, the skeleton forms as cartilage before most of it hardens into bone. In cartilaginous fish, the mature fish retains a skeleton made of cartilage. ལྷུ་ཚིགས་དང་། ཕྱི་རྣ། གྲེ་བ་ལྟ་བུའི་ལུས་ཀྱི་ཆ་ཤས་གང་མང་ན་ཡོད་པའི་བརྟན་ཞིང་མཉེན་ཆ་ལྡན་པའི་མཐུད་སྦྱོར་ཕུང་གྲུབ་ཅིག་ལ་གོ སྒལ་རུས་ཅན་གྱི་སྲོག་ཆགས་ཕལ་མོ་ཆེའི་སྦྲུམ་སྲིང་འཚར་འཕེལ་གྱི་སྐབས་སུ་རུས་ཀྲང་དེ་རུས་པའི་ངོ་བོར་སྲ་མཁྲེགས་སུ་མ་གྱུར་བའི་སྔོན་དུ་ཕྲུམ་རུས་ཀྱི་ངོ་བོར་གྲུབ་ཀྱི་ཡོད། ཉ་ཕྲུམ་རུས་ཅན་ལ་མཚོན་ལ། དར་ལ་བབས་པའི་སྐབས་སུ་ཡང་རུས་ཀྲང་ནི་ཕྲུམ་རུས་ཀྱི་ངོ་བོར་གནས་ཡོད།
cart འདྲེན་འཁོར། phys. A two-wheeled vehicle drawn by an animal and used in farm work and for transporting goods. དུད་འགྲོས་འདྲུད་འཐེན་བྱེད་པའི་འཁོར་ལོ་གཉིས་ལྡན་གྱི་བཞོན་འཁོར་ཞིང་ཕྱུགས་ལས་དང་དངོས་ཟོག་སྐྱེལ་འདྲེན་ལ་བཀོལ་སྤྱོད་བྱེད་པ་ཞིག