Search:
TermEnglish DefinitionTibetan Definition
technique ཐབས་ཚུལ། ཐབས་རྩལ། ཐབས་བྱུས། sci. method The basic method for making or doing something, such as an artistic work or scientific procedure སྒྱུ་རྩལ་གྱི་ལས་ཀའམ་ཚན་རིག་གི་ལག་བསྟར་རྒྱུད་རིམ་ལྟ་བུའི་ནང་དུ་བྱ་དངོས་ཅི་རུང་ཞིག་བཟོ་བའམ་སྒྲུབ་པའི་གཞི་རྩའི་ཐབས་ལམ་ལ་གོ
technician འཕྲུལ་ལས་པ། འཕྲུལ་བཟོ་བ། phys. A person skilled in mechanical or industrial techniques or in a particular technical field འཕྲུལ་ལས་སམ་བཟོ་གྲྭ་དང་འབྲེལ་བའི་ཐབས་རྩལ་ལ་མཁས་པའི་གང་ཟག་ཅིག་གམ། ཡང་ན། བཟོ་རིག་གི་སྡེ་ཚན་གང་ཡང་རུང་བ་ཞིག་ལ་མཁས་པའི་གང་ཟག་ཅིག
technical variation བརྟག་ཐབས་འགྱུར་ཁྱད། Research
Teaching སློབ་ཁྲིད། Pedagog.
taxonomy དབྱེ་བསྡུ། དབྱེ་བསྡུ་རིག་པ། biol. The classification and naming of organisms in an ordered system that is intended to indicate natural relationships, especially evolutionary relationships. རང་བྱུང་གི་འབྲེལ་བ་དང་། ལྷག་པར་དུ་འཕེལ་འགྱུར་གྱི་འབྲེལ་བ་མངོན་གསལ་དུ་བསྟན་པའི་སྒོ་ནས་སྐྱེ་དངོས་རྣམས་གོ་རིམ་ལྡན་པའི་སྒྲིག་འཛུགས་ཤིག་ཏུ་སྡེ་ཚན་དབྱེ་འབྱེད་བྱེད་པ་དང་། དེ་མཐུན་གྱི་མིང་འདོགས་པ་ལ་གོ
Taxonomic Organization དབྱེ་བསྡུ་རིག་པའི་གོ་རིམ། neurosci.
tauonic leptons ཊའུ་ཨོན་ལེབ་ཊོན། phys.
tauon ཊའུ་ཝོན་རྡུལ། phys. A negatively charged lepton with a mass approximately 3500 times greater than that of an electron. གློག་རྡུལ་ལས་གདོས་ཚད་ལྡབ་ ༣༥༠༠ ཙམ་གྱིས་ཆེ་ཞིང་མོ་ཁུར་དང་ལྡན་པའི་ལེབ་ཊོན་རྡུལ་ཞིག
Tau Tangles ཊའུ་སྤྲི་རྫས་འཛིངས་འཁྲིལ། neurosci.
tau neutrino ཊའུ་ཡི་མ་ནིང་ཕྲ་རྡུལ། phys. A type of neutrino associated with tau particles ཊའུ་རྡུལ་དང་འབྲེལ་ཡོད་ཀྱི་མ་ནིང་ཕྲ་རྡུལ་གྱི་རིགས་ཤིག
tau ཊའུ། phys. The heaviest elementary particle in the class of elementary particles called leptons. རྩ་རྡུལ་གྱི་སྡེ་ཚན་ལེབ་ཊོན་གྱི་ཁོངས་སུ་གཏོགས་པའི་རྩ་རྡུལ་ལྕི་ཤོས།
TaTa box ཊ་ཊ་སྒམ། biol.
taste pore རོ་ཚོར་བུ་ག། neurosci.
taste bud རོ་ཚོར་ཐེའུ། neurosci. Any of the clusters of bulbous nerve endings on the tongue and in the lining of the mouth which provide the sense of taste. ལྕེ་དང་ཁ་ཤའི་ནང་དུ་ཤེལ་རྡོག་གི་དབྱིབས་སུ་ཡོད་པའི་དབང་རྩའི་སྣེ་མོ་ཆུན་པོ་དེ་ལ་གོ་ཞིང་། རོ་ཚོར་བའི་བྱ་བ་བྱེད།
taste རོ་ཚོར། neurosci. The sense by which the qualities and flavour of a substance are distinguished by the taste buds དངོས་རྫས་ཤིག་གི་སྤུས་ཀ་དང་བྲོ་བ་དེ་རོ་ཚོར་ཐེའུ་ཡིས་དབྱེ་འབྱེད་བྱེད་པའི་ཚོར་བ་དེ་ལ་གོ