| Carbon source ཁར་སྦོན་འབྱུང་ཁུངས། | environ. | |
| Carbon sink ཁར་སྦོན་འཇིབ་གཞོང་། | ecol. | |
| carbon neutral ཁར་སྦོན་སྙོམས་གནས། | biol. | [ཁར་སྦོན་གློད་འདོན་དང་འཇུ་བཟུང་གཉིས་ཀ་སྙོམས་པར་གནས་པ།] |
| carbon monoxide ཁར་སྦོན་འཚོ་རླུང་རྐྱང་ལྡན། | chem. A colorless, odorless, highly poisonous gas, CO, formed by the incomplete combustion of carbon or a carbonaceous material, such as gasoline. | ཁར་སྦོན་ནམ་རླངས་སྣུམ་ལྟ་བུའི་ཁར་སྦོན་དང་ལྡན་པའི་དངོས་རྫས་འབར་སྲེག་ཆ་ཚང་བ་ཞིག་མ་བྱས་པའི་སྐབས་སུ་གྲུབ་པའི་ཁ་དོག་མེད་ཅིང་དྲི་མ་མེད་ལ། དུག་ཤེད་ཧ་ཅང་ཆེ་བའི་རླངས་རྫས་ཤིག མཚོན་རྟགས། CO |
| carbon footprint ཁར་སྦོན་རྗེས་ཤུལ། | biol. The amount of carbon dioxide and other carbon compounds emitted due to the consumption of fossil fuels by a particular person, group, etc. | མི་བྱེ་བྲག་པ་གཅིག་གམ། སྡེ་ཚན་གཅིག་ལ་སོགས་པས་འགྱུར་རྡོའི་བུད་རྫས་བེད་སྤྱོད་བཏང་བ་ལ་བརྟེན་ནས་རླུང་ཁམས་སུ་གློད་པའི་ཁར་སྦོན་འཚོ་རླུང་ཟུང་ལྡན་དང་ཁར་སྦོན་གྱི་འདུས་རྡུལ་གཞན་གྱི་འབོར་ཚད་ལ་གོ |
| Carbon dioxide credit ཁར་སྦོན་འཚོ་རླུང་ཟུང་ལྡན་གྱི་ཐོབ་སྐལ། | environ. | |
| carbon dioxide ཁར་སྦོན་འཚོ་རླུང་ཟུང་ལྡན། | chem. A colorless, odorless gas produced by burning carbon and organic compounds and by respiration. It is naturally present in air (about 0.03 percent) and is absorbed by plants in photosynthesis.Chemical formula: CO₂ | ཁར་སྦོན་དང་སྐྱེ་ལྡན་གྱི་འདུས་རྫས་མེ་སྲེག་གཏོང་བའི་སྐབས་དང་དབུགས་འབྱིན་རྔུབ་ཀྱི་སྐབས་སུ་སྐྱེད་སྐྲུན་བྱས་པའི་ཁ་དོག་མེད་ཅིང་དྲི་མ་མེད་པའི་རླངས་གཟུགས་ཤིག རླུང་ཁམས་སུ་རང་བྱུང་དུ་ཡོད་པའི་ཁར་སྦོན་འཚོ་རླུང་ཟུང་ལྡན་ནི་ (བརྒྱ་ཆ་ 0.03 ཙམ་) འོད་སྦྱོར་གྱི་སྐབས་སུ་རྩི་ཤིང་གིས་བེད་སྤྱོད་བྱེད་ཀྱི་ཡོད། རྫས་སྦྱོར་མན་ངག་ནི་ CO₂ ཡིན། |
| carbon dating ཁར་སྦོན་ལོ་རྩིས། | phys. Process of determining the time that has elapsed since death by measuring the radioactivity of the remaining carbon-14 isotopes. | ཁར་སྦོན་ ༡༤ གནས་མཉམ་རྩ་རྫས་ཀྱི་འགྱེད་འཕྲོའི་རང་བཞིན་ཚད་འཇལ་བ་ལ་བརྟེན་ནས་སྐྱེ་ལྡན་ཞིག་ཤི་ནས་ལོ་ག་ཚོད་འགོར་མིན་ཐག་གཅོད་པའི་རྒྱུད་རིམ། |
| carbon cycle ནག་རྫས་འཁོར་རྒྱུན། | biol. The series of processes by which carbon compounds are interconverted in the environment, involving the incorporation of carbon dioxide into living tissue by photosynthesis and its return to the atmosphere through respiration, the decay of dead organisms, and the burning of fossil fuels. | རང་བྱུང་ཁམས་སུ་ཁར་སྦོན་འདུས་རྫས་ཕར་ཚུར་བརྗེ་བསྒྱུར་བྱེད་པའི་རྒྱུད་རིམ་སྟར་ཆགས་ཅན་ཞིག་ལ་གོ་ཞིང་། འདིའི་སྐབས་སུ་ཁར་སྦོན་འཚོ་རླུང་གཉིས་ལྡན་འོད་སྦྱོར་ལ་བརྟེན་ནས་སྐྱེ་དངོས་ཀྱི་ཕྲ་ཕུང་དུ་མཉམ་སྡེབ་བྱེད་ཀྱི་ཡོད་པ་དང་། དབུགས་འབྱིན་རྔུབ་དང་། ཤི་བའི་སྐྱེ་དངོས་ཀྱི་ཟད་འགྱུར། འགྱུར་རྡོའི་བུད་རྫས་མེར་སྲེག་གཏོང་བ་བཅས་ལ་བརྟེན་ནས་རླུང་ཁམས་སུ་ཕྱིར་ལོག་གི་ཡོད། |
| Carbon budget ཁར་སྦོན་སྔོན་རྩིས། | environ. | |
| carbon arc lamp ཁར་སྦོན་གཞུ་སྒྲོན། | phys. An arc lamp having carbon electrodes | ཁར་སྦོན་གྱི་གློག་སྣེ་དང་ལྡན་པའི་གཞུ་སྒྲོན་ཞིག |
| carbon ཁར་སྦོན། ནག་རྫས། | chem. The chemical element of atomic number 6, a nonmetal which has two main forms (diamond and graphite) and which also occurs in impure form in charcoal, soot, and coal. | རྡུལ་གྲངས་ ༦ ཅན་གྱི་ལྕགས་རིགས་མིན་པའི་རྩ་རྫས་ཤིག་ཡིན་པ་དང་། ངོ་བོ་གཙང་མ་གལ་ཆེ་བ་གཉིས་ (རྡོ་ཕ་ལམ་དང་ཞ་ཉེ་) ཀྱི་རྣམ་པར་གནས་ལ་མི་གཙང་བའི་ཚུལ་དུ་སོལ་བ་དང་། དུ་དྲེག རྡོ་སོལ་བཅས་ཀྱི་ནང་དུ་ཡང་ཡོད་དོ། |
| carbohydrate ཁར་སྦོ་མངར་བཅུད། | biol. Any of a group of organic compounds, including sugars, starches, celluloses, and gums, that contain only carbon, hydrogen, and oxygen and that originate chiefly as products of photosynthesis. Carbohydrates serve as a major energy source for living things. | ཁར་སྦོན་དང་། ཡང་རླུང་། འཚོ་རླུང་བཅས་ཁོ་ནས་གྲུབ་པའི་ཀ་ར་དང་། བག་ཚི། ཕྲ་ཤུན་མངར་རྫས། ཤིང་རྩི་ལྟ་བུ་གཙོ་ཆེར་འོད་སྦྱོར་གྱི་སྐབས་སུ་གྲུབ་པའི་སྐྱེ་ལྡན་འདུས་རྫས་ཀྱི་སྡེ་ཚན་གང་ཡང་རུང་བ་ཞིག ཁར་སྦོ་མངར་རྫས་ནི་སྲོག་ལྡན་སྐྱེ་དངོས་ཀྱི་ནུས་པའི་འབྱུང་ཁུངས་གཙོ་བོ་དེ་ཡིན། |
| Capstone project གཙུག་རྡོའི་ལས་འཆར། ཀུན་འདུས་ལས་འཆར། | SEE Learning | |
| capsid སྤྲི་སྐོགས། | biol. The protein coat that constitutes the shell of a virus particle. | གཉན་སྲིན་གྲུབ་རྫས་ཀྱི་ཕྱི་སྐོགས་གྲུབ་པར་བྱེད་པའི་སྤྲི་རྫས་ཀྱི་ཤུན་སྐོགས་ལ་གོ |