| capillary tubes ཕྲ་སྦུག་སྦུ་གུ | phys. A glass tube with a fine bore and thick walls, used in thermometers, etc. | དྲོད་ཚད་འཇལ་ཆས་སོགས་སུ་སྤྱོད་པའི་བུ་ག་ཕྲ་ལ་གྱང་ངོས་མཐུག་པའི་ཤེལ་སྦུག |
| capillary action ཕྲ་སྦུག་བྱ་བ། | phys. The interaction between contacting surfaces of a liquid and a solid that distorts the liquid surface from a planar shape and causes the liquid to rise or fall in a narrow tube. | གཤེར་གཟུགས་ཤིག་དང་སྲ་གཟུགས་ཤིག་ཕན་ཚུན་ཐུག་པའི་སྐབས་སུ་ངོས་གཉིས་ཀྱི་དབར་དུ་ཕན་ཚུན་ལྟོས་རེས་ཀྱི་ནུས་པ་འདོན་པར་བྱེད། དེ་ལ་བརྟེན་ནས་ཆུའི་སྙོམས་ངོས་ལ་འགྱུར་བ་ཐེབས་སུ་བཅུག་སྟེ་སྦུ་གུ་ཕྲ་མོ་ཞིག་ཏུ་ཡར་འཕར་བའམ་མར་འགྲིབ་པར་བྱེད། |
| capillary (capillaries) ཁྲག་རྩ་ཕྲ་མོ། | biol. | |
| capillary ཁྲག་རྩ་ཕྲ་མོ། | biol. A tube of small diameter, such as the narrowest type of blood vessel in the vertebrate circulatory system. | སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ཁྲག་གི་འཁོར་སྐྱོད་མ་ལག་ནང་གི་ཁྲག་རྒྱུ་སའི་ཁྲག་རྩ་ཕྲ་ཤོས་ལྟ་བུའི་ཚངས་ཐིག་ཆུང་བའི་སྦུ་གུ་ཞིག |
| capillarity ཕྲ་སྦུག་རང་གཤིས། | phys. Rise of a liquid in a fine, hollow tube or in a narrow space. | སྦུ་གུ་ཕྲ་མོའམ་བར་སྟོང་ཆུང་ཆུང་གི་ནང་དུ་གཤེར་གཟུགས་གྱེན་དུ་འཕགས་པ། |
| capillaries ཁྲག་རྩ་ཕྲ་མོ། | biol. Any of the tiny blood vessels through which exchange of materials between the blood and surrounding tissues takes place; serve to join the arteries with the veins. | ཁྲག་དང་མཐའ་འཁོར་གྱི་ཕུང་གྲུབ་དབར་ལ་དངོས་རྫས་བརྗེ་ལེན་བྱེད་སའི་ཁྲག་གི་རྩ་སྦུབས་ཕྲ་མོ་གང་རུང་རུང་ཞིག་ལ་གོ་ཞིང་། དེ་ནི་འཕར་རྩ་དང་སྡོད་རྩའི་མཐུད་མཚམས་ཀྱང་ཡིན་ནོ། |
| Capella སྐར་མ་ཁ་པེ་ལ། | phys. | |
| capacity ༡ ལས་ནུས། ༢ ཤོང་ཚད། | phys. 1. The ability or power to do, experience, or understand something. 2. The maximum amount that something can contain. | ༡. བྱ་དངོས་ཤིག་སྒྲུབ་པའམ། ཉམས་སུ་མྱོང་བའམ། ཧ་གོ་བར་བྱེད་པའི་འཇོན་ཐང་ངམ་མཐུ་ནུས། ༢. སྣོད་ཅིག་གི་ནང་དུ་ཤོང་ཐུབ་པའི་འབོར་ཚད་ཆེ་ཤོས། |
| capacitor གློག་ཁུར་གསོག་ཆས། | phys. An electrical device--- in its simplest form, a pair of parallel conducting plates separated by a small distance---that stores electric charge and energy. | མཉམ་འགྲོ་ཡིན་པའི་ཁྲིད་གཟུགས་ཀྱི་བྱང་བུ་གཉིས་བར་ཐག་ཆུང་ངུ་ཞིག་གིས་ཁ་འཕྲལ་ཏེ་གློག་འཁུར་དང་ནུས་པ་གསོག་པའི་གློག་ཆས་ཤིག |
| capacitation ཁམས་དཀར་སྨིན་རྡོལ། སྨིན་རྡོལ་བྱེད་རིམ། | biol. The change undergone by sperm in the female reproductive tract that enables them to penetrate and fertilize an egg. | བུད་མེད་ཀྱི་སྐྱེད་འཕེལ་རྒྱུ་ལམ་ནང་ནས་ཁམས་དཀར་ལ་བྱུང་བའི་འགྱུར་ལྡོག་ཅིག་སྟེ། འགྱུར་ལྡོག་འདི་ཡིས་ཁམས་དཀར་དེ་རྣམས་ཁམས་དམར་ནང་དུ་འཛུལ་ཐུབ་པ་དང་ཁམས་འདུས་འབྱུང་ཐུབ་པར་བྱེད། |
| capacitated sperm སྨིན་བྱེད་ཁམས་དཀར། | biol. | |
| capacitance གློག་ཁུར་གསོག་ནུས། | phys. The property of a circuit element that permits it to store charge. | གློག་ཁུར་གསོག་ཏུ་འཇུག་མཁན་གློག་ལམ་གྱི་ཡན་ལག་ཅིག་གི་ཁྱད་ཆོས། |
| cantaloupe ཀན་ཊ་ག་གོན། | biol. A small round melon of a variety with orange flesh and ribbed skin. | ནང་ཤ་ལི་ཁྲིའི་མདོག་དང་པགས་པ་རྩིབ་མའི་དབྱིབས་སུ་ཡོད་པའི་ཟླུམ་དབྱིབས་ཀྱི་ག་གོན་ཆུང་ཆུང་ཞིག |
| Cannon-Bard Theory ཀེ་ནོན་བརཌ་རྣམ་གཞག | neurosci. | |
| Canis familiaris ཀེ་ནི་ཁྱི་རིགས། | biol. The scientific name for the domestic dog. | སྒོ་ཁྱི་ཡི་ཚན་རིག་གི་མིང་། |