Search:
TermEnglish DefinitionTibetan Definition
Canis dingo ཀེ་ནི་ཁྱི་རྒོད། biol. wolflike yellowish-brown wild dog of Australia སྤྱང་ཀི་དང་འདྲ་ཞིང་མདོག་སེར་སྨུག་ཡིན་པའི་ཨོ་སི་ཊོ་ལི་ཡའི་བདག་མེད་ཀྱི་ཁྱི་ཞིག
candidiasis ཁན་ཌི་ཌ་པགས་ནད། biol. Infection with candida, especially as causing oral or vaginal thrush. ཧམ་ཤ་ཁན་ཌི་ཌ་ཡིས་སྐྱེད་པའི་གཉན་ཁ་སྟེ། བྱེ་བྲག་ཏུ་ཁ་དང་མོ་མཚན་ལ་སྐྲང་ནད་འབྱུང་གི་ཡོད།
cancer lethality འབྲས་ནད་ཀྱི་ཉེན་ཚབས། biol.
cancer འབྲས་ནད། biol. A disease caused by an uncontrolled division of abnormal cells in a part of the body. ལུས་པོའི་ཆ་ཤས་ཤིག་ཏུ་རྒྱུན་ལྡན་མིན་པའི་ཕྲ་ཕུང་སྟངས་འཛིན་མི་ཐུབ་པའི་སྒོ་ནས་ཆ་བགོས་བྱས་པ་ལས་སྐྱེད་པའི་ནད་ཅིག
cancel སེལ་བ། sci. method Neutralize or negate the force or effect of another བྱ་དངོས་ཤིག་གི་ཤུགས་རྐྱེན་ནམ་ཤུགས་བཏང་སྙོམས་སུ་བཟོ་བའམ་རྩིས་མེད་དུ་བཟོ་བ།
campfire སྒར་མེ། An open-air fire in a camp, used for cooking and as a focal point for social activity. སྒར་ཁའི་ཕྱི་རོལ་དུ་བཏང་བའི་མེ་ལ་གོ་ཞིང་། ཟ་མ་གཡོ་སྐོལ་ལམ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བྱེད་སྒོའི་འདུ་གནས་གཙོ་བོར་བེད་སྤྱོད་བྱེད།
cAMP signal འཁོར་རྒྱུན་ཨེ་ཨེམ་པིའི་འཕྲིན་བརྡ། neurosci.
cAMP gradient འཁོར་རྒྱུན་ཨེ་ཨེམ་པིའི་གཟར་ཚད། neurosci.
cAMP Concentration འཁོར་རྒྱུན་ཨེ་ཨེམ་པིའི་གར་ཚད། neurosci.
camouflage བབས་བསྟུན་མངོན་རྣམ། phil.
Cambrian period ཁམས་མཆེད་དུས་རབས། biol. The first part of the Paleozoic era: 590 to 505 million years ago. ཚེ་སྲོག་གནའ་སྐལ་གྱི་ཐོག་མའི་དུས་སྐབས་ཏེ་ལོ་ངོ་ས་ཡ་ ༥༩༠ ནས་ས་ཡ་ ༥༠༥ སྔོན་གྱི་དུས་སྐབས།
Cambrian explosion ཀེམ་བི་རི་ཡན་འཕེལ་མཆེད། ཀེམ་རི་གས་འཐོར། biol. The emergence of many new organisms including most ancestral lineages of present-day animal species that occurred at the beginning of the Cambrian period. ཀེམ་བི་རི་ཡན་དུས་ཡུན་གྱི་ཐོག་མའི་གནས་སྐབས་སུ་ད་ཡོད་ཀྱི་སྲོག་ཆགས་ཉེ་རིགས་ཕལ་མོ་ཆེའི་ཕ་མེས་ཀྱི་རྒྱུད་པ་ཐེ་བའི་སྐྱེ་དངོས་གསར་པ་མང་པོ་ཞིག་གསར་དུ་བྱུང་བ་ལ་ཟེར།
Cambium སྲབ་ཤུན་རིམ་པ། biol.
Calvin cycle ཀེལ་ཝིན་རྒྱུན་འཁོར། biol. A series of reaction, occuring during photosynthesis, in which glucose is synthesized from carbon dioxide. འོད་སྦྱོར་གྱིི་སྐབས་སུ་བྱུང་བའི་རྫས་སྦྱོར་གྱི་བསྟར་རིམ་ཞིག་ལ་གོ་ཞིང་། འདིའི་སྐབས་སུ་ཁར་སྦོན་འཚོ་རླུང་ཟུང་ལྡན་ནས་མངར་བཅུད་སྡེབ་སྦྱོར་བྱེད་ཀྱི་ཡོད།
Caltech Submillimeter Observatory ཁེལ་ཊེག་མི་ལི་མི་ཊར་ཆ་ཕྲན་རྟོག་ཞིབ་ཁང་། phys. The Caltech Submillimeter Observatory (CSO) was formerly one of the world's premier facilities for astronomical research and instrumentation development at submillimeter wavelengths. The 10.4 m diameter telescope is housed in a compact dome at 4070 m altitude near the summit of Maunakea, Hawai'i. CSO ceased scientific operations in 2015. ཁེལ་ཊེག་མི་ལི་མི་ཊར་ཆ་ཕྲན་རྟོག་ཞིབ་ཁང་ནི་སྔོན་མར་མི་ལི་ཆ་ཕྲན་གྱི་རླབས་ཐག་གཞིར་བཞག་པའི་གཟའ་སྐར་དཔྱད་རིག་གི་བརྟག་དཔྱད་དང་ཚད་འཇལ་ཡོ་ཆས་འཛུགས་སྐྲུན་ཐད་ཀྱི་འཛམ་གླིང་སྟེང་གི་ཆེས་སྔོན་ཐོན་ཡིན་པའི་བསྟི་གནས་གཅིག་ཡིན་པ་དང་། ཚངས་ཐིག་ལ་མི་ཊར་ ༡༠.༤ ཡོད་པའི་རྒྱང་ཤེལ་དེ་ནི་ཧ་ཝཻ་ཡིས་མོ་ན་ཁི་རི་བོའི་སྟེང་གི་རྒྱ་མཚོའི་ངོས་ལས་མི་ཊར་ ༤༠༧༠ ཡི་སར་བ་གམ་དབྱིབས་ཀྱི་ཁང་པའི་ནང་དུ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་ཚན་རིག་བརྟག་དཔྱད་བྱེད་མཚམས་བཞག