Search:
TermEnglish DefinitionTibetan Definition
calorimeter ཚ་ནུས་འཇལ་ཆས། phys. Any of various devices used to measure thermal properties such as calorific value, heat capacity, latent heat, etc. ཚ་ཤུགས་རིག་པའི་ཁྱད་ཆོས་དྲོད་ནུས་དང་། དྲོད་ངར། གབ་དྲོད་སོགས་འཇལ་བྱེད་ཀྱི་ཡོ་བྱད་གང་ཡང་རུང་བ་ཞིག
calorie (cal) ཁེ་ལོ་རི། phys. Unit of heat. One calorie is the heat required to raise the temperature of 1 gram of water 1 Celsius degree. One Calorie (with a capital C) is equal to 1000 calories and is the unit used in describing the energy available from food; also called a kilocalorie (kcal). 1 cal= 4.184 J or 1 J= 0.24 cal ཚ་ནུས་ཀྱི་བརྩི་གཞི། ཆུ་གྷ་རམ་གཅིག་གི་དྲོད་ཚད་བརྒྱ་ཚད་གཅིག་གིས་སྤར་བར་མཁོ་བའི་དྲོད་ནུས་ནི་ཁེ་ལོ་རི་གཅིག་ཡིན། ཁེ་ལོ་རི་ (C ཆེ་བ་ཅན་) གཅིག་ནི་ཁེ་ལོ་རི་ (c ཆུང་བ་ཅན་) ཆིག་སྟོང་ཡིན་ཞིང་འདི་ནི་ཟས་ནུས་འགྲེལ་བར་སྤྱོད་པའི་བརྩི་གཞི་ཡིན་ཞིང་། འདི་ལ་ཀི་ལོ་ཁེ་ལོ་རི་ (kcal) ཞེས་ཀྱང་ཟེར། 1 cal= 4.184 J ཡང་ན། 1 J= 0.24 cal
Calming visualization practice ཞི་བྱེད་དམིགས་རྣམ་ཉམས་ལེན། SEE Learning
calibrate ཚད་སྒྲིག phys. To make, adjust, or check the setting of the controls used to make measurements with a tool or measuring device. ལག་ཆ་ཞིག་གམ་འཇལ་ཆས་ཤིག་སྤྱད་དེ་ཚད་འཇལ་པར་སྤྱོད་པའི་ཡོ་ཆས་ཀྱི་སྟངས་འཛིན་བྱེད་སའི་བཀོད་སྟངས་བཟོ་བའམ། ཚད་སྒྲིག་པ། ཡང་ན་དེ་ལ་ཞིབ་བཤེར་བྱེད་པ།
calculus ཆ་རྩིས་རིག་པ། math. The branch of mathematics that deals with the finding and properties of derivatives and integrals of functions, by methods originally based on the summation of infinitesimal differences. The two main types are differential calculus and integral calculus. ཁྱད་པར་གྲངས་ལས་འདས་པ་ཞིག་ཕྱོགས་སྡོམ་བྱེད་པའི་ཐབས་ལམ་ལ་གཞི་བཅོལ་ཏེ། ལྟོས་གྲངས་ཤིག་གི་ཆ་རྩིས་སམ་ཧྲིལ་རྩིས་འཚོལ་བའམ་དེ་དག་གི་ཁྱད་ཆོས་འགྲེལ་བར་བྱེད་པའི་ཨང་རྩིས་ཀྱི་སྡེ་ཚན་ཞིག ཆ་རྩིས་ལ་རིགས་གཉིས་ཡོད་པ་ནི་ཆ་བཟོའི་ཆ་རྩིས་དང་ཧྲིལ་བཟོའི་ཆ་རྩིས་ཡིན་ནོ།
calcium ion དཀར་ཤམ་གྱེས་རྡུལ། biol.
calcium དཀར་ཤམ། chem. The chemical element of atomic number 20, a soft grey metal. རྡུལ་གྲངས་ ༢༠ ཅན་གྱི་སྙི་ཞིང་ཁ་དོག་སྐྱ་བོ་ཡིན་པའི་རྩ་རྫས།
calcitonin དཀར་ཤམ་ཊོ་ནིན། biol.
calcite ཅོང་ཞི། phys. A white or colorless mineral consisting of calcium carbonate. It is a major constituent of sedimentary rocks such as limestone, marble, and chalk. དཀར་ཤམ་ཁར་སྦོན་འདུས་རྫས་ཀྱིས་གྲུབ་པའི་གཏེར་རྫས་ཁ་དོག་དཀར་པོའམ་ཁ་དོག་མེད་པ་ཞིག འདི་ནི་རྡོ་ཐལ་དང་། རྡོ་ཀ་མ་རུ་པ། ས་སྨྱུག་ལྟ་བུའི་ཟེགས་རྡོའི་གྲུབ་ཆ་གཙོ་བོ་ཡིན།
calcarine fissure ཟེ་སྲུབས། neurosci. A sulcus on the occipital lobe of the brain. ཀླད་པའི་ལྟག་འདབ་སྟེང་གི་ཀླད་སུལ་ཞིག [བྱ་ཕོའི་ཟེ་འདྲ་བའི་སྲུབས།]
cal ཁེལ། phys.
Caecilian ལོང་འབུ། དལ་འབུ། biol.
Cadherins དཀར་བརྟེན་གཞན་འདོམས། biol. [དཀར་ཤམ་ལ་བརྟེན་པའི་གཞན་འདོམས།]
Cactus ཀླུ་ཤིང་། Biol.
CA3 pyramidal cells པི་ར་མིཌ་ཕྲ་ཕུང་སི་ཨེ་ ༣། biol.