| botanist རྩི་ཤིང་རིག་པ་བ། | biol. One who specializes in botany. | རྩི་ཤིང་རིག་པའི་ཆེད་ལས་མཁས་པ་ལ་ཟེར། |
| boson བྷོ་སོན་ཕྲ་རྡུལ། | phys. An elementary particle (or bound state of an elementary particle, e.g. an atomic nucleus or an atom) with integral spin; i.e. a particle that conforms to Bose-Einstein statistics, from which it derives its name. | འཁོར་ཚད་ཧྲིལ་གྲངས་ཡིན་པའི་གཞི་རྩའི་ཕྲ་རྡུལ་(ཡང་ན་གཞི་རྩའི་ཕྲ་རྡུལ་ཏེ་རྡུལ་ཕྲན་གྱི་ལྟེ་རྡུལ་ལམ་ཡང་ན་རྡུལ་ཕྲན་རང་གི་གཅིག་གྱུར་གོང་བུའི་གནས་བབ་ཅིག)ཞིག་སྟེ། ཕྲ་རྡུལ་འདི་བྷོ་སོན་དང་ཨ་ཡན་སི་ཊན་གྱི་གྲངས་རྩིས་ཀྱི་ལུགས་དང་མཐུན་པ་ཡིན་པས། མིང་འདི་ལྟར་བཏགས། |
| Boreal coniferous forest (taiga) བྱང་མཐའི་ཐང་ཤིང་ནགས་ཚལ། | environ. | |
| Borderline personality disorder མཚམས་གནས་མི་གཤིས་འཁྲུག་སྐྱོན། | Psy. | |
| borderline case མངོན་མཚམས་གནས་སྟངས། | biol. An instance of a disease in which the symptoms resemble those of a recognized condition but are not typical of it. | ནད་དཔེ་ཞིག་གི་ནད་རྟགས་ནི་ངོས་ཟིན་ཚར་བའི་ནད་ཅིག་གི་ནད་རྟགས་དང་མཚུངས་མོད། འཁྲུལ་མེད་ཞིག་མིན་པའི་གནས་སྟངས་ལ་གོ (སྨན་གཞུང་དུ་རི་ཐང་མཚམས་ཞེས་པའི་ཐ་སྙད་ཡོད་པ་དེ་གནས་སྟངས་འདི་འདྲ་ལ་འཇུག་པ་ཡིན།) |
| Border crossing མཚམས་བརྒལ། | pedagogy | |
| boomerang ལོག་ཤིང། | phys. A curved flat piece of wood that can be thrown so that it will return to the thrower, traditionally used by Australian Aborigines as a hunting weapon. | ཕར་གཡུག་རྗེས་གཡུག་མཁན་གྱི་སར་ཕྱིར་ལོག་ཐུབ་པའི་ཤིང་དུམ་ལེབ་མོ་གུག་གུག་ཅིག་ལ་གོ་ཞིང་། སྲོལ་རྒྱུན་ལ་ཨོ་སི་ཊོ་ལི་ལའི་གདོད་མིའི་མི་རིགས་ཀྱིས་རི་དྭགས་རྔོན་པའི་ལག་ཆར་བེད་སྤྱོད་བྱེད། |
| Book of Genesis བྱུང་རབས་ལེའུ། | phil. The first book of the Bible, which describes how God made the world | འཇིག་རྟེན་བཀོད་པ་པོས་འཇིག་རྟེན་ཇི་ལྟར་བཀོད་ཚུལ་བསྟན་པའི་ཡི་ཤུའི་གསུང་རབ་དང་པོ་ལ་གོ |
| Bonferroni Correction བྷོན་ཕེ་རོ་ནི་ཡོ་བསྲང་། | Res. | |
| bone matrix རུས་པའི་དྲ་འཛིངས། | biol. The intercellular substance of bone tissue consisting of collagen fibers, ground substance, and inorganic bone salts. | རུས་པའི་ཕུང་གྲུབ་ཀྱི་ཕྲ་ཕུང་དབར་གྱི་བེམ་རྫས་ལ་གོ་ཞིང་། སྦྱར་སྤྲིའི་རྩིད་སྐུད་དང་། བེམ་རྫས་ཞིབ་ཞིབ། རུས་པའི་སྐྱེ་ལྡན་མིན་པའི་ཚྭ་བཅས་ཀྱིས་གྲུབ། |
| bone marrow རྐང་མར། | biol. The soft tissue that fills most bone cavities and consists of yellowish fatty tissue or reddish vascular tissue. In adult mammals, the bone marrow of certain bones is the location of stem cells that give rise to the red blood cells, white blood cells, and platelets. | སེར་མདོག་གི་ཚིལ་ཅན་ཕུང་གྲུབ་དང་དམར་མདོག་གི་སྦུ་གུའི་ཕུང་གྲུབ་ཀྱིས་གྲུབ་ཅིང་རུས་པའི་ཁོག་སྟོང་ཕལ་ཆེ་བ་འགེང་བྱེད་ཀྱི་ཕུང་གྲུབ་སོབ་སོབ་དེ་ལ་གོ་ཞིང་། ནུ་གསོས་སྲོག་ཆགས་དར་མའི་ནང་དུ། རུས་པ་ངེས་ཅན་ཁག་ཅིག་གི་རྐང་མར་ནི་ཁྲག་དམར་ཕྲ་ཕུང་དང་། ཁྲག་དཀར་ཕྲ་ཕུང་། ཁྲག་ཞིབ་བཅས་སུ་འགྱུར་ཐུབ་པའི་མ་རྐང་ཕྲ་ཕུང་གནས་ས་ཡིན། |
| bonding འཆིང་སྦྱོར། | chem. The combining of atoms to form molecules or ionic compounds. | འདུས་རྡུལ་ལམ་གྱེས་རྡུལ་གྱི་འདུས་རྫས་གྲུབ་པའི་ཆེད་དུ་རྡུལ་ཕྲན་མཐུད་སྦྱོར་བྱེད་པ་ལ་གོ |
| bond འཆིང་བ། | chem. A strong force of attraction holding atoms together in a molecule or crystal, resulting from the sharing or transfer of electrons. | གློག་རྡུལ་མཉམ་སྤྱོད་དམ་འཕོ་ལེན་བྱས་པ་ལ་བརྟེན་ནས་འདུས་རྡུལ་ལམ་དྭངས་གཟུགས་ཤིག་ཏུ་རྡུལ་ཕྲན་རྣམས་དམ་པོར་འཛིན་པར་བྱེད་པའི་འགུགས་ཤུགས་དྲག་པོ་ཞིག |
| BOLD activity ཁྲག་གི་འཚོ་རླུང་ལྟོས་འགུལ། | biol. | |
| boiling point ཁོལ་ཚད། | phys. The temperature at which a liquid boils and turns to vapor. | གཤེར་གཟུགས་ཤིག་ཁོལ་ཏེ་རླངས་པར་འགྱུར་བའི་སྐབས་ཀྱི་དྲོད་ཚད་ལ་གོ |