Search:
TermEnglish DefinitionTibetan Definition
Blazar དགུ་ཚིགས་བྷི་ལ་ཛར། phys.
blastula མྱུག་སྦྲུམ། biol. The first stage of the development of an embryo in animals. སྲོག་ཆགས་ཀྱི་སྦྲུམ་སྲིང་གི་འཚར་འཕེལ་གྱི་ཐོག་མའི་རིམ་པ། (དབྱིན་ཇིའི་ཐ་སྙད་ཀྱི་རྩ་ཚིག་མྱུ་གུར་འཇུག་པས་ན།)
Blastopore མྱུག་སྦྲུམ་བུ་ག biol.
Blastomere མྱུག་ཕུང་། biol. [མྱུག་སྦྲུམ་སྐབས་ཀྱི་ཕྲ་ཕུང་གི་ཚོགས།]
Blastoma མྱུག་འབྲས། biol. [མྱུག་སྦྲུམ་གྱི་འབྲས་ནད།]
blastocyst མྱུག་གཟུགས། biol. A mammalian blastula in which some differentiation of cells has occurred. ཕྲ་ཕུང་གི་ཁྱད་འགྱུར་འགའ་ཤས་བྱུང་ཚར་བའི་ནུ་གསོས་སྲོག་ཆགས་ཀྱི་མྱུག་སྦྲུམ།
Blastocoel མྱུག་ཁོག biol. (མྱུག་སྦྲུམ་གཤེར་ཁོག) [གཤེར་གྱིས་ཁེངས་པའི་མྱུག་སྦྲུམ་གྱི་ཁོག]
blades རླུང་གཤོག phys. The flat, wide section of an implement or device such as an oar or a propeller. གྲུ་སྐྱའམ་འཕུལ་འདེད་རླུང་འཁོར་ལྟ་བུའི་ཡོ་ཆས་སམ་ལག་ཆའི་ཆེ་ཞིང་ལེབ་ལེབ་ཡིན་པའི་ཆ་ཤས་དེ་ལ་གོ
blade ལྟེབ་གྲི། phys. The flat cutting part of a sharpened weapon or tool. མཚོན་ཆའམ་ལག་ཆ་རྣོན་པོ་ཞིག་གི་གཏུབ་བྱེད་ཀྱི་ཆ་ཤས་ལེབ་མོ་དེ་ལ་གོ
bladder ལྒང་བུག biol. A sac-shaped organ that stores the urine secreted by the kidneys, found in most vertebrates except birds and some reptiles. In mammals, the bladder is connected to each kidney by a ureter. འདབ་ཆགས་དང་ལྟོ་འགྲོའི་སྲོག་ཆགས་ཀྱི་རིགས་འགའ་ཞིག་མ་གཏོགས་གཞན་སྒལ་རུས་ཅན་གྱི་སྲོག་ཆགས་ཕལ་མོ་ཆེའི་ནང་དུ་ཡོད་ཅིང་། མཁལ་མས་གློད་པའི་གཅིན་པ་གསོག་ཉར་བྱེད་མཁན་གྱི་སྐྱི་ཁུག་དབྱིབས་ཅན་གྱི་ལུས་པོའི་དབང་པོ་ཞིག་ལ་ཟེར།
blackbody radiation གཟུགས་ནག་འགྱེད་འཕྲོ། phys. Blackbody radiation is the electromagnetic radiation emitted by a black body. It extends over the whole range of wavelengths and the distribution of energy over this range has a characteristic form with a maximum at a certain wavelength. གཟུགས་ནག་འགྱེད་འཕྲོ་ནི་གཟུགས་ནག་ཅིག་ནས་འཕྲོ་བའི་གློག་ཁབ་ལེན་གྱི་འགྱེད་འཕྲོ་ཡིན། འདི་རླབས་ཐག་གི་ཁྱབ་ཚད་ཡོངས་ལ་ཁྱབ་ཅིང་། ཁྱབ་ཚད་འདིའི་སྟེང་གི་ནུས་པའི་བགོ་འགྲེམས་ལ་ནུས་པ་ཆེ་ཤོས་དེ་རླབས་ཐག་ངེས་ཅན་ཞིག་ལ་འཁེལ་བའི་མངོན་ཚུལ་ཁྱད་པར་བ་ཞིག་ཡོད།
blackbody གཟུགས་ནག phys. A hypothetical body that absorbs all the radiation falling on it. It thus has an absorptance and an emissivity of 1. རང་གི་ལུས་སྟེང་དུ་ཕོག་པའི་འོད་ཀྱི་འགྱེད་འཕྲོ་ཐམས་ཅད་འཇིབ་ནུས་པའི་རྟོག་བཟོའི་གཟུགས་ཤིག དེར་བརྟེན་གཟུགས་ནག་གི་ཐིམ་ནུས་དང་འཕྲོ་ནུས་ ༡ ཡིན།
black hole བུ་ག་ནག་པོ། phys. Concentration of mass resulting from gravitational collapse, near which gravity is so intense that not even light can escape. འཐེན་ཤུགས་ཀྱི་རྡིབ་སྐྱོན་ལ་བརྟེན་ནས་གྲུབ་པའི་གདོས་ཚད་ཀྱི་འདུས་གོང་སྟེ་འདིའི་འགྲམ་དུ་འཐེན་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ཐ་ན་འོད་ཀྱང་ཐར་མི་ཐུབ།
Black earth ས་ནག། geology
black dwarf སྐར་ཆུང་ནག་པོ། phys. The remains of a white dwarf star after it has expended all of its energy and is no longer emitting detectable radiation. དཀར་ཆུང་ཞིག་གིས་རང་གི་ནུས་པ་ཆ་ཚང་བེད་སྤྱོད་བཏང་ཚར་བའི་རྗེས་སུ་མཐོང་ཐུབ་པའི་འགྱེད་འཕྲོ་གློད་མི་ཐུབ་པར་གྱུར་བའི་སྐབས་ཀྱི་ལྷག་འཕྲོ་ལ་གོ