| biochemistry སྐྱེ་དངོས་རྫས་སྦྱོར་རིག་པ། | chem. The branch of science concerned with the chemical and physico-chemical processes and substances that occur within living organisms. | སྲོག་ལྡན་སྐྱེ་དངོས་ཀྱི་ནང་དུ་བྱུང་བའི་རྫས་སྦྱོར་དང་ལུས་ཁམས་དང་འབྲེལ་བའི་རྫས་སྦྱོར་གྱི་རྒྱུད་རིམ་དང་བེམ་རྫས་ལ་བརྟག་དཔྱད་བྱེད་པའི་ཚན་རིག་གི་སྡེ་ཚན་ཞིག |
| biochemical states སྐྱེ་དངོས་རྫས་སྦྱོར་གནས་བབས། སྐྱེ་ལྡན་རྫས་སྦྱོར་གནས་བབ། | biol. | |
| biochemical reaction སྐྱེ་དངོས་རྫས་སྦྱོར། | biol. In living cells, chemical reactions that help sustain life and allow cells to grow. | སྲོག་ལྡན་ཕྲ་ཕུང་གི་ནང་དུ་ཚེ་སྲོག་རྒྱུན་གནས་དང་ཕྲ་ཕུང་འཚར་འཕེལ་བྱེད་པར་ཕན་གྲོགས་བྱེད་མཁན་གྱི་རྫས་སྦྱོར་ལ་གོ |
| biochemical pathways སྐྱེ་དངོས་རྫས་འགྱུར་རྒྱུ་ལམ། | biol. In biology, the long chains of chemical reactions that take place in the normal operation of living systems. | སྐྱེ་དངོས་ཚན་རིག་གི་ནང་དུ་འཚོ་བྱེད་མ་ལག་གི་རྒྱུན་ལྡན་བྱེད་ལས་ཀྱི་ནང་དུ་བྱུང་བཞིན་པའི་རྫས་སྦྱོར་གྱི་ཕྲེང་བ་རིང་པོ་དེ་ལ་གོ |
| Biochemical oxygen demand སྐྱེ་ལྡན་རྫས་སྦྱོར་འཚོ་རླུང་དགོས་ཚད། | biol. | |
| Biochemical fuel cell སྐྱེ་ལྡན་བུད་རྫས་གློག་སྨན། | biol. | [སྐྱེ་ལྡན་གྱི་བུད་རྫས་ལ་རྫས་འགྱུར་ཐེབས་ཏེ་གློག་སྐྲུན་པར་བྱེད་པའི་གློག་སྨན།] |
| Biochemical evolution སྐྱེ་ལྡན་འདུས་རྡུལ་འཕེལ་འགྱུར། | biol. | [འདུས་རྡུལ་གྱི་རིམ་པར་སྐྱེ་དངོས་ལ་བྱུང་བའི་འཕེལ་འགྱུར།] |
| biochemical balance སྐྱེ་རྫས་དོ་མཉམ། | biol. | |
| biochemical སྐྱེ་དངོས་རྫས་སྦྱོར་གྱི། | chem. Relating to the chemical processes and substances which occur within living organisms. | སྲོག་ལྡན་སྐྱེ་དངོས་ཀྱི་ནང་རོལ་དུ་ཡོད་པའི་བེམ་རྫས་སམ་རྫས་སྦྱོར་གྱི་རྒྱུད་རིམ་དང་འབྲེལ་བ་ཡོད་པའི། |
| Bioassay སྐྱེ་དངོས་རྫས་བརྟག། | biol. | [སྐྱེ་དངོས་ཀྱི་སྟེང་དུ་རྫས་ཀྱིས་ཤུགས་རྐྱེན་ཅི་ཙམ་སྤྲོད་མིན་བརྟག་པའི་ཚོད་ལྟ།] |
| Bioaccumulation སྐྱེ་ལྡན་འབགས་གསོག | biol. | [སྐྱེ་ལྡན་གྱི་ནང་དུ་འབགས་རྫས་གསོག་པ།] |
| binomial regression ཉིས་ཚན་ཕྱིར་ལྡོག། | research | |
| binomial nomenclature མིང་གཉིས་སྦྱོར་ཐབས། | biol. A system of nomenclature in which each species of animal or plant receives a name of two terms of which the first identifies the genus to which it belongs and the second the species itself | མིང་ཚིག་གཉིས་སྤྱད་དེ་སྲོག་ཆགས་དང་རྩི་ཤིང་གི་ཉེ་རིགས་རེ་རེ་ལ་མིང་འདོགས་པའི་ལམ་ལུགས་ཤིག་ལ་གོ་ཞིང་། མིང་ཚིག་དང་པོ་དེ་ཡིས་རྒྱུད་དང་གཉིས་པ་དེ་ཡིས་ཉེ་རིགས་མཚོན་གྱི་ཡོད། |
| Binomial expansion ཉིས་ཚན་འགྲེམ་ཚུལ། | research | |
| binomial distribution ཉིས་ཚན་ཁྱབ་ཚུལ། | math. A distribution giving the probability of obtaining a specified number of successes in a set of trials where each trial can end in either a success or a failure. | ཚོད་ལྟ་རེ་རེའི་གྲུབ་འབྲས་ནི་རྒྱལ་ཕམ་གང་རུང་ཡིན་པའི་ཚོད་ལྟ་ཐེངས་ངེས་ཅན་ཞིག་ཏུ་རྒྱལ་ཁ་ཐེངས་ངེས་ཅན་ཞིག་ལ་ཐོབ་སྲིད་པའི་སྲིད་ཕྱོད་མཚོན་པའི་ཁྱབ་ཚུལ། |