Search:
TermEnglish DefinitionTibetan Definition
astronomy སྐར་དཔྱད་རིག་པ། phys. The study of the universe beyond the earth’s atmosphere. The main branches are astrometry, celestial mechanics, and astrophysics. སའི་གོ་ལའི་རླུང་ཁམས་ཀྱི་ཕྱི་རོལ་དུ་ཡོད་པའི་འཇིག་རྟེན་ཁམས་ལ་དཔྱད་པའི་རིག་པ། ནང་གསེས་ལ་དབྱེ་ན་གཟའ་སྐར་གྱི་བོངས་ཚད་དང་རྒྱུ་འགྲོས་དཔྱད་རིག་དང་། གཟའ་སྐར་གྱི་ཤུགས་རིག། སྐར་དཔྱད་དངོས་ཁམས་ཚན་རིག་བཅས་ཡོད།
astronomical unit གཟའ་སྐར་བརྩི་གཞི། phys. A unit of measurement equal to 149.6 million kilometres, the mean distance from the centre of the earth to the centre of the sun. ཀི་ལོ་མི་ཊར་ས་ཡ་ 149.6 དང་མཚུངས་པའི་ཚད་འཇལ་གྱི་བརྩི་གཞི་ཞིག་སྟེ། སའི་གོ་ལའི་ལྟེ་བ་ནས་ཉི་མའི་ལྟེ་བའི་དབར་གྱི་ཆ་སྙོམས་ཀྱི་བར་ཐག་ཡིན།
Astronomical observatory སྐར་དཔྱད་ལྟ་ཞིབ་ཁང་། phys.
astronomer སྐར་དཔྱད་པ། phys. An expert in or student of astronomy. གཟའ་སྐར་ཚན་རིག་གི་ཆེད་ལས་མི་སྣའམ་སློབ་ཕྲུག
astronaut མཁའ་སྐྱོད་པ། phys. A person who is trained to travel in a spacecraft. མཁའ་གྲུ་ལ་བསྡད་དེ་འགྲུལ་བཞུད་བྱེད་པར་སྦྱོང་བརྡར་བྱས་མྱོང་མཁན་གྱི་མི་སྣ།
Astrometry སྐར་གནས་དཔྱད་རིག། phys. [སྐར་མའི་གནས་ས་དཔྱད་པའི་རིག་པ།]
astrology སྐར་རྩིས། phys. The study of the positions and motions of celestial bodies in the belief that they have an influence on the course of natural earthly occurrences and human affairs. མཁའ་གཟུགས་ཀྱི་འགུལ་སྐྱོད་དང་གནས་ས་ཡིས་གོ་ལའི་སྟེང་གི་རང་བྱུང་གི་བྱུང་བ་དང་འགྲོ་བ་མིའི་གནས་ཚུལ་ལ་ཤུགས་རྐྱེན་སྤྲོད་པར་འདོད་པའི་ཡིད་ཆེས་དང་བཅས་ཏེ་དེ་དག་ལ་ཞིབ་འཇུག་བྱེད་པའི་རིག་པ།
Astrocytoma སྐར་ཕུང་སྐྲན་ནད། neurosci.
Astrocyte སྐར་དབྱིབས་ཕྲ་ཕུང་། Neurosci.
Astrochemistry མཁའ་དབྱིངས་རྫས་སྦྱོར་རིག་པ། chem. [སྐར་མའི་བར་མཚམས་ཏེ་མཁའ་དབྱིངས་ཀྱི་རྡུལ་ལ་དཔྱད་པའི་རྫས་སྦྱོར་རིག་པ།]
Astrobleme གནམ་ལྕགས་རྗེས་ཤུལ། geology [གནམ་ལྕགས་ཕོགས་སའི་རྗེས་ཤུལ།]
Astroblastoma སྐར་ཕུང་མྱུག་འབྲས། neurosci.
Astro glioblastoma སྐར་ཕུང་འབྱར་སྐྱི་མྱུག་འབྲས། neurosci.
astigmatism མིག་འཐོར། phys. Defect of the eye caused when the cornea is curved more in one direction than in another. ཕྱོགས་གཉིས་སུ་སྤྱིན་སྐྱི་ཡི་བཀུག་ཚད་ཆ་མཚུངས་མིན་པ་ལ་བརྟེན་ནས་བྱུང་བའི་མིག་གི་སྐྱོན་ཞིག
asthma དབུགས་བསགས། biol. Asthma is a chronic, or long-lasting, inflammatory disease of a person's airways. In people who are susceptible to asthma, the airways spasm and swell periodically because of the inflammation. This narrows the airways and makes it difficult for them to breathe. དབུགས་བསགས་ནི་གང་ཟག་ཅིག་གི་རླུང་གི་རྒྱུ་ལམ་ལ་ཕོག་པའི་ཚ་སྐྲང་གི་གཅོང་ནད་དམ་རྒྱུན་གནས་ཀྱི་ནད་ཅིག་ལ་གོ ཚ་སྐྲང་ལ་བརྟེན་ནས་དབུགས་བསགས་འགོ་སླ་བའི་མིའི་རླུང་འགྲོ་ལ་དུས་མཚམས་ངེས་ཅན་གྱི་སྒོ་ནས་རྩ་འཆུས་འབྱུང་བ་དང་སྐྲང་གི་ཡོད། འདི་ལ་བརྟེན་ནས་རླུང་འགྲོ་ཇེ་དོག་ཏུ་འགྲོ་བས་དབུགས་གཏོང་ལེན་བྱེད་ཁག་པོ་ཡོད།