| atrophy of cells ཕྲ་ཕུང་རིད་པ། | biol. | |
| atrophy རིད་པ། རིད་སྐྱོན། ཉམས་སྐྱོན། | biol. A wasting or decrease in size of a body organ, tissue, or part owing to disease, injury, or lack of use: muscular atrophy of a person affected with paralysis. | ན་ཚའམ། རྨས་སྐྱོན། ཡང་ན་སྤྱོད་སྒོ་མེད་པ་ལ་བརྟེན་ནས་ལུས་པོའི་དབང་པོའམ། ཕུང་གྲུབ། ཡང་ན་ཆ་ཤས་ཤིག་ཇེ་ཆུང་དུ་སོང་བའམ་ཉམས་རྒུད་དུ་གྱུར་བ་ལ་གོ དཔེར་ན། རྩ་དཀར་གྱི་ནད་བྱུང་ཡོད་པའི་མི་ཞིག་གི་ཤ་གནད་རིད་པ་ལྟ་བུ། |
| atrium སྙིང་སྦུབས་སྟོད། | biol. A chamber that gives entrance to another structure or organ; usually used alone to refer to an atrium of the heart. | བཀོད་པའམ་དབང་པོ་གཅིག་ནས་གཞན་ཞིག་ཏུ་འཇུག་པའི་སྦུབས་སྟོང་ཞིག་ལ་གོ་ཞིང་། སྤྱིར་བཏང་དུ་ཁེར་རྐྱང་དུ་སྤྱད་ཚེ་སྙིང་སྦུབས་སྟོད་ལ་གོ་བ་ཡིན། |
| atrioventricular (AV) valves སྙིང་སྦུབས་སྐྱི་འདབ། | biol. A valve in the heart through which blood flows from the atria to the ventricles. The valve between the left atrium and left ventricle is the mitral (bicuspid) valve; the right AV valve is the tricuspid valve. | སྙིང་སྦུབས་སྟོད་ནས་སྙིང་སྦུབས་སྨད་ལ་ཁྲག་རྒྱུ་སའི་སྙིང་གི་སྐྱི་འདབ་ཅིག སྙིང་གི་སྦུབས་སྟོད་གཡོན་མ་དང་སྦུབས་སྨད་གཡོན་མའི་དབར་གྱི་སྐྱི་འདབ་ནི་རྩེ་གཉིས་སྐྱི་འདབ་དང། སྙིང་སྦུབས་སྐྱི་འདབ་གཡས་པ་ནི་རྩེ་གསུམ་སྐྱི་འདབ་ཡིན་ནོ། |
| ATPase ཨེ་ཊི་པི་སྨིན་རྫས། | biol. An enzyme that catalyzes the hydrolysis or decomposition of ATP into ADP and a free phosphate ion, thereby releasing energy for use in another biochemical reaction. | ཨེ་ཊི་པི་འདུས་རྡུལ་དེ་ཆུའི་སེལ་སྦྱོར་རམ་བཤིག་འགྱུར་གྱི་ལམ་ནས་ཨེ་ཌི་པི་དང་རང་དབང་བའི་ཕོ་སི་ཕེཊ་ལ་འགྱུར་བར་སྐུལ་རྐྱེན་བྱེད་མཁན་གྱི་སྨིན་རྫས་ལ་གོ་ཞིང་། འགྱུར་བ་འདིའི་སྐབས་སུ་སྐྱེ་དངོས་རྫས་སྦྱོར་གཞན་དུ་སྤྱོད་པའི་ནུས་པ་སྐྱེད་སྐྲུན་བྱེད། |
| ATP synthase ཨེ་ཊི་པི་སྦྱོར་སྨིན། | biol. An enzyme that catalyzes the synthesis of ATP from ADP and inorganic phosphate | ཨེ་ཌི་པི་དང་སྐྱེ་ལྡན་མིན་པའི་ཕོ་སི་ཕེཊ་གཉིས་སྤྱད་དེ་ཨེ་ཊི་པི་སྦྱོར་སྡེབ་བྱེད་པར་སྐུལ་མཁན་གྱི་སྨིན་རྫས་ཤིག |
| atonia རྐྱོང་ཞ། | biol. A weakness or lack of normal tone in a tissue or organ. | ཕུང་གྲུབ་བམ་དབང་པོ་ཞིག་གི་ནང་དུ་རྒྱུན་ལྡན་གྱི་འགྲོས་མེད་པའམ་རྒྱུན་ལྡན་གྱི་འགྲོས་ལ་སྐྱོན་ཤོར་བ། |
| atomizer ཟེགས་ཆས། | phys. A device for emitting water, perfume, or other liquids as a fine spray. | ཆུའམ། དྲི་ཞིམ། ཡང་ན་གཤེར་གཟུགས་གཞན་ཟེགས་མ་ཕྲ་མོའི་སྒོ་ནས་གཏོར་བྱེད་ཀྱི་ཡོ་ཆས། (ཟེགས་མ་བཟོ་བྱེད་ཀྱི་ཡོ་ཆས།) |
| Atomicity རྡུལ་འབོར། | phys. | |
| Atomic weight རྡུལ་ཕྲན་ལྗིད་ཚད། | phys. | |
| Atomic volume རྡུལ་བོངས། | phys. | |
| atomic theory རྡུལ་ཕྲན་གྱི་རྣམ་གཞག | phys. The theory that all matter is made up of tiny indivisible particles (atoms). According to modern interpretations of the theory, the atoms of each element are effectively identical, but differ from those of other elements, and unite to form compounds in fixed proportions. | དངོས་པོ་ཐམས་ཅད་ཆ་ཤས་ཡང་ཤས་སུ་བགོ་མི་ཐུབ་པའི་རྡུལ་ཕྲན་གྱིས་གྲུབ་པར་སྨྲ་བའི་རྣམ་གཞག རྣམ་གཞག་འདིའི་དེང་རབས་ཀྱི་འགྲེལ་སྟངས་ལྟར་ན་རྩ་རྫས་སོ་སོའི་རྡུལ་ཕྲན་ཕན་ཚུན་མཚུངས་ཤིང་རྩ་རྫས་གཞན་གྱི་རྡུལ་ཕྲན་ལས་མི་འདྲ་བ་ཡིན་པ་དང་། བསྡུར་ཚད་ངེས་ཅན་དུ་མཉམ་སྡེབ་ཀྱི་འདུས་རྫས་གྲུབ་ཀྱི་ཡོད། |
| atomic number རྡུལ་ཕྲན་རྟགས་གྲངས། རྡུལ་གྲངས། | phys. Number associated with an atom, equal to the number of protons in the nucleus, or, equivalently, to the number of electrons in the electron cloud of a neutral atom. | ལྟེ་རྡུལ་དུ་ཡོད་པའི་ཕོ་རྡུལ་གྱི་ཁ་གྲངས་དང་མཉམ་པའམ་ཡང་ན་འདི་དང་གཅིག་མཚུངས་སུ། ཁུར་མེད་རྡུལ་ཕྲན་ཞིག་གི་གློག་རྡུལ་གྱི་སྤྲིན་པའི་ནང་དུ་ཡོད་པའི་གློག་རྡུལ་གྱི་ཁ་གྲངས་དང་མཉམ་པའི་རྡུལ་ཕྲན་དང་འབྲེལ་བའི་གྲངས་ཀ་ཞིག |
| atomic nucleus རྡུལ་ཕྲན་གྱི་ལྟེ་རྡུལ། | phys. Positively charged center of an atom, containing protons and neutrons and almost the entire mass of the atom, but only a tiny fraction of its volume. | ཕོ་རྡུལ་དང་མ་ནིང་རྡུལ་བཅས་རྡུལ་ཕྲན་གྱི་གདོས་ཚད་ཕལ་ཆེ་བ་འདུས་མོད་བོངས་ཚད་ཀྱི་ཆ་ཤས་ཆུང་ངུ་ལས་མི་འཛིན་པའི་གློག་འཁུར་ཕོ་དང་ལྡན་པའི་རྡུལ་ཕྲན་གྱི་ལྟེ་བ། |
| atomic mass unit (AMU) ཨེ་མུ། | phys. Standard unit of atomic mass. It is based on the mass of the common carbon atom, which is arbitrarily given the value of exactly 12. An amu of 1 is one-twelfth the mass of this common carbon atom. | རྡུལ་ཕྲན་གྱི་གདོས་ཚད་ཀྱི་ཚད་ལྡན་བརྩི་གཞི། འདོད་དབང་ལྟར་ཨེ་མུ་ ༡༢ ཏག་ཏག་ཡིན་པར་བརྩིས་པའི་སྤྱིར་བཏང་གི་ཁར་སྦོན་གྱི་གདོས་ཚད་གཞི་ལ་བཞག་པ་ཞིག་ཡིན་ཞིང་། ཨེ་མུ་ ༡ ནི་སྤྱིར་བཏང་གི་ཁར་སྦོན་རྡུལ་ཕྲན་འདིའི་གདོས་ཚད་ཀྱི་བཅུ་གཉིས་ཆ་ཡི་གཅིག་ཡིན། |