Search:
TermEnglish DefinitionTibetan Definition
arthropod རྐང་ཚིགས་ཅན། biol. Any of numerous invertebrate animals having a segmented body, jointed legs and other appendages, and an external skeleton. Crustaceans, insects, arachnids, and centipedes are all arthropods. དུམ་བུར་ཆོད་པའི་ཕྱི་གཟུགས་དང་། སྦྲེལ་མཐུད་བྱས་པའི་རྐང་པ་དང་ཉིང་ལག། ཕྱིའི་རུས་ཀྲང་བཅས་ལྡན་པའི་སྒལ་རུས་མེད་པའི་སྲོག་ཆགས་གང་རུང་རུང་ཞིག་ལ་ཟེར། ཤུན་སྐོགས་ཅན་གྱི་སྲོག་ཆགས་དང་། འབུ་སྲིན། དུག་ཅན་འབུ་སྲིན། འབུ་རྐང་བརྒྱ་ལག་བརྒྱ་བཅས་ནི་རྐང་ཚིགས་ཅན་གྱི་སྲོག་ཆགས་རེད།
Artesian well ཨ་ཊི་ཝའི་ཁྲོན་པ། geology
Artesian basin ཨ་ཊི་ཝའི་ཆུ་གཤོངས། geology
artery འཕར་རྩ། biol. Any of the muscular elastic tubes that form a branching system and that carry blood away from the heart to the cells, tissues, and organs of the body. སྙིང་ནས་ཕྲ་ཕུང་དང་། ཕུང་གྲུབ། ལུས་པོའི་དབང་པོ་རྣམས་སུ་ཁྲག་སྐྱེལ་འདྲེན་བྱེད་མཁན་གྱི་ཉིང་ལག་མང་བའི་མ་ལག་གྲུབ་བྱེད་མཉེན་ཞིང་ཤ་སྒྲིམ་ཅན་གྱི་སྦུ་གུ་གང་རུང་རུང་ཞིག་ལ་གོ
arteriole འཕར་རྩ་ཕྲ་མོ། biol. A small artery (8-50 μm in diameter in humans) leading into capillaries. ཁྲག་རྩ་ཕྲ་མོར་མཐུད་པའི་འཕར་རྩ་ཆུང་ཆུང་(འགྲོ་བ་མིའི་ནང་དུ་ཚངས་ཐིག་ ༨-༥༠μm ཡིན་) ཞིག་ལ་ཟེར།
arterial stent འཕར་རྩའི་ལྕགས་ཐེམ། biol.
Arrector pili སྐྲ་གཟེང་ཤ་སྒྲིམ། biol. [སྐྲ་དང་བ་སྤུ་སོགས་གཟེང་བར་བྱེད་པའི་ཤ་སྒྲིམ།]
array གྲལ་ཕྲེང༌། phys. An ordered series or arrangement. གྲལ་དུ་སྒྲིག་པའི་བསྟར་རིམ་མམ་སྒྲིག་སྟངས་ལ་གོ
arousal སད་སློང། neurosci. The action or fact of arousing or being aroused. གྲུང་པོར་འགྱུར་བའམ་གྲུང་པོར་བཟོ་བའི་བྱ་བའམ་གནས་བབ།
Aromatic compound དྲི་ཅན་འདུས་རྫས། chem.
armature གློག་རྐང་། phys. Part of an electric motor or generator where an electromotive force is produce. Usually the rotating part. གློག་སྒུལ་འཕྲུལ་ཆས་སམ་གློག་འདོན་འཕྲུལ་ཆས་ཀྱི་གློག་རྒྱུན་སྒུལ་ཤུགས་བསྐྲུན་སའི་ཆ་ཤས། འཆར་ཅན་ལྟར་ན་སྐོར་བ་བྱེད་པའི་ཆ་ཤས་དེ་ཡིན།
Aristotelianism ཨེ་རི་སི་ཊོ་ཊལ་གྱི་རིང་ལུགས། phil. The philosophy of Aristotle and of those later philosophical movements based on his thought. ཨེ་རི་སི་ཊོ་ཊལ་གྱི་ལྟ་གྲུབ་དང་ཁོང་གི་བསམ་བློ་གཞིར་བཞག་པའི་ལྟ་གྲུབ་ཀྱི་འཕེལ་ཕྱོགས་ལ་གོ
Argumentationདགག་སྒྲུབ། Pedagog.
argument རྟགས་སྦྱོར། Phil.
argon གཉུག་རླུང་། རྩ་རྫས་ཨར་གོན། chem. The chemical element of atomic number 18, an inert gaseous element of the noble gas group. Argon is the commonest noble gas, making up nearly one per cent of the earth's atmosphere. རྡུལ་གྲངས་ ༡༨ ཡིན་པའི་སྙོམས་རླངས་རང་བཞིན་གྱི་རྩ་རྫས་ཏེ་བཟང་རླངས་སྡེ་ཚན་དུ་གཏོགས་པ་ཞིག གཉུག་རླུང་ནི་བཟང་རླངས་འབེལ་ཤོས་དེ་ཡིན་ཞིང་གོ་ལའི་རླུང་ཁམས་ཀྱི་བརྒྱ་ཆ་གཅིག་ཙམ་ཟིན་གྱི་ཡོད།