Search:
TermEnglish DefinitionTibetan Definition
antibiotic drug གཉན་འཇོམས་སྨན། chem. A very extensive range of drugs able to kill or prevent reproduction of bacteria in the body without killing the patient. ནད་པ་ལ་སྲོག་སྐྱོན་མི་བཟོ་བའི་སྒོ་ནས་ལུས་པོའི་ནང་གི་སྲིན་བུའི་འཚར་སྐྱེ་འགོག་ཐུབ་པའམ་སྲིན་བུ་གསོད་ཐུབ་པའི་སྨན་རྫས་སྣ་མང་ཞིག་ལ་གོ
antibiotic གཉན་འཇོམས། biol. A biochemical substance, often derived from a microorganism, used to combat infection by other microorganisms, especially bacteria. Penicillin is the most widely used antibiotic. སྲིན་བུ་ལྟ་བུའི་སྐྱེ་དངོས་ཕྲ་མོ་གཞན་གྱིས་རྐྱེན་བྱས་པའི་གཉན་ཁ་ལ་འཐབ་རྒོལ་བྱེད་ཕྱིར་སྤྱོད་པའི་སྐྱེ་དངོས་ཕྲ་མོ་ནས་བྱུང་བའི་སྐྱེ་དངོས་རྫས་སྦྱོར་གྱི་རྫས་ཤིག པེ་ནི་སི་ལིན་ནི་ཡོངས་གྲགས་སུ་རྒྱ་ཆེར་སྤྱོད་པའི་གཉན་འཇོམས་ཤིག་རེད།
antibacterial སྲིན་འཇོམས། biol. Destroying or inhibiting the growth of bacteria. སྲིན་བུའི་འཚར་འཕེལ་བཀག་འགོག་བྱེད་པའམ་རྩ་མེད་དུ་གཏོང་བ།
antiangiogenic therapy ཁྲག་རྩ་གསར་འགོག་གསོ་དཔྱད། biol. Antiangiogenesis therapy is one of two types of drugs in a new class of medicines that restores health by controlling blood vessel growth. ཁྲག་གི་རྩ་སྦུབས་ཀྱི་འཚར་འཕེལ་ལ་ཚོད་འཛིན་བྱེད་པ་ལ་བརྟེན་ནས་ལུས་ཁམས་གསོ་ཐབས་བྱེད་པའི་སྨན་བཅོས་ཀྱི་སྡེ་ཚན་གསར་པའི་སྨན་རྫས་རིགས་གཉིས་ཡོད་པའི་ནང་གི་གཅིག་ལ་གོ
anti-tumor སྐྲན་འཇོམས། biol. preventing or inhibiting the formation or growth of tumors སྐྲན་ཆགས་ཚུལ་ལམ་སྐྲན་གྱི་འཚར་འཕེལ་སྔོན་འགོག་བྱེད་པའམ་བཀག་འགོག་བྱེད་པ།
anti-social behavior སྤྱི་ཚོགས་འགལ་སྤྱོད། neurosci. Anti-social behavior is the conduct, demeanor, or attitude of a person which is inconsistent with the laws and order of an organized society. སྒྲིག་འཛུགས་ལྡན་པའི་སྤྱི་ཚོགས་ཤིག་གི་ཁྲིམས་དང་སྒྲིག་གཞི་བཅས་དང་འགལ་བའི་མི་ཞིག་གི་སྤྱོད་ལམ་མམ། རང་གཤིས་སམ། བསམ་བློའི་འཁྱེར་སོ་ལ་གོ
anti-realist ཕྱི་དངོས་འགོག་རྒོལ་བ། phil.
anti-realism ཕྱི་དངོས་འགོག་རྒོལ་རིང་ལུགས། phil. Anti-realism, in philosophy of science, is in opposition to realist assumptions that ‘real’ reality is apprehensible through sense (e.g., visual, auditory, tactile, gustatory) experience. བདེན་དོན་དངོས་ནི་དབང་ཚོར་(དཔེར་ན། མཐོང་ཚོར་དང་། ཐོས་ཚོར། རེག་ཚོར། རོ་ཚོར་ལྟ་བུ་) གྱི་ཉམས་མྱོང་བརྒྱུད་ནས་དབང་ཤེས་ཀྱིས་ཚོར་རུང་བར་འདོད་པའི་ཕྱི་དངོས་སྨྲ་བའི་འདོད་ཚུལ་ལ་དགག་པ་བྱེད་པའི་ཚན་རིག་ལྟ་གྲུབ་ཁྲོད་ཀྱི་རིང་ལུགས་ཤིག
anti-inflammatory རྨ་འཇོམས། biol. Preventing or reducing inflammation. ཚ་སྐྲང་ངམ་རྨ་སྔོན་འགོག་བྱེད་པའམ་ཇེ་ཉུང་དུ་གཏོང་བ།
anthropometry མིའི་ལུས་ཚད་རིག་པ། Biol.
anthropometric མིའི་ལུས་ཚད་ཀྱི། Biol.
anthropology མི་རིགས་རིག་པ། neurosci. The scientific study of the origin, the behavior, and the physical, social, and cultural development of humans. འགྲོ་བ་མིའི་ལུས་པོ་དང། སྤྱི་ཚོགས། རིག་གཞུང་བཅས་ཀྱི་འཕེལ་རྒྱས་དང་། འབྱུང་ཁུངས་དང་གཤིས་སྤྱོད་བཅས་ལ་ཚན་རིག་མཐུན་པའི་སྒོ་ནས་བརྟག་པའི་རིག་པ།
Anthropic Principle མི་གཙོ་རྩ་འཛིན། Biol.
anthrax ཨན་ཐེག་སྲིན་ནད། biol. A contagious and often fatal disease of animals, including humans, caused by the bacterium Bacillus anthracis. It is acquired by the inhalation of spores or through the skin. ཨེན་ཐེ་རེག་ནི་འགྲོ་བ་མི་ཐེ་བའི་སེམས་ཅན་རྣམས་ལ་ཨན་ཐེ་རེག་དབྱུག་སྲིན་གྱི་འབུ་ཕྲས་སྐྱེད་ཅིང་ སྐབས་མང་པོར་འཆི་སྐྱོན་འབྱུང་ཉེན་ཆེ་བའི་ནད་ཚབས་ཆེན་ཞིག། འདི་ནི་སོན་ཐལ་རྔུབ་འཐེན་བྱེད་པའམ། ཡང་ན་པགས་པ་བརྒྱུད་ནས་འགོ་ཡི་ཡོད།
antheridia (antheridium) ཟེ་དབང་། biol. The male sex organ of algae, mosses, ferns, fungi, and other non-flowering plants. ཆུ་བལ་དང་། གྲོག་ཤིང་། ལྡུམ་པོ་རེ་རལ། ཧམ་ཤ་བཅས་དང་། མེ་ཏོག་མེད་པའི་རྩི་ཤིང་གཞན་གྱི་ཕོའི་མཚན་མ་ལ་གོ