Search:
TermEnglish DefinitionTibetan Definition
Anaphylaxis ཚབས་ཆེའི་མི་འཕྲོད་ཉེས་སྐྱོན། biol.
anaphase གྱེས་ངོ་། biol. The phase of cell division in which the chromosomes move apart to form new nuclei. The movement is generated by the shortening of microtubules towards the spindles. ཚོས་གཟུགས་རྣམས་ཕྱོགས་ཐ་དད་དུ་འགུལ་སྐྱོད་བཏང་སྟེ་ལྟེ་རྡུལ་གསར་པ་འགྲུབ་པར་འགྱུར་བའི་ཕྲ་ཕུང་འབྱེད་རིམ་གྱི་རིམ་པ་ཞིག འགུལ་སྐྱོད་འདི་ནི་སྦུག་ཕྲན་རྣམས་ཕང་མའི་ཕྱོགས་སུ་ཇེ་ཐུང་དུ་སོང་བ་ལ་བརྟེན་ནས་འབྱུང་གི་ཡོད།
Anamorph ཆད་གཟུགས། ཆད་རིམ། biol. [ཆ་མ་རྫོགས་པའམ་ཆད་ལྷག་དང་བཅས་པའི་གཟུགས།] [ཆ་མ་རྫོགས་པའི་ཁམས་བྲལ་སྐྱེ་འཕེལ་རིམ་པ།]
Anamniote མངལ་སྐྱི་བྲལ་བའི་སྲོག་ཆགས། biol.
analyzer དབྱེ་ཞིབ་པ། phys.
analyze དབྱེ་ཞིབ་བྱེད་པ། sci. method To examine methodically by separating into parts and studying their interrelations. ཆ་ཤས་སོ་སོར་ཕྱེས་ཏེ་ཆ་ཤས་དེ་དག་དབར་གྱི་འབྲེལ་བའི་ཐོག་ལ་གོ་རིམ་ལྡན་པའི་སྒོ་ནས་བརྟག་པ།
analytical objectivity གཟུར་གནས་དབྱེ་ཞིབ། research
analytic studies དབྱེ་ཞིབ་ཞིབ་དཔྱད། དབྱེ་དཔྱད། biol.
analytic epidemiology ནད་ཡམས་དཔྱད་ཞིབ་རིག་པ། biol. Statistical analysis of epidemiological data in an attempt to establish relationships between causative factors and incidence of disease. ནད་སློང་རྐྱེན་གྱི་རྒྱུ་དང་ནད་ཀྱི་བྱུང་བ་གཉིས་དབར་གྱི་འབྲེལ་བ་གཏན་འབེབས་བྱེད་པའི་ཆེད་དུ་སྒྲུབ་པའི་ནད་ཡམས་ཀྱི་གྲངས་ཐོ་ཡི་རྣམ་གྲངས་དབྱེ་ཞིབ་ལ་གོ
analysis of variance (ANOVA) ཁྱད་གྲངས་དབྱེ་ཞིབ། (ཨེ་ནོ་ཝ།) research
analysis དབྱེ་ཞིབ། དཔྱད་ཞིབ། sci. method Detailed examination of the elements or structure of something. བྱ་དངོས་ཤིག་གི་གྲུབ་ཆའམ་སྒྲོམ་གཞི་ལ་ཞིབ་ཚགས་པོའི་སྒོ་ནས་སྒྲུབ་པའི་བརྟག་དཔྱད།
Analyser དཔྱད་ཆས། phys.
analogy བྱེད་མཐུན། biol. A similarity in function or behavior among organisms or their anatomical structures resulting from convergent evolution rather than common ancestry. ཐུན་མོང་གི་མེས་པོ་ནས་བྱུང་བ་མིན་པར་ཕྱོགས་མཐུན་པའི་འཕེལ་འགྱུར་ལ་བརྟེན་ནས་བྱུང་བའི་སྐྱེ་དངོས་མི་འདྲ་བའི་དབར་གྱི་བྱེད་ལས་སམ་གཤིས་སྤྱོད་ཀྱི་མཚུངས་ཆོས་སམ། དེ་དག་གི་ཕུང་གནས་ཀྱི་བཀོད་པའི་མཚུངས་ཆོས་ལ་གོ
analogous structure ལས་མཚུངས་བཀོད་པ། biol. A structure that compared with another has the same function but a different origin; analogous structures are e.g. the human eye and the eye of the octopus. འབྱུང་ཁུངས་མི་མཚུངས་མོད་བྱེད་ལས་མཚུངས་པའི་བཀོད་པ་ལ་གོ དཔེར་ན། མིའི་མིག་དང་མཚོ་འབུ་རྐང་བརྒྱད་ཀྱི་མིག་ལྟ་བུ་ནི་ལས་མཚུངས་བཀོད་པའི་དཔེ་ཡིན།
analogous ལས་མཚུངས་ཀྱི། biol.