| amylase enzyme ཨེ་མི་སྨིན་རྫས། | biol. Enzyme secreted by the salivary glands and pancreas that functions to begin the conversion of starch and glycogen into disaccharides during digestion. | མཆིལ་རྨེན་དང་གཤེར་རྨེན་གྱིས་གློད་གཏོང་བྱས་ཤིང་། ཟས་འཇུ་ལེན་གྱི་སྐབས་སུ་བག་ཚི་དང་མངར་སྐྱེད་རྣམས་ཀ་ར་ཉིས་ལྡན་དུ་བརྗེ་སྒྱུར་འགོ་འཛུགས་པར་བྱེད་པའི་སྨིན་རྫས་ལ་གོ། |
| amygdala ཁམ་ཙིག་ཀླད་ཞོ། | neurosci. An almond-shaped brain nucleus at the front of the temporal lobe. The amygdala is concerned with memory registration. | རྣ་ལྟག་འདབ་མའི་མདུན་ཕྱོགས་སུ་ཁམ་འབྲས་དབྱིབས་སུ་ཡོད་པའི་ཀླད་པའི་ཚོམ་བུ་ཞིག་ལ་ཟེར། ཁམ་ཙིག་ཀླད་ཞོ་ནི་དྲན་པ་ཐོ་འགོད་བྱེད་པ་དང་འབྲེལ་བ་ཡོད། |
| AMU ཨེ་མུ། | phys. Abbreviation for atomic mass unit. | རྡུལ་ཕྲན་གྱི་གདོས་ཚད་ཀྱི་བརྩི་གཞིའི་བསྡུས་ཡིག |
| Amputation ཡན་ལག་གཅོད་འབྲེག | biol. | |
| ampullae of Lorenzini ལོ་རན་ཛི་ནིའི་དམ་བེ། | biol. | |
| ampulla དམ་འདྲ། (དམ་བེ་འདྲ་བ།) | biol. A swelling of a canal or duct, shaped like a bottle | དབང་པོའི་བུ་གའམ་སྦུ་གུ་ཞིག་དམ་བེ་ཡི་དབྱིབས་སུ་མངོན་པའི་སྐྲངས་འབུར་ལ་གོ |
| amplitude modulation (AM) དཔངས་སྒྲིག | phys. Type of modulation in which the amplitude of the carrier wave is varied above and below its normal value by an amount proportional to the amplitude of the impressed signal. | སྟེང་དུ་བཀལ་བའི་བརྡ་འཕྲིན་གྱི་འདར་དཔངས་ལ་བསྟུན་ནས་འཁུར་རླབས་ཀྱི་འདར་དཔངས་དེ་རྒྱུན་ལྡན་གྱི་གྲངས་འབོར་ལས་ཆེ་ཆུང་གང་རུང་དུ་འགྱུར་བ་གཏོང་བའི་སྒྲིག་སྦྱོར་བྱེ་བྲག་ཅིག |
| amplitude འདར་རྒྱ། འགུལ་དཔངས། | phys. For a wave or vibration, the maximum displacement on either side of the equilibrium (midpoint) position. | རླབས་སམ་གཡོ་འགུལ་གྱི་དོ་མཉམ་པའི་གནས་ (དཀྱིལ་ཚེག་) ཀྱི་གཞོགས་གང་རུང་དུ་བྱུང་བའི་གནས་སྤོའི་བར་ཐག་ཆེ་ཤོས། |
| amplifier སྐྱེད་ཆས། | phys. An electronic device for increasing the amplitude of electrical signals, used chiefly in sound reproduction. | གློག་བརྡའི་འདར་དཔངས་ཇེ་མཐོ་རུ་གཏོང་བའི་གློག་ཆས་ཤིག་སྟེ། གཙོ་བོ་སྒྲ་བསྐྱར་བསྐྲུན་བྱེད་པར་སྤྱོད། |
| Ampicillin གཉན་འཇོམས་ཨེམ་པི་སི་ལིན། | Biol. | |
| amphipathic གཉིས་གཤིས་ཀྱི། | chem. Describing a molecule that has two groups with characteristically different properties, such as a detergent that has both a water-soluble (hydrophilic) polar end and a water-insoluble (hydrophobic) nonpolar end. | རང་གཤིས་ཀྱི་ཆ་ནས་ཁྱད་ཆོས་མི་མཐུན་པ་དང་ལྡན་པའི་སྡེ་ཚན་གཉིས་ཡོད་པའི་འདུས་རྡུལ་ཞིག་ལ་འགྲེལ་བཤད་བྱེད་པར་སྤྱོད། དཔེར་ན། འདག་རྫས་ལྟ་བུ་སྟེ། དེ་ལ་ཆུའི་ནང་དུ་བཞུ་ཐུབ་པའི་(ཆུ་མོས་རང་གཤིས་)མཐའ་སྣེ་ཞིག་དང། ཆུའི་ནང་དུ་བཞུ་མི་ཐུབ་པའི་(ཆུ་བཟློག་རང་གཤིས་) མཐའ་སྣེ་ཞིག་ཡོད་པ་ལྟ་བུ་ཡིན། |
| amphioxus མཚོ་འབུ་རྩེ་གཉིས། | biol. A popular name for the Branchiostoma, a family of small lance-shaped, translucent, boneless, fishlike animals. | བྷི་རན་ཁིཡོ་སི་ཊོ་མ་ཡི་ཡོངས་གྲགས་ཀྱི་མིང་ཞིག་སྟེ། མདུང་ཆུང་གི་དབྱིབས་ཅན་དང་ཕྱེད་དྭངས་གསལ་ཅན་ཞིག་ཡིན་པ། རུས་པ་མེད་ཅིང་། ཉ་དང་འདྲ་བའི་སྲོག་ཆགས་ཀྱི་ཁྱིམ་སྡེ་ཞིག་ཡིན། |
| Amphimixis འདུས་པའི་སྐྱེད་འཕེལ། | biol. | [ཁམས་རྫས་འདུས་པའི་སྐྱེད་འཕེལ།] |
| Amphiboles ཨེམ་ཧྥི་གཏེར་རྡོ། | chem. | |
| amphibian སྐམ་གཤེར་གཉིས་གནས། | biol. A type of animal that lives both on land and in water. | ཆུའི་ནང་དང་སའི་སྟེང་གཉིས་ཀར་འཚོ་གནས་བྱེད་པའི་སྲོག་ཆགས་ཀྱི་རིགས་ཤིག (ཐུན་མོང་གནས་མཁན། བོད་ཀྱི་སྨན་གཞུང་དུ་གསལ།) |