| amniote ཤ་མ་ཅན། | biol. Any of numerous vertebrates of the group Amniota, characteristically having an amnion during embryonic development and including the reptiles, birds, and mammals. | མངལ་གནས་འཚར་འཕེལ་གྱི་སྐབས་སུ་འགོ་ཆུའི་ནང་ཤུན་དང་ལྡན་པའི་སྒལ་རུས་ཅན་གྱི་སྲོག་ཆགས་ཤ་མ་ཅན་གྱི་སྡེ་རུ་གཏོགས་པ་གང་རུང་རུང་ལ་ཞིག་གོ་ཞིང་། ལྟོ་འགྲོའི་སྲོག་ཆགས་དང་། བྱ། ནུ་གསོས་སྲོག་ཆགས་རྣམས་འདིའི་ཁོངས་སུ་གཏོགས། |
| amnion མངལ་སྐྱི། (འགོ་ཆུའི་ནང་ཤུན།) | biol. A thin membrane forming a closed sac about the embryos and fetuses of reptiles, birds, and mammals and containing the amniotic fluid called also amniotic sac. | ལྟོ་འགྲོའི་སྲོག་ཆགས་དང་། འདབ་ཆགས། ནུ་གསོས་སྲོག་ཆགས་བཅས་ཀྱི་སྦྲུམ་སྲིང་དང་མངལ་གནས་ཀྱི་མཐའ་རུ་བཏུམ་པའི་སྐྱི་ཁུག་གྲུབ་བྱེད་ཀྱི་ཤུན་པ་སྲབ་མོ་ལ་གོ་ཞིང་དེའི་ནང་དུ་འགོ་ཆུ་ཡོད་པ་ཡིན། འདི་ལ་འགོ་ཆུའི་ཤུན་པ་ཞེས་ཀྱང་བརྗོད། |
| amniocentesis ཤ་མ་བཙག་དཔྱད། | biol. A procedure in which a small sample of amniotic fluid is drawn out of the uterus through a needle inserted in the abdomen. The fluid is then analyzed to detect genetic abnormalities in the fetus or to determine the sex of the fetus. | (སྦྲུམ་མ་ཞིག་གི་)ལྟོ་བའི་ནང་དུ་ཁབ་བཙུགས་ཏེ་བུ་སྣོད་ནས་འགོ་ཆུའི་དཔེ་ཚད་ཉུང་ངུ་ཞིག་ཕྱིར་འདོན་པའི་བྱ་བའི་རྒྱུད་རིམ་ཞིག་ལ་ཟེར། གཤེར་ཁུ་དེར་བརྟག་ཐབས་བྱས་ནས་སྦྲུམ་སྲིང་གི་རིགས་རྫས་ལ་སྐྱོན་ཡོད་མེད་བརྟག་པ་དང་། སྦྲུམ་སྲིང་དེའི་ཕོ་མོའི་རྟགས་མཚན་ཐག་གཅོད་པར་བྱེད། |
| amnesia དྲན་འཛིན་ཉམས་ནད། | neurosci. Loss of memory as a result of brain injury or deterioration, shock, fatigue, senility, drug use, alcoholism, anesthesia, illness, or neurotic reaction. | ཀླད་པའི་རྨས་སྐྱོན་ནམ་ཉམས་སྐྱོན། ཧོན་འཐོར་བའམ། ངལ་དུབ། རྒས་གཅོང་། མྱོས་རྫས་བེད་སྤྱོད། ཆང་རག་ལངས་ཤོར། སྦྲིད་པ། ན་ཚ། ཡང་ན་དབང་རྩ་འཁྲུགས་པའི་ནད་ལ་བརྟེན་ནས་དྲན་པ་ཉམས་པ་ལ་ཟེར། |
| Ammonium chloride ཟེ་ཚྭ། | chem. | |
| ammonites མཉྫིར། | biol. Any of various extinct mollusks having a coiled shell resembling the shell of a nautilus. Ammonites were especially abundant during the Mesozoic Era and are often found as fossils. | འགྲོམས་བུའི་ཕྱི་སྐོགས་དང་འདྲ་བའི་དཀྲིས་སྐོགས་དང་ལྡན་པའི་སྟོང་ཟིན་པའི་ལུས་སྙི་སྣ་ཚོགས་ཡོད་པའི་ཁྲོད་ཀྱི་ཅི་རིགས་པ་ཞིག་གོ བར་བསྐལ་གྱི་སྐབས་སུ་མཉྫིར་ལྷག་པར་དུ་ཕོན་ཆེ་བྱུང་ཞིང། འགྱུར་རྡོའི་ནང་དུ་མང་དུ་རྙེད་སོན་བྱུང་ཡོད། |
| Ammonia ཨེ་མོ་ནི་ཡ། ཟེ་ཚྭའི་རླུང་། | chem. | [ཟེ་ཚྭ་དང་བུལ་ཚྭ་རྣོན་པོ་བསྲེས་སྦྱོར་ལས་བྱུང་བའི་རླུང་།] |
| Ammonia clock ཨེ་མོ་ནི་ཡ་ཆུ་ཚོད། | phys. | |
| ammeter གློག་རྒྱུན་འཇལ་ཆས། (ཨེམ་མི་ཊར།) | phys. A device that measures current. See galvanometer. | གློག་རྒྱུན་འཇལ་བའི་ཡོ་ཆས་ཤིག གྷལ་ཝི་ནོ་འཇལ་ཆས་ལ་གཟིགས། |
| Aminopeptidase ཨེ་མི་ནོ་སྤྲི་གཅོད་སྨིན་རྫས། | biol. | |
| Amino sugar ཨེ་མི་ནོ་མངར་རྫས། | biol. | |
| amino group ཨེ་མི་ནོ་རུ་ཁག། | chem. The univalent group of one nitrogen atom and two hydrogen atoms, -NH2; the essential component of amino acids. | ནེ་ཊྲོ་ཇེན་རྡུལ་ཕྲན་གཅིག་དང་ཡང་རླུང་རྡུལ་ཕྲན་གཉིས་ཀྱིས་གྲུབ་ཅིང་འཆིང་སྦྱོར་བྱེད་ས་གཅིག་དང་ལྡན་པའི་རྡུལ་ཚོགས་ཤིག་སྟེ། -NH2 ཨེ་མི་ནོ་སྐྱར་རྫས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། |
| amino acid derivatives ཨེ་མི་ནོ་སྐྱུར་རྫས་ལས་བྱུང་བའི་རྫས། | chem. | |
| amino acid ཨེ་མི་ནོ་སྐྱུར་རྫས། | chem. A building block of proteins. There are about 20 amino acids and protein-coding DNA tells the cellular machinery which amino acids to use to build a particular protein. | སྤྲི་རྫས་ཀྱི་གཞི་རྩའི་གྲུབ་ཆ་ཞིག ཨེ་མོ་ནོ་སྐྱུར་རྫས་ཁྱོན་བསྡོམས་ ༢༠ ཙམ་ཡོད། སྤྲི་རྫས་ངེས་ཅན་ཞིག་བཟོ་བར་ཨེ་མི་ནོ་སྐྱུར་རྫས་གང་ཞིག་སྤྱོད་དགོས་མིན་ནི་སྤྲི་རྫས་ཀྱི་བརྡ་སྒྲིག་བྱེད་མཁན་ཌི་ཨེན་ཨེ་ཡིས་ཕྲ་ཕུང་གི་འཕྲུལ་ལག་ལ་བརྡ་ལན་གཏོང་གི་ཡོད། |
| amine ཨ་མིན། | chem. An organic compound derived from ammonia by replacement of one or more hydrogen atoms by organic groups. | ཟེ་ཚྭའི་རླངས་རླུང་གི་ཡང་རྡུལ་གཅིག་གམ་དུ་མ་སྐྱེ་ལྡན་སྡེ་ཚན་གྱིས་བརྗེ་ཚབ་བྱས་པ་ལས་གྲུབ་པའི་སྐྱེ་ལྡན་འདུས་རྫས་ཤིག |