Search:
TermEnglish DefinitionTibetan Definition
analyze དབྱེ་ཞིབ་བྱེད་པ། sci. method To examine methodically by separating into parts and studying their interrelations. ཆ་ཤས་སོ་སོར་ཕྱེས་ཏེ་ཆ་ཤས་དེ་དག་དབར་གྱི་འབྲེལ་བའི་ཐོག་ལ་གོ་རིམ་ལྡན་པའི་སྒོ་ནས་བརྟག་པ།
analytical objectivity གཟུར་གནས་དབྱེ་ཞིབ། research
analytic studies དབྱེ་ཞིབ་ཞིབ་དཔྱད། དབྱེ་དཔྱད། biol.
analytic epidemiology ནད་ཡམས་དཔྱད་ཞིབ་རིག་པ། biol. Statistical analysis of epidemiological data in an attempt to establish relationships between causative factors and incidence of disease. ནད་སློང་རྐྱེན་གྱི་རྒྱུ་དང་ནད་ཀྱི་བྱུང་བ་གཉིས་དབར་གྱི་འབྲེལ་བ་གཏན་འབེབས་བྱེད་པའི་ཆེད་དུ་སྒྲུབ་པའི་ནད་ཡམས་ཀྱི་གྲངས་ཐོ་ཡི་རྣམ་གྲངས་དབྱེ་ཞིབ་ལ་གོ
analysis of variance (ANOVA) ཁྱད་གྲངས་དབྱེ་ཞིབ། (ཨེ་ནོ་ཝ།) research
analysis དབྱེ་ཞིབ། དཔྱད་ཞིབ། sci. method Detailed examination of the elements or structure of something. བྱ་དངོས་ཤིག་གི་གྲུབ་ཆའམ་སྒྲོམ་གཞི་ལ་ཞིབ་ཚགས་པོའི་སྒོ་ནས་སྒྲུབ་པའི་བརྟག་དཔྱད།
Analyser དཔྱད་ཆས། phys.
analogy བྱེད་མཐུན། biol. A similarity in function or behavior among organisms or their anatomical structures resulting from convergent evolution rather than common ancestry. ཐུན་མོང་གི་མེས་པོ་ནས་བྱུང་བ་མིན་པར་ཕྱོགས་མཐུན་པའི་འཕེལ་འགྱུར་ལ་བརྟེན་ནས་བྱུང་བའི་སྐྱེ་དངོས་མི་འདྲ་བའི་དབར་གྱི་བྱེད་ལས་སམ་གཤིས་སྤྱོད་ཀྱི་མཚུངས་ཆོས་སམ། དེ་དག་གི་ཕུང་གནས་ཀྱི་བཀོད་པའི་མཚུངས་ཆོས་ལ་གོ
analogous structure ལས་མཚུངས་བཀོད་པ། biol. A structure that compared with another has the same function but a different origin; analogous structures are e.g. the human eye and the eye of the octopus. འབྱུང་ཁུངས་མི་མཚུངས་མོད་བྱེད་ལས་མཚུངས་པའི་བཀོད་པ་ལ་གོ དཔེར་ན། མིའི་མིག་དང་མཚོ་འབུ་རྐང་བརྒྱད་ཀྱི་མིག་ལྟ་བུ་ནི་ལས་མཚུངས་བཀོད་པའི་དཔེ་ཡིན།
analogous ལས་མཚུངས་ཀྱི། biol.
analog watch མདའ་སྟོན་ཆུ་ཚོད། phys. A watch of the traditional type, in which time is represented by the position of hands that rotate on a dial, rather than by a numerical display. དུས་ཚོད་ནི་གྲངས་ཀས་སྟོན་པ་མ་ཡིན་པར་ཆུ་ཚོད་ཀྱི་ངོས་སུ་ཡོད་པའི་མདའ་ཡིས་སྟོན་པར་བྱེད་པའི་སྲོལ་རྒྱུན་གྱི་ཆུ་ཚོད་ཅིག [མདའ་མོས་དུས་སྟོན་པར་བྱེད་པའི་ཆུ་ཚོད།]
analog signal མཐུན་བརྡ། phys. Signal based on a continuous variable, as opposed to a digital signal made up of discrete quantities. དུམ་ཚན་གྱི་འབོར་ཚད་ཀྱིས་གྲུབ་པའི་གྲངས་བརྡ་ལས་ལྡོག་སྟེ་རྒྱུན་མཐུད་པའི་འགྱུར་གྲངས་ལ་བརྟེན་པའི་བརྡ་འཕྲིན།
Analgesia ཟུག་བེམ། neurosci. [ན་ཟུག་མི་ཚོར་བའི་བེམ་པ།]
Anaerobic respiration རླུང་བྲལ་ནུས་སྐྲུན། biol. (འཚོ་རླུང་བྲལ་བའི་ནུས་སྐྲུན།)
anaerobic respiration རླུང་མེད་ནུས་སྐྲུན། (འཚོ་རླུང་བྲལ་བའི་འབྱིན་རྔུབ་བྱ་བ།) biol. A type of cell respiration that takes place in ANAEROBES, and in which energy is released from glucose and other foods without the presence of oxygen. འཚོ་རླུང་མི་དགོས་པའི་སྐྱེ་དངོས་རྣམས་ཀྱི་ནང་དུ་འབྱུང་བའི་ཕྲ་ཕུང་གི་འབྱིན་རྔུབ་ཀྱི་རིགས་ཤིག འདིའི་སྐབས་སུ་འཚོ་རླུང་མི་དགོས་པའི་ཐོག་ནས་སྒུ་ལུ་མངར་རྫས་དང་ཟ་མ་གཞན་ནས་ནུས་ཤུགས་གློད་གཏོང་བྱེད་ཀྱི་ཡོད།