| aluminum foil ཧང་ཤོག | phys. A thin aluminum sheet, widely used as a food wrapping, cooking sheet, and insulation backing. | བཟའ་ཆས་བཏུམ་པ་དང་། ཟ་མ་བཟོ་བ། བར་འཚང་ལ་རམ་འདེགས་བྱེད་པ་བཅས་ལ་ཡོངས་གྲགས་སུ་བེད་སྤྱོད་བྱེད་པའི་ཧ་ཡང་གི་ཤོག་བུ་སྲབ་མོ་ཞིག་ལ་ཟེར། (ཧ་ཡང་གི་ཤོག་བུ་ཞེས་པའི་བསྡུས་ཚིག) |
| Altruistic tendency གཞན་ཕན་བསམ་གཤིས། | SEE Learning | |
| altruism གཞན་ཕན་གྱི་བསམ་པ། | neurosci. Disinterested and selfless concern for the well-being of others. | གཞན་གྱི་བདེ་ཐབས་ལ་དམིགས་པའི་ཕྱོགས་རིས་མེད་ཅིང་རང་དོན་བློས་གཏོང་གི་གཞན་ཕན་སེམས་འཁུར། |
| alternator སྤེལ་གློག་སྐྲུན་ཆས། | phys. A generator of alternating current. | སྤེལ་རྒྱུག་གློག་རྒྱུན་སྐྲུན་ཆས་ཤིག |
| Alternative splicing རྣམ་མང་སྦྱོར་འབྱེད། | biol. | [རྣམ་པ་མང་བའི་སྦྱོར་འབྱེད།] |
| Alternative Hypothesis དགག་ཕྱོགས་ཚོད་གཞག ཚོད་གཞག་གཞན། | Res. | |
| alternation of generations སྐྱེ་རབས་འཕོ་སྤེལ། | biol. The regular alternation of forms or of mode of reproduction in the life cycle of an organism, such as the alternation between diploid and haploid phases, or between sexual and asexual reproductive cycles. | སྐྱེ་དངོས་ཤིག་གི་ཚེ་རྒྱུན་འཁོར་ལོའི་ནང་གི་སྐྱེ་འཕེལ་བྱེད་རིམ་གྱི་ཚུལ་ལམ་ངོ་བོ་ཡི་རྒྱུན་ལྡན་གྱི་འཕོ་སྤེལ་ལ་ཟེར། དཔེར་ན། ཆ་རྐང་དང་ཡ་རྐང་དབར་གྱི་འཕོ་སྤེལ་ལམ། ཡང་ན། ཁམས་འདུས་དང་ཁམས་བྲལ་སྐྱེད་འཕེལ་འཁོར་ལོ་གཉིས་དབར་གྱི་འཕོ་སྤེལ་ལྟ་བུའོ།། |
| alternating current (AC) སྤེལ་རྒྱུག་གློག་རྒྱུན། སྤེལ་གློག | phys. Electric current that rapidly reverses in direction. The electric charges vibrate about relatively fixed positions, usually at the rate of 60 Hz. | སྐྱེན་པོའི་ངང་ཁ་ཕྱོགས་ལྡོག་པའི་གློག་རྒྱུན། ལྟོས་བཅས་ཀྱི་བརྟན་པོ་ཡིན་པའི་གནས་ས་ཞིག་གི་ཁུལ་དུ་གློག་ཁུར་གྱིས་སྤྱིར་བཏང་འདར་ཚད་ཧར་ཚི་ ༦༠ ཡི་སྒོ་ནས་འདར་འགུལ་བྱེད། |
| Alternating attention སྤེལ་འཇུག་ཡིད་བྱེད། | SEE Learning | [སྤེལ་མར་འཇུག་པའི་ཡིད་བྱེད།] |
| altered states of consciousness གྱུར་ཤེས། (འགྱུར་བ་ཐེབས་པའི་ཤེས་པ།) | neurosci. Any mental condition that varies from an individual’s normal state of awareness, such as may be produced by a dream, hypnosis, meditation, hallucination, sensory deprivation, or intoxication by drugs or alcohol. | གང་ཟག་ཅིག་གི་རྒྱུན་ལྡན་གྱི་ཤེས་པ་དང་མི་མཚུངས་པའི་སེམས་ཀྱི་གནས་བབ་གང་རུང་ལ་གོ་ཞིང་། འདི་ལྟ་བུ་ནི་གཉིད་དམ། གཉིད་འབེབས། སྒོམ། འཁྲུལ་སྣང་། དབང་ཚོར་ཉམས་པ། ཡང་ན། མྱོས་རྫས་དང་ཆང་གིས་ར་བཟི་བ་བཅས་ལ་བརྟེན་ནས་སྐྱེད་སྲིད་པ་ཡིན། |
| Alpha-naphthol test ཨལ་ཕ་ནེབ་ཐོལ་བརྟག་དཔྱད། | biol. | |
| alpha wave ཨལ་ཕ་རླབས། | neurosci. A periodic variation in the electrical potential of the normal cerebral cortex with a frequency about 8 to 12 hertz in the resting state. | སྤྱིར་བཏང་གི་ཀླད་ཆེན་ཀླད་ཤུན་གྱི་གློག་རའི་ལས་ནུས་ཀྱི་རྒྱུན་འཁོར་འགྱུར་ལྡོག་ཅིག་ལ་གོ་ཞིང་། ངལ་གསོ་བའི་གནས་སྐབས་སུ་ཟློས་ཕྱོད་ཧར་ཚི་ ༨ ནས་ ༡༢ བར་ཡིན། |
| Alpha Value ཨལ་ཕ་གྲངས་ཐང་། | Res. | |
| alpha rhythm ཨལ་ཕ་འགྲོས། | neurosci. The waveforms of the electroencephalogram that occur at a frequency of 8-12 hertz in the normal relaxed adult. | ལྷོད་པོར་གནས་པའི་སྤྱིར་བཏང་གི་དར་མ་ཞིག་གི་ཀླད་པའི་ནང་དུ་ཟློས་ཕྱོད་ཧར་ཚི་ ༨-༡༢ ཡིན་པའི་སྒོ་ནས་འབྱུང་བའི་ཀླད་རྩའི་གློག་རིས་ཀྱི་རླབས་རིས་དེ་ལ་གོ |
| alpha ray ཨལ་ཕ་འཕྲོ་ཟེར། | phys. Stream of alpha particles (helium nuclei) ejected by certain radioactive nuclei. | འགྱེད་འཕྲོའི་རང་བཞིན་ཅན་གྱི་ལྟེ་རྡུལ་ངེས་ཅན་ཞིག་ནས་མཆེད་ཡོང་བའི་ཨལ་ཕ་རྡུལ་ (ཧི་ལི་ཡམ་གྱི་ལྟེ་རྡུལ་) གྱི་རྒྱུན། |